transcription
stringlengths
3
2.37k
id
stringlengths
48
63
mw_id
stringclasses
14 values
technology
stringclasses
2 values
script
stringclasses
2 values
script_4
stringclasses
7 values
image
imagewidth (px)
807
11.4k
དྲག་ཤུགས་སྟོབས་དང་ལྡན། སོ་སེན་བ་སྤུ་ཤུན་པ་བརྗེས་པ་དང་། སྣང་བའི་ཡུལ་ལ་ཟང་ཐལ་ནུས་པ་དང་། གནས་ལ་མ་སོང་རིག་ མེད་ཕྱིན་པ་དང་། དངོས་མེད་སེམས་སྟོང་འོད་དུ་གྱུར་པར་འབྱུང་། ངག་གི་དྲོད་ཚད་སྨྲ་བརྗོད་རྩོལ་བ་བྲལ། གཏམ་ཚད་ལྡན་པའི་དོན་དམ་བོན་དུ་སྨྲ། འདོད་སྲེད་ འཇིག་རྟེན་འཁྲུལ་གཏམ་གླེང་མོ་མེད། བཀའ་ལ་མི་དྲང་ལྟ་ཚིག་རྒྱུན་དུ་སྨྲ། ལུང་ལ་མ་བརྟ...
202604:Kurt:IE19674_MA:VE2107_MA:v2:21070257.tif
MW19674
manuscript
ume
danyig_pedri
ཞེས་པའོ། དོན་ནི་གཙོ་བོར་རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལམ་རྩོལ་བ་ཡིན་པར་རྩོལ་མེད་ཅོག་བཞག་གི་ལམ་རྒྱུད་ཀྱི་བྱེད་ལས། གཞི་རྒྱུད་རང་བྱུང་བྱང་ཆུབ་ཀྱི་སེམས་ཀྱི་སྒྲིབ་པའི་དྲི་མ་མ་ལུས་པ་བསལ་ནས་འབྲས་བུ་རྒྱུད་དུ་མཐར་ཕྱིན་ཏེ། གློ་བུར་གྱི་དྲི་མའི་ཟག་པ་ མཐར་ཐུག་མངོན་པར་ཟད་པའི་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཀྱི་སྐུ་མངོན་དུ་གྱུར་ནས་...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8741166.jpg
MW3PD439
manuscript
ume
gyuyig_tsugdri
གྱེར་སྤུངས་དུ་སམ་ཁ་ཧཱི།། ཞེས་བརྗོད་ལ་དབུལ་ལོ།། དེ་ནས་རག་ཏ་བྱིན་གྱིས་བརླབས་ཏེ་སྣོད་དང་སྦྱང་བ་རྣམ་བརྒྱད་གོང་ལྟར་ལ། སྤེལ་བ་ནི།། །།མ་ཨ་ཨཱོཾ་ ཧཱུྃ ཞེས་བརྗོད་པས མདུན་གྱི་ཨ༴ ་ལས་མ་ཞིག་འཕྲོས་ནས་དམར་མཆོད་ལ་ཕོག དེ་ལས་འོད་འཕྲོས་སྟོང་གསུམ་སྲིད་གསུམ་ཁམས་གསུམ་སེམས་ཅན་སྐྱེ་འགྲོ་ ཀུན་གྱི་དུག་གསུམ་རྩད་ནས་བཅད་པའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མ...
202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180116.jpg
MW3KG550
manuscript
ume
multi-script
༼ཡེ་ཤེས་༽མ་གཏོགས་མེད་པས་ ༼སྤྱི་བླུག་༽ཉོན་མོངས་པ་འདོད་ཆགས་ལ་སོགས་པའི་རང་རྒྱུད་ལ་ཤོག་གུ་སྣུམ་ཐིག་ཐེབ་པ་ལྟར་བག་ཉལ་ཚུལ་དུ་ཡོད་པས། ཉོན་མོངས་པ་འདོད་ཆགས་ལྟ་བུ་ཡིན་ན་དེ་ཉིད་སྐྱེ་བའི་རྐྱེན་བུད་མེད་དང་འཕྲད་པའི་དུས་ཉོན་མོངས་པ་འདོད་ཆགས་ཡར་སློང་ནས་མངོན་གྱུར་པ་སྐྱེ་བ་དཔེར་ན་ བུད་ཤིང་མེ་སྦར་བ་བཞིན། ཉོན་མོངས་པ་ཐམས་ཅད་རང་བཞིན་མ་གྲུབ་པ...
202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200242.jpg
MW8LS16909
manuscript
ume
danyig_pedri
བུ་སྟ་གྲི་ཞགས་པ་བཟུང་༔ཆུང་སྲི་མི་ཟན་འདྲེ་རུ་རྫུས༔བྱིས་པ་ཆུང་དར་གཞོན་གསུམ་གཤེད༔མི་ནོར་ཆུང་ངུའི་སྲོག་གི་བདུད༔ ཟ་འདྲེ་དབུགས་ལེན་སྐྱེ་རྒྱུད་བཅད༔འཁོར་དུ་གདོན་ཆེན་བཅོ་ལྔ་དང༔འབྲོག་མ་མ་བུ་ལྔ་བརྒྱ་དང་༔ཡི་དྭགས་བགེགས་རིགས་ བརྒྱད་ཁྲིས་བསྐོར༔མི་སྐྱེ་བ་ལ་སྐྱེ་བ་བྱེད༔སྐྱེ་བ་ཆུང་སྲི་ཟས་སུ་ཟ༔ཡ་མ་ནག་པོའི་རྒྱུད་པ་བཅས༔དེ་བས་ཆུང་སྲི་ གནོད་...
202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920484.tif
MW30498
manuscript
ume
druma
མེད་པ་དབྱིངས་རིག་གི་སྣང་བ། །ཆེས་ཆེར་འཕེལ་ནས་ཉམས་སྣང་གོང་འཕེལ་དུ་འགྱུར་ཞིང་། །འོད་ལྔའི་དཀྱིལ་འཁོར་ཡིག་འབྲུ་ཕྱག་ མཚན་དང་ལྷ་སྐུ། །སྐུ་ཕྱེད་སྐུ་རྐྱང་ཡབ་ཡུམ་རྒྱན་རྫོགས་དང་རིགས་ལྔ། །ཚད་ཕེབས་སྣང་བ་ཤར་ནས་འཁྲུལ་པ་ཀུན་ཟད་ཅིང་། །རིག་ པ་ནང་དབྱིངས་ནུབ་པ་གཞོན་ནུ་ཡི་བུམ་སྐུ། །བོན་ཉིད་ཟད་པ་ཞེས་པའི་ཐ་སྙད་དུ་གདགས་པ། །ཕུང་པོ་འཇའ་ལུས་ཡལ་བ...
202604:Kurt:IE30498_MA:VE1CZ4824_MA:v2:I1CZ48240174.tif
MW30498
manuscript
ume
danyig_pedri
ཡིད་སྲུབ་སྡེ་བཅས་མཐར་བྱེད་ཕུར་གཤིན་གྱི་ལས་སྦྱོར། །ཡུལ་ལུང་དཀར་ཕྱོགས་སྤེལ་བའི་བསྙེན་བསྙུང་དང་ཡིག་ དྲུག །ཞི་བདེའི་མདོས་དང་བསང་བརྔན་གསུང་རབ་ཀྱི་བཀླག་འདོན། །དེ་སོགས་གང་ལ་གང་འཚམས་སྤེལ་སྐྱོང་ནི་མཛད་ཅིང་། །བསྟན་ འགྲོའི་དོན་ཆེན་འགྲུབ་ན་མདོ་དོན་ནི་དེ་ཡིན། །འདི་དག་རང་ཉིད་བླང་དོར་གནས་ལ་ནི་རྨོངས་ཡང་། །སྟོན་ཟླ་ལྟ་བུའི་ལྷག་བསམ་རྣམ་ད...
202604:Kurt:IE30498_MA:VE1CZ4824_MA:v2:I1CZ48240177.tif
MW30498
manuscript
ume
danyig_pedri
སྔོན་མོའི་ཤམ་ཐབས་ཅན། ཆིབས་སུ་ཆུ་སྲིན་པིར་ལ་བཅིབ། གཡས་{497}ན་གཡུ་ཡི་དྲིལ་ཞགས་བསྣམས། གཡོན་ན་མདུང་མོ་མཚམས་རིང་ལ། བ་དན་སྔོན་ པོ་ཕྱ་ར་ར། འཁོར་དུ་སྔོན་མོ་འབུམ་གྱིས་བསྐོར། ཡང་འཁོར་མཚོ་སྨན་འབུམ་གྱིས་བསྐོར། ཤར་ཕྱོགས་དམག་རིགས་འབུམ་དང་བཅས། དམག་ དཔོན་ཆེན་མོ་བྱིན་གྱིས་དཔལ། བྱིན་དང་ཆས་ཏེ་གཤེགས་སུ་གསོལ། དམག་སྣ་དགྲ་དང་བགེགས་ལ་དྲོངས། ད...
202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180485.jpg
MW3KG550
manuscript
ume
druma
གདུང་རུས་སྟོང་པ། གཉིས་པ་ལས་འཕྲོ་དང་སྐལ་པར་ལྡན་པས། བཀའ་དྲིན་ ཅན་གྱི་བླ་མ་དང་ཅི་ལྟར་མཇལ་ན། སྤྱིར་ཆུང་ཆུང་ནས་བོན་ཕྱོགས་མེད་ལ་མོས་ཤིང་། འབྲི་འདོན་ ཀློག་གསུམ་མང་པོ་བྱས། སྒོམ་ཆེན་གྱི་བོན་ལ་མོས་པ་ཞིག་ཡོད་པ་ལ། ཁྱད་པར་གུ་གེ་ཤེས་རབ་ བློ་ལྡན་གྱི་དྲུང་དུ། བཀའ་རྒྱུད་བཞི་སྐོར་མན་ངག་ངོ་སྤྲོད་དང་བཅས་པ་ཞུས། གསུམ་པ་ས་གནས་ ཁྱད་པར་ཅན་གང་ད...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620503.jpg
MW4CZ332378
manuscript
ume
danyig_pedri
ཐབས་ཁྱད་དུ་བསད་པའི་ཤེས་རབ་དེ་ནི་ངན་སོང་གི་རྒྱུ་ལས་གར་ཡང་མི་ཕྱིན་པས་དེས་ན་ལམ་ཟབ་མོ་ཉམས་སུ་བླང་སྟེ་ཚེ་ལུས་འདི་རུ་འཚང་ རྒྱས་བསྒྲུབ་པའི་དགོས་པའང་གཞན་དོན་ལ་དམིགས་པ་ཅན་ཡིན་ཏེ། རང་འདོད་ཁོ་ནས་ནི་བྱང་ཆུབ་འགྲུབ་པ་ནི་མི་སྲིད་དོ། དེས་ན་ཐབས་བྱང་ཆུབ་སེམས་ ཇི་ལྟར་བསྟེན་ན། ད་རེས་ཚེ་ལུས་གཅིག་པོ་འདི་ལ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་ཏེ་...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8740818.jpg
MW3PD439
manuscript
ume
gyuyig_tsugdri
དེ་བཞིན་དུ་ངོས་གཉིས་ན་གནས་པའི་རྣལ་འབྱོར་མ་གཉིས་པོ་ཡང་ཞལ་དུ་འཇུག་པར་བསྒོམ་པར་བྱའོ།། དེ་ནས་གཡོན་ངོས་ན་བཞུགས་པའི་ལྷ་མོ་རྡོ་རྗེ་རབ་སྔགས་མ་མདོག་ལྗང་ཀུ་དང་།། གཡས་ཀྱི་ཆར་ བཞུགས་པའི་ལྷ་མོ་རྡོ་རྗེ་རྣམ་སྣང་མཛད་མ་མདོག་སེར་མོ་སྟེ། གཡོན་དུ་ནི་གཡོན་དང་། གཡས་པས་གྲི་ཁུག་དང་ཐོད་པ། གཡས་སུ་ནི་གཡས་པ་དང་། གཡོན་པས་གྲི་ཁུག་དང་ཐོད་པ་འཛིན་ པ། ...
202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740023.jpg
MW8CZ226
manuscript
ume
druma
༄༅། །ཞེ་ན། རིམ་པ་བཞིན་ཞེས་པ་ལསྭོ་པ་སྟེ། བསྙན་རྒྱུད་ཀྱི་གདམ་ངག་ཡིན་པར་བསྟན་པས་རང་དགའ་སྤང་བའོ། བརྗོད་ཞེས་པ་ནི་བཤད་པར་དམ་བཅའ་བའོ། བཏུ་བའི་ གཞི་འཆད་པ་ལ་སྔར་བརྗོད་པ་ལྟ་བུའི་འཁོར་ལོ་ཞེས་པ་ནི། སྔར་ཕྱི་རོལ་མཆོད་པའི་སྐབས་སུ་བཤད་པ་ལྟར་མེ་ལོང་ལ་སིད་དྷུ་ར་བཀྲམ་ནས་ཆོས་འབྱུང་བྲི་བའོ། ལྷའི་ཚོགས་ཀྱི་གནས་ དང་ལྡན་པ་བྲི་ཞེས་པ་ཆོས་འབྱུང་ད...
202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740116.jpg
MW8CZ226
manuscript
ume
druma
མི་སྣང་བར་གྱུར་ནས། དངོས་པོ་མེད་པའི་གནས་སོ། ཡང་ནས་གནོད་སྦྱིན་ཐམས་ཅད་ཀྱང་། སེམས་ཀྱི་སྤྲུལ་པ་ལས་བྱུང་བས་ནི་ཅི་སྣང་བ་ སེམས་སུ་སྣང་བ་ལས། གཞན་དུ་མི་སྣང་བར་ལུང་མནན་ལས་བསྒོམ་མོ། འདི་ནས་མར་ལ་བག་ཆགས་ཀྱི་སླུ་བ་པོ་བརྒྱད་སྟོན་ཏེ། གང་ཞེ་ན། ཡིད་རྗེས་སུ་རྒྱུ་བའི་བག་ཆགས་དང་བཅས་པ་གཅིག ཡིད་སྔུན་ལ་རྒྱུ་བའི་བག་ཆགས་དང་གཉིས། རྨི་ལམ་གྱི་བག་ཆག...
202604:Kurt:IE21872_MA:VE6312_MA:v2:63120292.tif
MW21872
manuscript
ume
druma
༼སྐུ་དང་༽ཀ་དག་གི་དབྱིངས་ནས་ལྷུན་གྲུབ་ཀྱི་ཞིང་ཁམས་བཀོད་པའི་དུས་སུ་ལོངས་སྤྱོད་སྫོགས་སྐུ་དང་ཅི་ཡང་སྤྲུལ་སྐུ་ཏེ། འོ་ན་གོང་གི་ རྒྱུད་ཀྱི་ལུང་གི་དགོངས་པ་ཅི་ལྟར་ཡིན་ཟེར་ན་ ༼གཞིའི་ཆ་ལ།༽བ༡༤༥།༦ ༼པ་༽དུ་ཡོད་གསུང་པ་མིན་ཏེ་མངོན་གྱུར་དུ། གཞི་དང་རྩལ་གཉིས་གཅིག་ཏུ་མ་འདུས་ ལ་གཉིས་སུ་ ༼མི་འབྲལ་༽གཞི་དང་རྩལ་གཉིས་གཉིས་སུ་མེད་པའི། ན༡༤༦།༡ དེ་བ...
202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200323.jpg
MW8LS16909
manuscript
ume
danyig_pedri
༄༅་། སྣང་བ་བཤེལ་གྱི་བཏང་། རི་མཐོ་ས་གཙང་བྲག་ལ་བསྒྲུབ་གནས་བྱས། ཞེན་ལོག་མཐོ་འགོགས་ངེ་བསྲུངས་སྙུངས་པ་ལགས། དྱུད་ལྡན་བླ་མ་བཟང་ལ་གསོལ་ བ་འདེབས། མྱུར་ཟབ་མཁའ་འགྲོའི་སྲོག་སྔགས་རྒྱུན་དུ་བསྒྲངས། ཐེག་མཐོ་དམ་ཆོས་ཟབ་ལ་ཉམས་ལེན་བྱས། འབྲེལ་ཚད་དོན་ལྡན་ཆོས་ལ་བཀོད་ཀྱི་བཏང་། ཚེ་བཞུགས་སྡད་ལོང་ཙམ་བྱུང་སྙིང་ ཏིག་སྒོམ། ཉམས་ལེན་ཉག་གཅིག་འདི་ལས་མི...
202604:Kurt:IE8LS19748_MA:VE8LS19750_MA:v2:I8LS197500193.jpg
MW8LS19748
manuscript
ume
danyig_pedri
སེམས་བྲལ་གྱུར་ཀྱང་། ། ཕ་རོལ་སྲིད་པའི་བར་དོ་རུ། ། ཞག་གསུམ་བར་དུ་གཉིད་ པ་འདྲ། ། དེ་ནས་ཞག་ལྔ་འོད་ལྔ་འཆར། ། ཞག་བརྒྱད་ནང་དུ་རྫོགས་སངས་རྒྱས་པར་འགྱུར། ། དེ་ནས་སྣང་བ་རྒྱས་པའི་དུས། ། སྟོང་ཉིད་བཅུད་དུ་སྨིན་པ་སྟེ། ། བེམ་པོའི་འཁྲུལ་པ་བྲལ་བའི་ རྟགས། ། དབྱིངས་སྣང་ཡུལ་ལ་གྲོལ་ཏེ་སྨིན་པའི་ཚད། ། དེ་དུས་ལུས་སེམས་བྲལ་ན་ཡང་། ། བར་ དོར་རྟོ...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620713.jpg
MW4CZ332378
manuscript
ume
danyig_pedri
རིག་པའི་སྤྱན་གྱིས་ཡུལ་ལ་ལམ་ལ་གཟིགས་སྭོ། ཐུགས་རྗེའི་སྤྱན་གྱིས་འགྲོ་དྲུག་གིས་སེམས་ཅན་ལ་གཟིགས་སྭོ། སྤྲུལ་པའི་སྤྱན་གྱིས་འཕྲིན་ལས་ལ་ཐམས་ཅད་ལ་གཟིགས་སྭོ། ཤེས་རབ་ཀྱིས་སྤྱན་གྱིས་ཁ་དོག་ཐམས་ཅད་ལ་གཟིགས་སྭོ། སེམས་ཉིད་ཀྱི་སྤྱན་ གྱིས། བོན་ཉིད་ཀྱིས་སྐུ་བདེ་བ་ཆེན་པོ་ལས་གཟིགས་སྭོ། དེ་ལས་ཡེ་ཤེས་ཀྱི་སྤྱན་གྱི་ཡུལ་ལས་ཇི་ལྟར་གཟིགས་ཤེ་ན། ཁམས...
202604:Kurt:IE21872_MA:VE6312_MA:v2:63120195.tif
MW21872
manuscript
ume
druma
གཤེན་རབ་ཀྱིས་དགོངས་པ་ནི། མི་འགྱུར་བའི་དབྱིངས་ནས་མེད་དམིགས་པའི་ཐུགས་ཀྱིས། མ་བཅོས་པའི་དོན་ལས། མི་ གཡོའ་བའི་དགོངས་པ་གསལ་བ་དེ། རང་ཤེས་རིག་གི་རྒྱལ་པོ་ཡིན། དེ་བཞིན་ས་ལེ་ཤེས་པ་ནི། དགོངས་པ་དེ་བཞིན་ཉིད་ཅེས་དེ་ལས་བྱ། དེ་ནི་དགོངས་པ་གོང་མ་ལྟར་གསལ་བ་ཡིས། བཞིན་ནི་དགོངས་པ་མི་གཡོ་བ་ཡིན། ཉིད་ཀྱིས་ནི་དགོངས་པ་ཟབ་མོའི་དོན་ལས་བཅོས་སུ་མེད་...
202604:Kurt:IE21872_MA:VE6312_MA:v2:63120057.tif
MW21872
manuscript
ume
druma
ཞུགས་པའི་སྐྱེས་བུ་དམ་པ་མོས་གུས་དང་ལྡན་པ། དམ་ཚིག་དང་ལྡན་པ། འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་ཤེས་ནས་ཞེན་པ་ གཏིང་ནས་ལོག་པ་སྙིང་རུས་སྡུག་བསྲན་ཆེ་ན། དེ་ལྟ་བུའི་ཡོན་ཏན་ལྡན་པ་རྣམས་ཀྱི་བློ་སྙིང་ཕུར་ཚུགས་སུ་གཏད་དེ་ཉིན་མཚན་བར་མེད་དུ་བརྩོན་འགྲུས་དྲག་ པོའི་ཐང་ལྷོད་མེད་པར་ཉམས་སུ་བླང་ན་ལས་བཟང་ངན་དབང་པོ་རྣོ་རྟུལ་སོགས་མེད་དེ། ཚེ་ལུས་འདི...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8740797.jpg
MW3PD439
manuscript
ume
gyuyig_tsugdri
པའོ། སྦ་བཞིའི་གནད་ལ་གོམས་པ་ཡིས། རླུང་ སེམས་དབུ་མར་ཡང་དག་འཇུག། ཞེས་པ་ནི། དེ་ལྟར་ སྦ་བཞིའི་གནད་ལ་གོམས་པས་ཉོན་མོངས་པའི་རླུང་དང་ འཁྲུལ་འཛིན་གྱིས་སེམས་བྱུང་ཐམས་ཅད་དབུ་མ་ལ་རབ་ཏུ་མི་ དམིགས་པའི་ཀློང་དུ་དག་ནས་བཙན་ས་ཟིན་པ་ལ་ཞུགས་ གནས་ཐིམ་གསུམ་བྱ་སྟེ། ཡང་དག་པའི་ལམ་ལ་འཛུད་ པར་ངེས་པའོ། །དེས་ན་འདི་ལྟ་བུའི་ཟབ་གནད་མ་ཤེས་ལ་ ཐིག་ལེ་གོལ་...
202604:Kurt:IE00KG03862_MA:VE00KG03934_MA:v2:I00KG039340141.tif
MW00KG03862
manuscript
ume
danyig_pedri
ནམ་མཁའི་འཇའ་ཚོན་དང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་བའི་སྐུ་དབྱིངས་རྒྱ་མཚོ་ལྟ་བུའི་ཀློང་དུ་གཟའ་སྐར་བཀྲ་བ་བཞིན་དུ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་འབུམ་ ཕྲག་ཡངས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཀྲ་ལམ་མེ་འོད་ཐིབས་སེ་བཞུགས་པར་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུཾ་གསུམ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་ བཅུའི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ལ་མཉེ...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8740034.jpg
MW3PD439
manuscript
ume
danyig_pedri
གྱུར་པའོ། །དམར་ནི་ལོག་པ་དང་འཁྲུལ་པ་མི་མངའ་བའི་བྱང་ཆུབ་ཀྱི་སེམས་དམར། ཐག་ནི་དེ་ལ་འགྲིབ་པ་གཅད། བདེན་ པ་མངོན་དུ་གྱུར་པ་ཇི་ལྟར་གནས་པ་ནི། ལོག་པར་ལྟ་བ་དང་བདེན་པ་རྟོགས་པ་གཉིས་ཀྱི་མཐའ་ལས་འདས་པའི་སེམས་སུ་གནས། དམར་ནི་བདེན་པ་དང་ལོག་པར་ལྟ་བ་གཉིས་ཀྱི་མཐའ་ལས་འདས་པའི་བྱང་ཆུབ་སེམས་དམར། ཐག་ནི་འདས་སོ་སྙམ་པའི་ཤེས་ བྱ་གཅད། འོན་ཏང་ན་བདེན་པ...
202604:Kurt:IE21872_MA:VE6313_MA:v2:63130282.tif
MW21872
manuscript
ume
druma
བསྐུར་ཆོ་ག་བསྟན་པའོཿ དང་པོ་བདེར་གཤེགས་གཙོ་བཞིའི་དབང་ནིཿ ཨཱོྃ་བདེར་གཤེགས་རྒྱལ་བ་མ་ལུས་འབྱུང་བའི་ཡུམཿ དབྱིངས་ཀྱི་ ཡུམ་ཆེན་ས་ཏྲིག་ཨེར་སངས་མཿ སྐུ་མདོག་རིན་ཆེན་གསེར་གྱི་སྙིང་པོ་འདྲཿ ཞི་རྒྱན་བཅུ་གསུམ་རྒྱན་ལྡན་ཕྱག་མཚན་ནིཿ གཡས་པས་ དཔའ་བོ་འབྲུ་ལྔ་གཡོན་མེ་ལོངཿ རྩལ་ཆེན་སེང་བསྣོལ་རིན་ཆེན་ཁྲི་ལ་བཞུགསཿ བྱིན་རླབས་གཟི་བརྗིད་དབང་དང་ལྡན...
202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920157.tif
MW30498
manuscript
ume
druma
མི་ཆགས་རྟུལ་ཤུགས་མཁར་བདལ་ན། བསྒོམ་པའི་འབྲས་བུ་དེ་ཉིད་ཡིན། ཞེས་སོགས། གཞན་ཡང་ ངེས་ཤེས་སྐྱེ་བའི་ལུང་ཅི་རིགས་སུ་དྲངས་ཏེ་བཤད་ལ། དོན་དུ་རིག་པ་ཅི་ལ་ཡང་མི་བརྟེན་པར་ རྟེན་མེད་ཅེར་རེ་བཞག གཟུང་འཛིན་གྱིས་མ་གཡོགས་པར་གཅེར་བུར་རྗེན་ནེ་བཞག རྣམ་རྟོག་གིས་མ་བསླད་པའི་རྐྱང་པར་ལྷང་ངེ་བཞག ང་བདག་གིས་མ་བཅིངས་པ་རང་ལུགས་སུ་ ལྷོད་དེ་བཞག སྙམ་བྱེད...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620067.jpg
MW4CZ332378
manuscript
ume
druma
དེ་རིང་ལྟས་ངན་ཐན་གྱིས་བརྟགས། ཨ་མ་འདི་འདྲ་འབྱུང་བར་འདུག ཅེས་ཞུས་པ་ལ། འོལ་རྒོད་ལྕམ་གྱིས་བཀའ་སྩལ་པ། ཀྱེ་མ་གསོན་ དང་འཁོར་འབངས་རྣམས། མདངས་པད་མ་བཞིན་དུ་གསལ་ལགས་ཀྱང་། གཞའ་ཚོན་རི་མོ་ཡལ་དང་འདྲ། དེ་མི་རྟག་སྒྱུ་མའི་དཔེ་ཅིག་རེད། གོས་ ཤིང་ལོ་བཞིན་དུ་བརྒྱན་ལགས་ཀྱང་། སྟོང་ཤིང་ལོ་འབྲུལ་ནས་འགྲོ་རྒྱུ་རེད། དེ་མི་རྟག་སྒྱུ་མའི་དཔེ་ཅིག་རེད།...
202604:Kurt:IE30498_MA:VE1CZ4725_MA:v2:I1CZ47250124.tif
MW30498
manuscript
ume
danyig_pedri
ཐུགས་སངས་རྒྱས་ཡིན་པས་ཡུལ་མཆོག་བཞི་ཚངས། ཞེས་ཚེ་དབང་གིས་གསུངས། དེའི་སྟེང་ན་ ཡར་མཐོ་བརྩེགས་སུ་རྟོགས་ལྡན་ཉམས་བརྒྱུད་ཀྱི་བླ་མ་བརྒྱད་དང་། བཀའ་བབས་བྲུ་ཞུའི་གོང་ མ་ཀུན་དང་། གཏེར་སྟོན་གཤེན་གྱེར་རྨ་དབྱིལ་དང་། ལོ་པཎ་གཤེན་བརྒྱད། མཁས་པ་ མི་བཞི། གདུང་བརྒྱུད་བཅུ་གསུམ། བླ་མ་ཆེ་དྲུག བདེར་གཤེགས་དགོངས་བརྒྱུད་ཏེ། དེ་ཡང་འོག་མིན་ ན་བཞུགས་པའ...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620039.jpg
MW4CZ332378
manuscript
ume
gyuyig_tsugdri
རྣམ་རྟོག་བདུད་བཞི་ཟིལ་གྱིས་གནོན།། སྐྱེ་རྒས་ན་འཆིའི་བདུད་བཞི་ཟིལ་གྱིས་གནོན། རང་བཞིན་མེད་པའི་གསུང་དབྱངས་སྙིང་པོའི་འཛབ། ཕར་འཕྲོས་སྟོང་ཁམས་སྲིད་གསུམ་ཁྲོ་རྒྱལ་བཞི། ཚུར་བསྡུས་པ་ནི་འགྱིང་གྱད་ཁྲོ་མཆོག་ཉིད། གཉིས་སུ་མེད་པ་འགྱུར་མེད་གཡུང་དྲུང་སྐུ། {450}ཐབས་ཤེས་ རོལ་པ་འཕྲོ་འདུའི་འཛབ་མཆོད་འབུལ། རྫུ་འཕྲུལ་སྟོབས་ཆེན་ཁྱེད་ལ་ཕྱག་འཚལ་བ...
202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180438.jpg
MW3KG550
manuscript
ume
druma
ཡིན་པར་བཤད། བཟླས་པ་ཡེ་ཤེས་སྒོམ་པ་སྟེ། དགེ་ཞིང་སྡིག་འཇོམ་བྱེད་པ་ཡིན། གསུམ་། གསང་འདུས་ལས། དོན་རྟོགས་པ་ཡི་བཟླས་པ་ནི། ངོ་བོ་གཉིས་མེད་བཟང་པོ་ལས། དུས་གསུམ་སངས་རྒྱས་ཀྱི་རྟོགས་པ། རྡོ་རྗེའི་བཟླས་པར་དེ་བཤད་དེ། གསུམ་། ༼ ཐ༽ གཏན་བཞི་ལས། རྔུབ་དང་དགང་དང་གཞིལ་བ་དང་། མདའ་ལྟར་འཕངས་དང་རྣམ་པ་བཞི། སྦྱོར་བ་བཞི་ལྡན་མ་ཤེས་ན། ཡོན་ཏན་སྐྱོན་དུ་...
202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740475.jpg
MW8CZ226
manuscript
ume
danyig_pedri
བསྲེགས་ཅིང་སྦྱངས་སྣང་སྲིད་དབུ་མ་ཆེན་པོ་གཅིག་གི་རང་བཞིན་དུ་གྱུར་བར་དམིགས། མཐར་དབུ་མ་ཇེ་ཕྲར་གྱུར་པ་རྟ་རྔ་བརྒྱད་གཤགས་ཀྱི་ ཚ་ཙམ་གྱི་སྦུབས་སུ་ཤིན་ཏུ་ཕྲ་བའི་མེ་ལ་ཤེས་པར་གཏད་ཏེ་མཉམ་པར་བཞག མཐར་དམིགས་མེད་ཀྱི་ངང་དུ་སྣང་བ་རྒྱ་ཁྲོལ་ལོ། ཤེས་པ་དྭངས་སང་ངེ། རིག་པ་བཏང་བཞག་ དང་བྲལ་བའི་གཤིས་ལ་ངལ་བསོ། སླར་རྗེས་ཐོབ་ཀྱི་དུས་རྣམས་སུ་འང་ཤེས་པ...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8740555.jpg
MW3PD439
manuscript
ume
gyuyig_tsugdri
གི་གཉེན་པོ་མི་བསྐྱེད་དེ། ཉོན་མོངས་རང་ས་རང་ཐོག་ཏུ་བཞག་ལ། སྟོང་ཉིད་མཚན་མེད་ཀྱི་ཡེ་ཤེས་ངང་ལ་ངང་གི་ངོ་ཡི། ཟིན་ པར་བྱས་ཏེ་གཉེན་པོའི་མཆོག་གོ། བསམ་འདས་རྟོག་ཚད་འཁྲུལ་པ་ཟིལ་གྱིས་ནོན། ཅེས་པས། སྤྱིར་ནི་བསམ་འདས་ཡེ་ཤེས་ཀྱི་དོན་རྟོགས་ཏེ། ངེས་ཤེས་ ཐག་ཆོད་དུ་རྒྱུད་ལ་འབྱོར་ན། འཁྲུལ་པ་རང་བཞིན་དུ་ཟིལ་གྱིས་ནོན་ཏེ། རིག་པའི་ཡེ་ཤེས་ལ་གཡོ་སྐྱ...
202604:Kurt:IE19674_MA:VE2107_MA:v2:21070547.tif
MW19674
manuscript
ume
danyig_pedri
རང་བྱུང་གི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཡིན་ནོ། གཞན་གོ་སླ་བས་མ་བྲིས། དགོངས་བརྡ་སྙན་བརྒྱུད་ཅེས་པ་ནི། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག ཅེས་ པ་ལྟར། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དགོངས་པ་རོ་གཅིག་ཅིང་། དེ་རྣམས་ཀྱི་དགོངས་པའི་མཐིལ་མ་ནོར་བ་ཡིན་པས་དགོངས་བརྒྱུད་དང་། ཆོས་ཉིད་ཀློང་གི་ཡང་མཛོད་ ཆེན་པོ་བརྡ་ཡི་གེའི་...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8740388.jpg
MW3PD439
manuscript
ume
danyig_pedri
ཞིང་དགྱེས་རབ་ཀྱི་མཆོག་དམ་པ་དང་ལྡན་ནས། བདག་སོགས་འགྲོ་ལ་ཐུགས་རྗེས་བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་སྩོལ་བར་བསྒོམ་ ལ། ཚིག་བཤད་ནི་ཞི་བ་ལྟར།། སྣང་སྲིད་ཕྱི་ནང་སྣོད་བཅུད༴ ཞེས་དང་གཞུང་ལྟར་ཨེ་མ་ཧོ ཤར་གྱི་ཕྱོགས་ནས༴ ཞེས་སོགས་བརྗོད་ལ་མཆོད་པ་འབུལ་ལོ། དེའང་སྒྲུབ་པ་སོགས་ལ་ ཡུན་རིང་སྐབས་སུ་དཀྱིལ་འཁོར་མདུན་ནམ་ཕྱོགས་མཚམས་སུ་བཀོད་པ་ལའང་ད...
202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180108.jpg
MW3KG550
manuscript
ume
multi-script
ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། འཁོར་བར་མ་ཆགས་པའི་པདྨ། སྐྱོན་ ཐམས་ཅད་དང་བྲལ་བའི་ཟླ་བ་རྒྱས་པའི་གདན་གྱི་སྟེང་དུ་རང་ཉིད་འཕགས་པ་ནམ་མཁའི་སྙིང་པོ་༼མ་དཔེ་ལ་ཆད༽
202604:Kurt:IE3PD439_MA:VE3PD874_MA:v2:I3PD8740371.jpg
MW3PD439
manuscript
ume
gyuyig_tsugdri
༄༅། །ཨོཾ་ཡོ་ག་ཤུད་དྷོ་བརྗོད་པས་སྒོཾ་བའི་དབང་དུ་བྱས་ན་ཐ་མལ་པའི་སེཾས་ཀྱི་སྒྲིབ་པ་དག་ནས། ཕྱི་ནང་གི་ཆོས་ཐཾད་བདེ་གསལ་མི་རྟོག་པའི་ཡེ་ཤེསུ་བསྒོམ་པའོ། ལྟ་བའི་ དབང་བྱས་ན་དེའི་ཚེ་ཟུང་འཇུག་དུ་རྟོག་པ་ཞེས་བྱའོ། གཉིས་མེད་ཡེ་ཤེས་རང་བཞིན་ཞེས་གསུངསོ། འོ་ན་ཆོས་ཐཾད་སེཾསུ་སྒོམ། སེཾས་སྟོང་པར་སྒོཾ། སྟོང་པ་ཟུང་འཇུག་དུ་སྒོཾ་པ་དག་ བྱ་ཡང་དག། ལྟ...
202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740146.jpg
MW8CZ226
manuscript
ume
druma
༄༅། །བློ་ཕྱོགས་བོན་ལ་རྒྱལ་བར་འོང་། པྲ་ཕུད་གཡུང་དྲུང་སྤྲུལ་པ་ནི། སྔ་འགྷོ་འགྱུར་མེད་བྱ་བ་འབྱུང་། བཅོས་མེད་སྤྱོད་པ་ཁྲོམ་བུས་ཚུལ། ཏིང་འཛིན་དགོངས་པས་འགྲོ་བ་འདྲེན། དེ་དག་བོད་ཀྱི་མཁན་རྒྱུད་རྣམ་ སྤྲུལ་ཡིན། ལྟ་སྤྱོད་སྒོམ་པའི་འབྲས་བུ་ཡིས། བདག་དོན་ལྷུན་གྲུབ་རང་ས་ཟིན། གཞན་དོན་འབད་མེད་ ངང་ལ་གྲུབ། འགྲོ་དོན་ཕྱོགས་མེད་རྒྱ་ལག་ཕྱེད། སེ...
202604:Kurt:IE3KG548_MA:VE3KG1417_MA:v2:I3KG14170233.jpg
MW3KG548
manuscript
ume
druma
ཡོངས་ལ་སྤྱི་བླུག་ཏུ་གནས་སོ། ཤེས་རབ་སྙིང་པོ་དགྲ་བཅོམ་ཕ་རོལ་ཕྱིན། ཅེས་པས། གང་ཟག་གཅིག་གི་རྒྱུད་ལ། ཤེས་རིག་རྣམ་པ་སྣ་ཚོགས་ སུ་བཀྲ་བའི་སྙིང་པོ་ནི། འཁོར་བའི་སྐྱོན་དང་ཉམས་པའི་དྲི་མས་གོས་མ་མྱོང་བས། ཡེ་ནས་རང་འབྱུང་བོན་སྐུའི་བདག་ཉིད་ཅན་ཞེས་བྱའོ། མི་སྐྱེ་མི་འགག་སྟོང་གསལ་ ཚད་ལས་འདས། ཅེས་པས། དེ་ཡང་སྐྱེ་འགག་གཉིས་ཀྱི་ཡུལ་ལས་འདས་ཏེ། སྟ...
202604:Kurt:IE19674_MA:VE2107_MA:v2:21070415.tif
MW19674
manuscript
ume
danyig_pedri
རབ་སྟེ་ཅིག་ཆར་ཡིན། གཅིག་ཆར་ལ་ཡང་དབྱེ་བ་རྣམ་པ་གསུམ། གཅིག་ནི་སེམས་ཉིད་མཉམ་པ་ཆེན་པོ་གཅིག འཆར་ནི་སྤྱི་བླུགས་ལྷུགས་པར་ འཆར་བ་སྟེ། ཐོག་མའི་དུས་ལ་གནས་པ་གདིང་པོ་ལ། མ་རྩལ་རང་བཞིན་རྒྱུན་དུ་འབྲེལ་བ་འབྱུང་། བར་དུ་ལྷག་མཐོང་རྟོགས་ཚད་ཚུལ་བཞིན་སྐྱེ། ཐ་མ་དབྱེར་ མེད་ཟུང་འབྲེལ་རྒྱུན་ཆད་མེད། གཅིག་ཆར་ནང་ནས་ཐ་མ་རིམས་སྐྱེས་ཡིན། ཞི་གནས་སྙིགས་...
202604:Kurt:IE19674_MA:VE2107_MA:v2:21070172.tif
MW19674
manuscript
ume
danyig_pedri
ལག་གིས་སྨན་ལྕེ་ལ་བཞག སྐུ་གསུང་ཐུགས་ཀྱི་ཐིག་ལེ་གནས་གསུམ་དུ་བཀོད། དེ་ནས་མཆེད་ལྕམ་རྣམས་གཡུང་དྲུང་ལུ་གུ་རྒྱུད་དུ་སྦྲེལ་ནས། སྤྱན་དར་གྱིས་བསྒྲིབ་ལ་{1121}དཀྱིལ་འཁོར་རྩར་བརྒྱུད་ལ་འདི་སྐད་དོ།། །།བདག་ ཅག་གཤེན་གྲོགས་ཐ་མལ་པ། འདོད་ཆགས་ཞེ་སྡང་གཏི་མུག་དང་། ང་རྒྱལ་ཕྲག་དོག་དུག་ལྔ་ཡིས། ད་ལྟ་ཁམས་གསུམ་འཁོར་བར་འཁྱམས། མི་དགེ་སྡུག་བསྔལ་ལས་ལ་...
202604:Kurt:IE3KG550_MA:VE3KG1418_MA:v2:I3KG14181103.jpg
MW3KG550
manuscript
ume
druma
གསང་གཏེར་ཆ་གཉིས་དང་རིན་པོ་ཆེའི་ནོར་གཏེར་ཡོད། བཀའ་རྟགས་སུ་གསེར་གྱི་སྐྱེས་བུ་དང་གཡུའི་ན་ཆུང་ཡོད། རྡེའུ་ཆུང་བྲག་དཀར་ལ་སྐལ་བཟང་རྒྱུད་སྡེ་ལྡེ་མིག་རྣམས་སྦས། བཀའ་རྟགས་སུ་ཞལ་བུ་ཆ་ལྔ་ཡོད། རྒྱ་སོ་ལ་ མོ་དར་རྩེ་ཡི་ཤེལ་ཕུག་གསང་མཚོ་རུ། བོན་གྱིས་རྒྱུད་སྡེ་བཅུ་བདུན་སྦས། བཀའ་རྟགས་སུ་ཤེལ་གྱི་རྔ་བཤང་སྣང་ ཁྲག་ཡོད། མོར་རྡོ་ལྷ་གཉན་ལ་བོན་གྱ...
202604:Kurt:IE3KG548_MA:VE3KG1417_MA:v2:I3KG14170182.jpg
MW3KG548
manuscript
ume
druma
ཚད་རྒྱལ་བའི་གསུང་མཆོག་ཡིན། དེ་ནས་དྲན་ཚད་ཡིད་ཀྱི་ལམ་ཁྱེར་ནི། དག་པའི་ཕྱི་ནང་ཞི་ཁྲོ་བསྐྱེད་རྫོགས་དང་། སྣོད་བཅུད་སྤེལ་སྦྱངས་ཡིག་ འབྲུའི་འཕྲོ་འདུ་དང་། དད་གུས་བྱམས་སེམས་སྙིང་རྗེ་ཚད་མེད་བསྒོམས། དུས་གསུམ་སངས་རྒྱས་ཡོན་ཏན་ཅི་སྙེད་དང་། རིགས་དྲུག་སེམས་ཅན་སྡུག་བསྔལ་གྲངས་མེད་ བསམ། མ་དག་ཉོན་མོངས་དུག་ལྔ་གདུག་སེམས་དང་། སྔར་སོང་ད་བྱེད་ར...
202604:Kurt:IE19674_MA:VE2107_MA:v2:21070051.tif
MW19674
manuscript
ume
danyig_pedri
མེ་རྒྱུང་དཀར་ནག་བྱ་བ། བྱིན་གྱིས་བརླབས་པའི་གནས་དེར་བཞུགས་ཏེ། རྟེན་པའི་ ཚེ་ནི་སུམ་བརྒྱ་དང་བདུན་ཅུ་བཞུགས་སོ། ། བཞི་པ་ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་ རྟགས་ནི། སྐུ་ལུས་ཁྱད་པར་ཅན་གཟི་བྱིན་མཚན་དང་ལྡན་ཞིང་། གཞན་གྱིས་ཡིད་དུ་འོང་པ་ དང་། གསུང་ཁྱད་པར་ཅན་གྱིས་གཞན་བཀའ་ཉན་པའི་ངག་གི་ནུས་པ་དང་ལྡན་ཞིང་། ཐུགས་ ཀྱིས་བསྒྲུབས་པའི་སྔགས་...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620452.jpg
MW4CZ332378
manuscript
ume
danyig_pedri
པའི་བུད་མེད་ལ། རིན་ཆེན་སྣ་ལྔའི་ཐོད་རྡིང་ཅན། སྐུ་སྟོད་ནི་ལོ་ལྗང་ཁུའི་མེ་ཏོག་རིས། སྐུ་སྨད་སྨུག་པོ་དར་གྱི་ཤམ་བུས་བརྒྱན། གཡས་པས་རྫུ་འཕྲུལ་འོད་ཀྱི་ལྕག་ཀྱུ་བསྣམས། བྱང་གི་ཕྱོགས་ནས་གཤེན་གྱི་ཕྱ་ཚེ་འགུགས། གཡོན་པས་འཕྲུལ་ཞགས་དགུ་ཚིག་གཞུང་ལྟར་སྐྱོངས། གཤེན་གྱི་ཕྱ་ཚེ་དམུ་དག་གནས་སུ་འདོག རྫུ་འཕྲུལ་འོད་ཟེར་ འབར་བའི་རྟ་ལ་ཞོན། དགུན་ཟླ་གས...
202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180805.jpg
MW3KG550
manuscript
ume
druma
ཆོད་ལ་བསམ། སེམས་ཅན་གཞན་དག་གི་འགྱུར་ཚུལ། སྐྱིད་སྡུག་ཕྱུག་དབུལ་དྲག་ ཞན་སྐྱེ་འཆི་བཟང་ངན་ཐམས་ཅད་ལ་བསམ། རང་གི་ཡང་སྡོད་པའི་གནས། འགྲོགས་པའི་ གྲོགས། བྱེད་པའི་ལས། བཟའ་བའི་ཟས། གོན་པའི་གོས། འགྲོ་བའི་ལམ་ ལ་སོགས་ཀྱི་འཕོ་ཚུལ་འགྱུར་ཚུལ་ལ་བསམ། ད་ལྟར་རྒྱུན་དུ་མི་རྟག་རྒྱུད་ལ་ཁེལ་ན། རང་ལ་རང་ཡ་ང་བའམ། སྐྱེ་འཇིག་པའམ། ཧལ་བའམ། ཞེན་པ་གཏིང་ནས་...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620013.jpg
MW4CZ332378
manuscript
ume
danyig_pedri
ལ་འབེབས་པར་མཛད་པ་ན། དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་དུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། འགག་པ་མེད་པ་སྐྱེ་མེད་པ། ཆད་པ་མེད་པ་རྟག་མེད་པ། འོང་བ་མེད་པ་འགྲོ་མེད་པ། ཐ་དད་དོན་མིན་དོན་གཅིག་མིན། སྤྲོས་ པ་ཉེར་ཞི་ཞི་བསྟན་པ། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། དམ་པ་དེ་ལ་ཕྱག་འཚལ་ལོ། ཞེས་གསུངས་ཏེ། འདིར་གཞུང་འདིའི་དོན་མཐའ་དག་འདུས་པ་ ཡ...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8741095.jpg
MW3PD439
manuscript
ume
gyuyig_tsugdri
རྒྱབ་ཏུ་སྔགས་བྲིས། མདུན་དུ་མིང་རུས་བྲིས་ལ་བསྲེག་གོ གདོན་བསྲེག་པའི་དུས་སུ་ཉུངས་དཀར་ཉུངས་ནག་སྐྱེ་ཙེ་དང་། ར་སོག་ལ་མིང་རུས་བྲིས་ལ་བསྲེག་གོ། དེ་རྣམས་གང་བྱེད་ཀྱང་། ཧོམ་ཁུང་དབུས་སུ་མདའ་འུག་པ་མ་དང་། ཁ་སྒྲོ་སྒྲོན་པ་གཉིས་ལ་མེ་དར་དམར་པོ་དང་ཆུ་དར་སྔོན་པོ་བཏག་ལ་ཞག་གསུམ་བྱའོ། སྔགས་ནི་འདི་ནོ།། །།ལིག་མིན་ཚར་གྱི་ཧོར་ཆ་རཾ།། ཁྱིམ་མདུར་...
202604:Kurt:IE3KG550_MA:VE3KG1418_MA:v2:I3KG14181004.jpg
MW3KG550
manuscript
ume
multi-script
སོ་སོ་གུད་དུ་བསྐོས་ཏེ། གང་ལས་གནོད་པས་གསོད་པར་བྱེད་པ་ཐམས་ཅད་དོ། རང་བཞིན་རྒྱུ་ལས་བྱུང་བའི་བདུད་ནི། ཕུང་ པོའི་བདུད་དང་། འཆི་བདག་གི་བདུད་དང་། ཉོན་མོངས་པའི་བདུད་དང་། ལྷའི་བུའི་བདུད་དང་བཞིའོ། མ་རིག་འཁྲུལ་པའི་ བདུད་ནི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ལས། མ་རིག་ཅིང་འཁྲུལ་པས་དཔེར་ན། རྒན་མོ་ལོང་མ་ཁྲིད་པའི་མི་དང་བྲལ་ནས་འཐོམ་པ་ བཞིན་དུ། ཁ...
202604:Kurt:IE21872_MA:VE6313_MA:v2:63130120.tif
MW21872
manuscript
ume
druma
པའི་རོ་ཚོར་གྱི་ཤེས་བྱ་སྲབ་པོ་ཡོད་པའོ། གཉིས་པ་ལ་རབ་ནི་རྩ་བྲལ་དོ་མཉམ་ཁོ་ན་མཐོང་། ཅེས་པས། དབང་པོ་རབ་ནི་མ་རིག་ཉོན་མོངས་ལ་གཞི་ཡེ་ནས་ མ་གྲུབ་པ་རྩ་བྲལ་མཉམ་པ་ཆེན་པོ། སྣང་སྟོང་ཡོད་མེད་སྐྱེ་འགག་རྟག་ཆད་ཀྱི་མཐའ་ལས་འདས་པར་མཐོང་བའོ། བསམ་ཡུལ་རྩོལ་མེད་བདེ་བའི་ངང་དང་ལྡན། བསམ་པའི་ཡུལ་མེད་རྩོལ་བའི་བློ་དང་བྲལ། ཉམས་བདེ་གསལ་ལ་དུས་རྟག་ཏུ་ངང...
202604:Kurt:IE19674_MA:VE2107_MA:v2:21070568.tif
MW19674
manuscript
ume
danyig_pedri
པས། ལྷོ་མོ་གཉིས་ཀྱང་རྩ་རོ་རྐྱང་གཉིས་ནས་ཚུར་འདུས་ན་ལྷ་མོ་གཅིག་ཏུ་གྱུར་ཏེ། དེ་ནི་ཟུང་འཇུག་གི་ལྷ་མོ་ཡིནོ། འཁྲོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་ལྷ་མོ་ཉིད་ལ་འདུས་ཤིང་ ལྷ་མོ་དེ་ཉིད་ཀྱང་བདེ་སྟོང་གསལ་སྟོང་གཉིས་མེད་ཡིན་ནོ། བདག་ཏུ་འདུས་ཤིང་བདག་ཏུ་ཞན་པ་མེད་པའོ། ནང་ཚོགས་པ་གཅིག་དུ་བསྒོམ་པ་ནི། རླུང་རྩ་ཨ་བ་འདུ་ཏིའི་ནང་ དུ་བཅུག་ལ། ཐིག་ལེའི་དབ...
202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740129.jpg
MW8CZ226
manuscript
ume
druma
༼འགྲེལ།༽ན༡༡༠།༤ ༼ལྟར་གྱི་༽ཚོགས་དྲུག་གི་སྣང་བ་འདི་དག་ཚོགས་དྲུག་གི་ཤེས་པའི་ངང་དུ་སྣང་ཅི་ལྟར་སྣང་ན། ན༡༡༠།༦ ༼པ་ལ་༽དཔེར་ ནཆུ་ནང་ཟླ་གཟུགས་ལྟར། བ༡༡༠།༡ སྒོ་གསུམ་གྱི་ལས་ཀུན་གཞི་ལ་འཇོག་པའི། ༼ལས་དང་༽རིག་པའི་གཞོམ་རུང་བ་ཐམས་ཅད་ཤེས་བྱས་ སྒྲིབ་པ་ཏེ། བ༡༡༠།༢ ༼འབྲས་བུ་༽སྐུ་གསུམ་གྱི་བོན་ཉིད་ཡིན་པའི་ཆ་ནས། ༼ཐོབ་པས་༽རང་དབང་ཅན་དུ་གྱུར་པའི། བ༡...
202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200247.jpg
MW8LS16909
manuscript
ume
danyig_pedri
མཐོ་གསུམ་འོད་རུམ་རྩེཿ ཐུགས་ཀྱི་ལྷ་མོ་རྒྱལ་མཚན་ཀུན་རིག་བློཿ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བསཿ བྱིན་རླབས་ཐུགས་རྗེ་འགྲོ་འདྲེན་དབང་ཐོབ་ཤོགཿ དབྱིངས་ཀྱི་ཡུམ་ཆེན་བྱིན་རླབས་ལས་བྱུང་བའིཿ སྐུ་ཡི་ལྷ་མོ ཡོངས་གྲུབ་རྒྱར་གཡོགས་མཿ གསུང་གི་ལྷ་མོ་ཆེ་ལྡན་དབང་རྒྱུད་མཿ ཡོན་ཏན་ལྷ་མོ་ཡོངས་རྒྱས་སྐོས་དྲུག་ཏིགཿ ཕྲིན་ལས་ཀྱི་ལྷ་མོ་དབལ་རུམ་བཀྲ...
202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920222.tif
MW30498
manuscript
ume
druma
འཁྲིད་མཁས་ཤིང་། །རང་དོན་བཙུན་ཞིང་ལྟ་བ་མཐོ། །རང་གཞན་དོན་གཉིས་བཟང་བ་དེ། །དགེ་བ་ཕྲ་ནས་སྡུད་པ་དང་། །སྡིག་པ་ཕྲ་ནས་འཇོམས་པ་དང་། །རྒྱུ་འབྲས་ཞིབ་ཏུ་ སྤྱོད་པ་དང་། །བྱང་ཆུབ་སེམས་ཀྱི་གཞི་བཟུང་ནས། །རང་དོན་ཡལ་བར་དོར་ནས་ནི། །ཅི་བྱེད་གཞན་དོན་མཛད་པ་ཡི། །སངས་རྒྱས་བསྟན་འཛིན་སྐྱེས་བུ་དེ། །མཐོང་ངམ་ཐོས་ཀྱང་བ་སྤུ་གཡོ། ཚེ་འདིར་ཕུན་ཚོགས་འདོད...
202604:Kurt:IE2PD17515_MA:VE4PD1489_MA:v2:I4PD14890109.jpg
MW2PD17515
woodblock
uchen
null
ཉམས་སྣང་གོང་འཕེལ་རྟགས་གསུམ་ལས་ལུས་ཀྱི་རྟགས་ནི། །སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་བྱི་དོར་རྒྱན་བྲལ། །ངག་ནི་སྨྱོན་པ་ལྟ་བུ་ རུ་བྱུང་རྒྱལ་དུ་སྨྲ་ལ། །སེམས་ནི་སྐྱེས་བུ་དུག་ཟིན་ལྟར་འཁོར་བར་མི་འཇུག །རིག་པ་ཚད་ཕེབས་རྟགས་གསུམ་ལས་ལུས་ཀྱི་རྟགས་ ནི། །གླང་ཆེན་འདམ་དུ་བྱིང་བ་ལྟར་འབྱུང་བཞིར་ཐལ་བྱུང་། །ངག་ནི་གྲུལ་བུམ་ཕྲུ་གུ་ལྟར་ཅི་སྨྲས་གཞན་ཕན...
202604:Kurt:IE30498_MA:VE1CZ4824_MA:v2:I1CZ48240154.tif
MW30498
manuscript
ume
danyig_pedri
གཞལ་མེད་ཁང། ན༩༥།༤ ༼དེ་བཞིན་གཤེགས་པ་༽ལྷ་བཞི་བཅུ་རྩ་ལྔའི་སྐུ་གསུངས་ཐུགས་ཀྱི་བྱིན་རླབས་ཐམས་ཅད། ༼རྒྱུད་ལ་༽དོན་ དམ་པའི་མཐར་ཐུག་གི་བ༩༥།༢ ༼གསུང་གཡུང་དྲུང་༽གི་བོན་བཅུར་སྫོགས་པའི། བ༩༥།༦ ༼རྣམས་ལ་༽གསང་དབང་བསྐུར་བའི་ཡུལ་མི་རུང་ཞེ་ན་མཚན་ཉིད་ཅན་ བསྐུར་མི་རུང་ཀྱང་གཞི་ནས་བསྐུར་མི་རུང་ཨི་ཡིན་ཟེར་ན་དེ་ལྟར་མ་ཡིན་ཏེ་ ༼གསང་༽ན༩༦།༢ ༼ཅེས་རྒྱུ...
202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200225.jpg
MW8LS16909
manuscript
ume
danyig_pedri
དགེ་བའི་ངོར་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་པ་ལགས་སམཿ རྒྱུད་གཞན་གྱིས་བསྡུས་པའི་དངོས་སྣང་བདེན་གྲུབ་ཇི་ལྟར་ལགས་སྟོན་པས་གསུངས་དུ་གསོལཿ བཀའ་སྩལ་པ། སྤྲུལ་པའི་སྐུའི་སྣང་ཆ་ལས་འདས་པ་དངཿ མ་འོངས་པ་དངཿ ད་ལྟ་བ་ཞེས་དུས་གསུམ་དུ་རྣམ་པར་གཞག་གིསཿ ང་ཀུན་ཏུ་བཟང་ པོ་ནི་ཆོས་ཉིད་བརྗོད་པ་དང་བྲལ་བ་ཡིན་པས་བསམ་གྱིས་མི་ཁྱབ་པའི་དུས་ཀུན་ཏུ་བཟང་པོ་ལ་ཐ...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8741050.jpg
MW3PD439
manuscript
ume
gyuyig_tsugdri
ནས་ཞེས་པས། དོན་བཞིའི་སྔར་སྙིང་ཆགས་པ་དང་དོན་སྙིང་ལྔའོ། །འབྱུང་བ་བཞིའི་རྟེན་བཅས་སོ། ། ཞེས་པས་དེ་ལ་འབྱུང་བ་ལྔའི་རྟེན་བཅས་ཏེ། ཇི་ལྟར་བཅས་ན་ནམ་མཁའི་རྟེན་སྙིང་ལ་བཅས། རླུང་གི་རྟེན་གློ་བ་ལས་བཅས། མེ་ཡི་རྟེན་མཆིན་པ་ལ་བཅས། ཆུ་ཡི་རྟེན་མཁལ་མ་ལ་བཅས། ས་ཡི་རྟེན་མཚེར་པ་ལ་བཅས་སོ། །གཉིས་པ་ཡན་ལག་ཉིང་ལག་གི་ཤར་ཚུལ་ནི། དོན་སྙིང་ལྔ་ལས་འབྱུང...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620873.jpg
MW4CZ332378
manuscript
ume
danyig_pedri
ཀྱི་གེ་ཁོད་ནི། སུམ་བརྒྱ་དྲུག་ཅུ་རབ་ཏུ་བལྟམས། གཡའ་རི་གངས་ལ་བརྟེན་ཞིང་གནས། ལས་སུ་རྒྱལ་འགོང་དམ་སྲིའི་གཤེད། ཕ་ དང་བོན་གྱི་ལྷ་དང་གསས། དེ་རྣམས་ནང་ནས་སྤྲུལ་པའི་གཙོ། བླ་རི་གངས་རྒྱལ་ཏི་སེ་ལ། གསེར་གྱི་མེ་དཔུང་སེར་པོ་འབར། བླ་མཚོ་དང་ར་མ་པང་ལ། གཡུ་ཡི་ དུད་པ་སྔོན་པོ་འཐུལ། བླ་བྲག་སྟ་སྒོ་བྲག་ཆེན་ལ། གསེར་གྱི་ཚ་ཚ་འཁྲུག་ཅིང་འཕྲོ། རི་བྲག་...
202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180556.jpg
MW3KG550
manuscript
ume
druma
སྤྱང་སྔོན་མོ་འདྲ། །ལྟོགས་སྲན་ཆེ་ཡང་དོ་གལ་ཆུང་། །མོ་རབ་རྣམས་ལ་ཆོས་མེད་ན། །རྩིག་གསེབ་ཀྱི་བྱི་བ་སྨུག་ཆུང་འདྲ། །བསོག་བསྲུང་མཁས་ཀྱང་དོ་གལ་ཆུང་། །མོ་འབྲིང་རྣམས་ལ་ཆོས་ མེད་ན། །དུར་ཁྲོད་ཀྱི་ཝ་སྐྱ་འཇོལ་ཆུང་འདྲ། །ཅམ་ཆམ་མང་ཡང་དོ་གལ་ཆུང་། །མོ་ཐ་མ་རྣམས་ལ་ཆོས་མེད་ན། །གྱང་ལ་བྲིས་པའི་རི་མོ་འདྲ། །བྱད་གཟུགས་ལེགས་ཀྱང་དོ་གལ་ཆུང་། ། སྐྱེས་...
202604:Kurt:IE2PD17515_MA:VE4PD1489_MA:v2:I4PD14890220.jpg
MW2PD17515
woodblock
uchen
null
བསྟོད་སྦྱིནཿ བགྱིས་པའི་བསོད་ནམས་དགེ་བ་འགྲོ་ལ་བསྔོཿ བདག་དང་སྦྱིན་བདག་བཟང་ངན་འབྲེལ་རྣམས་ཀུནཿ བསོད་ ནམས་ཚོགས་བསགས་མཆོད་སྦྱིན་འདིས་མཚོན་པའིཿ དུས་གསུམ་བགྱིས་པའི་དགེ་བའ་མཐུ་དཔལ་གྱིསཿ གནས་སྐབས་མི་བདེ་སྡུག་བསྔལ་ནད་ གདོན་དུགཿ དགྲ་མཚོན་བྱད་དང་དམག་འཁྲུག་དུས་རྒུད་པཿ ༼༽སོམས་མི་མཐུན་རིགས་ཀུན་ཞིཿ དགེ་བའི་བར་ཆད་མ་ལུས་ ཞི་བར་ཤོགཿ ཚེ་རི...
202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920145.tif
MW30498
manuscript
ume
druma
དགོངས་པ་རྩལ་དུ་ཤར་བ་ནི། ཀུན་གཞི་རྣམ་ཤེས་དག་པ་མེ་ལོང་ཡེ་ཤེས། ཡིད་ཤེས་དག་པ་མཉམ་ཉིད་ཡེ་ཤེས། ཉོན་ཡིད་དག་པ་སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ནི་ སྒོ་ལྔའི་རྣམ་ཤེས་དང་ལས་རླུང་དག་པའི་ཆ་ལས་བྱུང་བ་ཡིན། འདིའི་དུས་སུ་ཆོས་སྐུ་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུའི་སྐུ་ཐོབ། ཡེ་ཤེས་འགག་པ་མེད་པ་གཡུང་དྲུང་ལྟ་བུའི་ཚེ་ ལ་མངའ་བརྙེས། ཏིང་འཛིན་རྒྱུན་ཆ...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8740908.jpg
MW3PD439
manuscript
ume
gyuyig_tsugdri
སྟོང་ཉིད་ངེས་ཤེས་ས་དྲོ་དྲོད་ཀྱིས་བཞུ། མ་བརྩལ་ལྷུན་གྲུབ་ཉམས་རྟོགས་གཡུ་ལྗང་འཁྲུངས། མངོན་གྱུར་རང་འབྱུང་སྐུ་གསུམ་འབྲས་དྲུག་འབྱུང་། མི་བདེ་འཁོར་ བའི་བཀྲེས་སྐོམ་དབུལ་ཕོངས་བྲལ། དེ་ལྟར་དམུ་རྒོད་ཁ་ལོ་དྲག་ཞན་ཡང་། རང་མཐུན་ལས་དང་གཞན་སྟོབས་ཐུགས་རྗེའི་ཁྱད། ཐམས་ཅད་སྟོང་ཉིད་ཡེ་ཤེས་རྩེ་མཐོང་ ཙམ། མ་ནོར་ལམ་སྟོན་དཔོན་གསས་ཕྱག་ན་ཡོད། ས་ལམ་ག...
202604:Kurt:IE19674_MA:VE2107_MA:v2:21070058.tif
MW19674
manuscript
ume
danyig_pedri
༼རྫོགས་ཆེན་གསེར་ཐུར་དུག་ལྔ་བསད་པའི་སྒྲུབ་ཐབས་རིགས་ལྔའོ། ། ༽༄༅། །༼གཏེར་ཡིག་ཡོད།༽ཞང་ཞུང་སྐད་དུ། ག་གེ་ལང་ལིང་བྷ་བྷེ་སངས། །ལོ་ཙཱ་མཁས་པའི་སྐད་དུ། དུག་ལྔ་ བསད་པའི་སྒྲུབ་ཐབས་རིགས་ལྔའོ། །བདག་འདྲ་དྲན་པ་ནམ་མཁའ་ཡི། །རྒྱུད་ལས་བཀོལ་བའི་སྒྲུབ་ཐབས་ལྔ། །ཕྱི་རབས་དོན་དུ་བསྟན་པར་ བྱ། །ཕྱི་རབས་ལས་འཕྲོ་ཅན་དང་སྤྲོད། །ས་མ་ཡ་རྒྱ་རྒྱ་རྒྱ། །རྒྱ...
202604:Kurt:IE23550_MA:VE2115_MA:v2:21150509.tif
MW23550
manuscript
ume
danyig_pedri
རྣལ་འབྱོར་འཚོ་བས་ཕོངས་བའི། །ཁ་འཁྲིས་ལུས་མདོག་འདི་ལ། །ཧད་དེ་ཆད་དེ་ལྟོས་དང་། །དོན་གོ་ཤིན་ཏུ་ཆུང་གིས། །དེ་བས་ང་ཡི་ཁ་ནས། །ལེན་པའི་གླུ་འདི་ཞོན་དང་། །དོན་ ལ་གཞིག་པ་ཆུག་དང་། །ནམ་ཕུགས་ཕན་པར་ཡོང་གིས། །སྦྱིར་དུ་སེམས་ཅན་ཐམས་ཅད། །ཐོག་མེད་དུས་ཀྱི་ཕ་མ། །སྒོས་སུ་རང་ལ་ཚེར་མ། །ཟུག་པའང་མི་བཟོད་འདུག་ན། །གཞན་རྣམས་ བསད་ནས་ཟ་བ། །སྙིང་གིས་ཐོ...
202604:Kurt:IE2PD17515_MA:VE4PD1489_MA:v2:I4PD14890099.jpg
MW2PD17515
woodblock
uchen
null
རྒྱས་ཏེ་ན། རོ་སྙོམས་བྱས་པས་སྨད་གྲང་བས་རྒྱས་ཏེ་ན། མགོ་བོ་རླུང་གིས་བུས་རེ་ན། ཨ་ནོའི་སིལ་གྲུ་ལེན་ཅིང་མ་ཎི་སྒྲངས་པ་འདི་སྐད་དོ། ༄་། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲི། བླ་ མ་སེང་གེ་རྒྱ་པ་རིན་པོ་ཆེ། རྫོགས་ཆེན་སྙིང་ཏིག་གནང་བའི་སྐུ་དྲིན་ཅན། དབྱིངས་གསུམ་ཡེ་ཤེས་ཀློང་ནས་ཐུགས་རྗེ་བཟུང་། ཁྱད་ཆོས་མེད་ན་ཡོད་པར་འདུག་རི་ཤི། སྦྱང་རེ་སྡིག་བསོག་གླེན་...
202604:Kurt:IE8LS19748_MA:VE8LS19750_MA:v2:I8LS197500208.jpg
MW8LS19748
manuscript
ume
danyig_pedri
རྣམ་པར་མི་རྟོག་པའི་ངང་ནས་ཐུགས་རྗེ་མཁྱེན་པའི་ཡེ་ཤེས་ཀྱི་འོད་ཟེར་འགྲོ་བ་ཀུན་ལ་བཀྱེ་ཞིང་འདྲེན་པའི་སྐུ་རུ་གྱུར་ པར་བསྒོམ་མོཿ ཨ་ལོ་སྤར་ཨ་ལམ་གསལ་ཟེར་སྤྲོས་འོད་རུམ་ཁྱབ་བདལ་སྤྲོས་པ་མཁའ་ལ་མཉམ་སྟེ་གདལ་གདལཿ གཙོ་བོ་བཞིའི་ཐུགས་ལས་འོད་སྤྲོས་པས་པདྨ་གཅལ་དུ་སྤྲོས་ནས་མཚན་བརྗོད་ཀྱིས་མི་ལངས་པའི་བདེར་གཤེགས་བསམ་མི་ཁྱབ་པ་གསལ་ ལ་རང་བཞིན་མེད་...
202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920045.tif
MW30498
manuscript
ume
danyig_pedri
༄༅། །སྒོ་ནས་བསྟོད་པ་ནི། དེ་ནས་ཞེས་པ་ལསྭོ་པའོ། འབྲས་བུ་སྒོ་ནས་བསྟོད་པ་ནི་གཞན་ཡང་ཞེས་པ་ལསྭོ་པའོ། བཟླས་པ་དངོས་ནི་ཨོཾ་ས་རྦ་ ཞེས་པ་ལསྭོ་པ་སྟེ། སྤྲོ་བསྡུའི་བཟླས་པ་བྱའོ། དེ་ཡང་དང་པོར་བདག་དང་མདུན་གྱི་སངས་དྱས་མཁའ་འགྲོ་མ་གཉིས་ཀྱི་གསང་གནས་ཀྱི་སྔགས་ལ་དམིགས་ནས་ ཨོཾ་སརྦ་བྷུར་དྷ་ཊ་ཀ་ནི་ཡེ་ཧཱུཾ་ཕཊ་སྭཧཱ་ཞེས་པ་འདི་ལ་ཅི་རིགསུ་ཟློས་ཤིང་ཏི...
202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740132.jpg
MW8CZ226
manuscript
ume
druma
ཡིན། ༼བརྟགས་པའི་༽འོད་དཀར་པོ་དང་སེར་པོ་སོགས་རང་སྣང་གཞན་སྣང། ཅིང་དཔྱད་ནས་འདི་ནི་གཞན་སྣང་ངམ་སྙམས་པའི་ ༼ཡུལ་དང་༽ཤེས་ པ་རང་བདག་ཏུ་བཟུང་ནས། ན༡༦༤།༡ ༼ཡིད་ཀྱིས་༽ཡུལ་གཞན་སྣང་དུ། ༼འཛིན་པའི་༽ཡིད་ཀྱི་ཤེས་པ་རང་ལ། ༼བལྟས་༽པའི་གཟུང་འཛིན་ གྱི་རྟོག་པ་བྱུང། ༼གཞི་སྣང་༽ལྷུན་གྲུབ་དུ་ཡོད་པའི་དེའི་སྲོག་རླུང་གི་གཡོས་ཏེ་གཞི་སྣང་ ༼ཤར་བས་༽དེས་རྐྱེ...
202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200378.jpg
MW8LS16909
manuscript
ume
danyig_pedri
བའི་ས་དགུ་ལ་ཉོན་མོངས་པའི་སྒྲིབ་པ་སྦྱངས། གཡུང་དྲུང་ཐེག་པའི་ས་བཅུ་ལ་ཤེས་བྱའི་སྒྲིབ་པ་སྦྱང་ནས་ཕྱིར་མི་ལྡོག་པའི་ས་ལ་བཀོད། དེ་ལྟར་གསོན་ གཤིན་གཉིས་ཀྱིས་བསྡུས་པའི་འགྲོ་དོན་བྱེད་པ་དེ་ལ་ལྡོག་ཆ་ནས་བླ་དུ་བ་ལྟ་བུ་ཡིད་མར་མེ་ལྟ་བུ་སེམས་མེ་འོད་ལྟ་བུ་ཞེས་སོ། ༼ཁ་སྦུབས་ཏེ༽སྲིད་པ་གསུམ་གྱི་འགྲོ་བའི་ དོན་ཡང་འབྱུང་སྟེ་དེ་དག་ངན་སོང་ནས་མཐོ་རི...
202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200045.jpg
MW8LS16909
manuscript
ume
danyig_pedri
ནས་བདེ། སྨོན་ལམ་ལམ་ནི་རེ་དོགས་མེད་པར་བདེ། བྱམས་པའི་ལམ་ནི་བདག་གཞན་མེད་ན་བདེ། ཞི་ བའི་ལམ་ནི་མ་རྨོངས་པ་ན་བདེ། གསལ་བའི་ལམ་ནི་མ་གཡོས་པ་ན་བདེ། ཡངས་པའི་ལམ་ནི་ཁྱབ་ཅིང་བདལ་ན་བདེ། སྐུ་ཡི་ལམ་ ནི་བྱང་ཆུབ་ཆེན་པོར་བདེ། གསུང་གི་ལམ་ནི་རང་བཞིན་མེད་ན་བདེ། ཐུགས་ཀྱི་ལམ་ནི་མཉམས་པ་ཉིད་དུ་བདེ། ཡོན་ཏན་ལམ་ ནི་ཀུན་ལ་སྙོམས་ན་བདེ། འཕྲིན་ལས་ལམ་ན་བ...
202604:Kurt:IE21872_MA:VE6312_MA:v2:63120035.tif
MW21872
manuscript
ume
druma
དཀྱིལ་འཁོར་ན། སྐུ་ལྷ་དབལ་ཆེན་གེ་ཁོད་འཁོར་བཅས་ལ། སྙིང་པོ་འཛབ་ཀྱི་མཆོད་པ་འབུལ། ཐབས་དང་ཤེས་རབ་རོལ་པར་བཞེས་སུ་ གསོལ། ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། སྣང་སྲིད་ཐམས་ཅད་ཁྲོ་བོ་ཁྲོ་མོས་གང་། གསང་བ་བྱང་སེམས་འཕྲོ་འདུ་ཡི། ཕར་སྤྲོས་པས་ནི་ཡེ་ཤེས་སྐུ། ཚུར་བསྡུས་པས་ནི་ལྷ་ཡི་སྐུ། གཉིས་སུ་མེད་པ་གཡུང་དྲུང་སྐུ། གཉིས་མེད་ངང་དུ་ཐིམ་གྱུར་ཅིག ...
202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180664.jpg
MW3KG550
manuscript
ume
druma
ཤེས་པར་མི་འགྱུར་རོ། །གསུམ་པ་ཁྱད་པར་གནད་ཀྱི་གདམས་པ་གདབ་པ་ནི། འཆི་ ཁའི་དུས་འདི་བདེ་སྡུག་སོ་མཚམས་ཡིན། བསམ་པ་བཟང་ངན་འཕེན་པའི་སྟོབས་ཆེ་བས། །ཞེས་པས། འཆི་ཁའི་དུས་འདིར་ཡར་ཐར་པ་ཐོབ་པ་དང་། མར་འཁོར་བར་འཁྱམས་པའི་སོ་མཚམས་ཡིན་པས། བསམ་པ་བཟང་ངན་ཤིན་ཏུ་སྟོབས་ཆེ་སྟེ། དགེ་བ་སྤྱད་པའི་གང་ཟག་ཅིག འཆི་ ཁར་བསམ་པའི་སེམས་བསྐྱེད་ལོག་ན། དགེ་བས་མ...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620916.jpg
MW4CZ332378
manuscript
ume
danyig_pedri
སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བསཿ ཐུགས་རྗེ་འོད་བསྐྱེད་འགྲོ་འདྲེན་དབང་ཐོབ་ཤོགཿ ཤེས་རབ་ཕུལ་ལྡན་སྟོན་པའི་འོད་ཟེར་ལསཿ སྐུ་ ཡི་གཤེན་རབ་གསང་ལེ་གྱེར་མང་དངཿ གསུང་གི་གཤེན་རབ་འཐིབ་པ་བྱིན་གཏིབ་དངཿ ཡོན་ཏན་གྱི་གཤེན་རབ་དབལ་སོ་ངར་དྲག་དངཿ ཕྲིན་ལས་ཀྱི་གཤེན་རབ་ཁྱབ་ཡངས་ཀློང་མཁའདངཿ ཐུགས་ཀྱི་གཤེན་རབ་འོད་ནམ་ཤག་འཕྲུལ་རྗེ་ཡིསཿ སྐལ་ལྡན་སློབ...
202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920196.tif
MW30498
manuscript
ume
druma
༄༅།། ཤིག་གསུངས།། དམིགས་གཏད་མེད་པའི་གོ་བ་རྙེད།། ཆོས་སྐུ་འགྱུར་མེད་གནས་མཆོག་ཏུ།། མ་བཅོས་གཉུག་མའི་བླ་མ་ཡིས།། རང་སེམས་མ་བཅོས་ རྣལ་འབྱོར་ལ།། སྟོང་པ་རང་ཆས་ཆོས་ཤིག་གསུངས།། སྟོང་པ་ཉིད་ཀྱི་གོ་བ་རྙེད།། ལྷུན་གྲུབ་ཆེན་པོའི་གནས་མཆོག་ཏུ།། རྒྱ་མཚོ་ལྟ་བུའི་བླ་མ་ཡིས།། རྦ་རླབས་ལྟ་བུའི་རྣལ་འབྱོར་ ལ།། ཏོལ་སྐྱེས་རང་གྲོལ་ཆོས་ཅིག་གསུངས།། གཉི...
202604:Kurt:IE8LS19748_MA:VE8LS19750_MA:v2:I8LS197500045.jpg
MW8LS19748
manuscript
ume
danyig_pedri
དབང་པོ་ཁ་ནང་དུ་བསྟན་པ་བསྒོམ་མོ། འཇིག་རྟེན་ལས་འདས་པར་སྦ་བ་དགུ་ནི། གཡོའ་བ་མེད་པའི་ དབྱིངས་སུ་གསལ་ལ་མ་བསྒྲིབས་པའི་ཡེ་ཤེས་ལས་སྦས་པ་ལས། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བསླུ་རུ་ཡེ་ནས་མེད། སྒྲོ་བསྐུར་མེད་པའི་དབྱིངས་ སུ། རེ་དོགས་མེད་པའི་ཡེ་ཤེས་ལས་སྦ་བས་ལ། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བསླུ་རུ་མེད་པ་ཡེ་ནས་མེད། གཞིའ་སྐྱེ་བ་མེད་པའི་དབྱིང...
202604:Kurt:IE21872_MA:VE6312_MA:v2:63120273.tif
MW21872
manuscript
ume
druma
མ་མཆོག་སྲིད་པའི་རྒྱལ་མོ། དུས་དྲུག་སྤྲུལ་པའི་ཡུམ་ཆེན། མཁའ་ཀློང་དབྱིངས་ཀྱི་མ་མོ། གནམ་ཕྱི་གནམ་སྨན་མཆེད་བཞི། གཏེར་ བདག་ཡུམ་སྲས་སྡེ་ལྔ། ཁྱད་པར་དུ་ཞང་ཞུང་བོན་གྱི་བསྟན་སྲུང་། མ་མཆོག་མུ་ལ་ཙ་མེད། སྲིང་ཅིག་སྒྲ་བླའི་རྒྱལ་མོ། སྟག་རི་རོང་གི་མ་མོ། སྤྱང་ ཞོན་སྟག་ཞོན་འཕར་ཞོན། རྒྱལ་ཆེན་ཉི་པང་སད་དང་། སྨན་བཙུན་ཀུ་མ་ར་ཙ། དམ་ཅན་ཁྲོ་ནག་ར་གད...
202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180064.jpg
MW3KG550
manuscript
ume
danyig_pedri
འོང་བ་ལ་ཆགས་སྟེ་ལས་མིད་གེ་བ་སྲོག་གཅོད་རྡུང་རྡེག་ཚིག་རྩུབ་སྨྲ་བ་སོགས་ལས་དང། ན༡༦༦།༣ ལས་ནུས་ཅན་ད་ལྟའི་ལུས་འདིའི་སྟེང་ ན། སྐབས་འཁོར་བའི་ལས་བདེ་སྡུག་གང་ཡང། རྒ་ཤི་ཡི་བར་དུ་འཁོར་བ་ལུགས་འབྱུང་གི་རྟེན་འབྲེལ་བཅུ་གཉིས་བྱུང་བའི་ཚུལ་དེ་ལྟར་ ཡིན་ནོ། ན༡༦༦།༥ རྒྱུ་དྲུག་ བྱེད་རྒྱུ། ལྷན་ཅིག སྐལ་མཉམ། མཚུངས་ལྡན། ཀུན་འགྲོ། རྣམ་སྨིན་དང་དྲུག ...
202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200382.jpg
MW8LS16909
manuscript
ume
danyig_pedri
ལིང་ག་ཚེར་མའི་མེ་ལ་བསྲེག་ཅིང་ལམ་མདོ་ན་མནན་ནས་དམོད་པ་བོར༔ ས་མ་ཡཱ༔ ཨྠི༔༔ ཞང་ཞུང་སྲུང་མ་བཙན་རྒོད་དམར་པོའི་སྒྲུབ་ཐབས་ནི༔ རིན་ཆེན་སྣོད་དུ་ལུག་གི་སྙིང་རྟེན་བཙུག་ལ་དམ་རྫས་ཤ་ཁྲག་གི་ཕུད་བཤམས་ཤིང་༔༔ བདག་ཉིད་ཡི་དམ་གསལ་བའི་མདུན་དུ་སྲུང་མ་བཙན་རྒོད་དམར་པོ་འཁོར་ དང་བཅས་པ་འདུས་ནས་ཅི་བཅོལ་པའི་ཕྲིན་ལས་བསྒྲུབ་པར་བསམ༔༔ བསྭོ་ཨཱོཾ་ཉེ་ལོ་ཡོ...
202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920388.tif
MW30498
manuscript
ume
multi-script
ཐ་མ་ཆོ་འཕྲུལ་གྱི་སྟེང་ན་ཟིན་པས་ཉོན་མོངས་པ་རང་ཁར་མི་འཆོར་བ་ཡིན། གསུངས་པ་དག་ཀྱང་དོན་གོང་མ་དང་དབྱེར་མེད་ཅིང་ཁྲིད་ཤིན་ཏུ་གོ་བདེ་བར་སྣང་ངོ་། གཞན་ཡང་དམ་པའི་ཞལ་ནས། རྟོག་པ་རྐུན་བུ་བ་ཚོར་བ་ཡང་མི་སྟོ་སྟེ་དྭངས་སྙིགས་ ཕྱེད་པ་ཡིན། ལས་དང་པོའི་དུས་སུ་ཐོལ་སྐྱེས་དྲན་པ་མང་བ་ཡིན་ཏེ། ཆུ་དྭངས་པའི་ སྲོག་ཆགས་ཕྲན་བུ་དང་འདྲ་སྟེ་གསལ་བ་ཡིན། དེ...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620125.jpg
MW4CZ332378
manuscript
ume
danyig_pedri
རྟགས་ཚད་མན་ངག་ཆུང་བ་བཞུགས་པ་ལེགས་སོ། །
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620707.jpg
MW4CZ332378
manuscript
ume
druma
༄༅། །དང་པོ་བརྒྱུད་ཚུལ་བསྟན་ཅིང་བྱུང་ཁུངས་བསྟན། དེ་ནས་དར་ལུགས་བསྟན་ཅིང་བྲོད་པ་བསྐྱེད། བར་དུ་ནུབ་ལུགས་བསྟན་ཅིང་ཁེ་རྔམ་བསྐྱུང་། ཐ་མར་སྒོ་དབྱེ་བསྟན་ཅིང་རྣམ་ཐར་སྟོན། དེ་ལ་དང་པོ་རྒྱུད་ ཚུལ་བསྟན་པ་ནི། སྐུ་གསུམ་སངས་རྒྱས་ཀྱི་བརྒྱུད་ཚུལ་དང་། བདེར་གཤེགས་དགོངས་པའི་བརྒྱུད་ཚུལ་དང་། བྱིན་རླབས་དབང་གིས་བརྒྱུད་ཚུལ་དང་། སྒྲ་བསྒྱུར་ལོ་པ...
202604:Kurt:IE3KG548_MA:VE3KG1417_MA:v2:I3KG14170353.jpg
MW3KG548
manuscript
ume
druma
བོར་བཏབ་བཏབ་ལན་གསུམ་མཛད་ནས། དེ་ཀས་ཆོག་གིས་གསུངས། དེར་ལོ་གསུམ་དུ་གསང་སྔགས་དང་རྫོགས་ ཆེན་གྱི་དོན་ཐམས་ཅད་ཚང་བར་བསྟན་ནོ། །བླ་མའི་ཞལ་ནས་གདམས་པ་འདི་ཡི་གཞུང་ལུགས་ཀྱིས། ཤ་ མཚན་ལ་བརྟག་པ། མིང་ལ་བརྟག་པ། ཤ་མདངས་ལ་བརྟགས་པ། སྤྱོད་པ་ལ་བརྟག་པ། རྨི་ལམ་ལ་བརྟག་པ་དང་ལྔ་ཡོད་དེ། ཁྱོད་ལ་ལྔ་ག་ཚང་ངོ། །ཤ་མཚན་ལ་བརྟག་པས་ནི། ཕྱག་གཡོན་པའི་མཐིལ་ན་བ...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329621017.jpg
MW4CZ332378
manuscript
ume
druma
སྣ་ཚོགས་འབར་བའི་འོད། མ་རིག་སྐྱོན་རྣམས་འཇོམ་པར་མཛོད། རྫོགས་པའི་ཀུན་བཟང་རྒྱལ་པོའི་སྐུ། གཙོ་ལ་འཁོར་གྱིས་བསྐོར་བར་བསམ། བསྒྲུབ་ཆེན་བདག་གིས་ སྤྱན་འདྲེན་གྱིས། ཚོགས་ཁང་འདི་རུ་གཤེགས་སུ་གསོལ། ལོངས་སྤྱོད་ཚོགས་ལ་རོལ་མཛོད་ཅིང་། འོད་ཟེར་བྱིན་རླབས་ཆར་ལྟར་ཕོབ། ཡང་སྙིང་བདུད་རྩིའི་དངོས་གྲུབ་སྩོལ། འདོད་པའི་ལོངས་སྤྱོད་ཚོགས་ལ་ཐིམ། འཇིག་རྟ...
202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320008.tif
MW30498
manuscript
ume
danyig_pedri
ཡུག་ལ་འདོད་གདུང་སྐྱེ་བ་དང། ལྷ་ལ་སྐྱེད་མོའི་ཚལ། དམྱལ་བ་ཡི་དྭགས་ལ་མགོ་ཐུར་བསྟན། དུད་འགྲོ་ལ་འཕྲེད། ལྷ་མི་སོགས་གྱེན་དུ་འགྲོ་སྣང་ཤར་བ། སྟོང་ཉམས་ཧད་དེ་བ་གཟུགས་མེད། བདེ་གསལ་གྱི་ཉམས་འབོལ་ལེ་བ་གཟུགས་ཁམས། བདེ་སྐྱིད་ཀྱི་ཉམས་ཀྱིས་འདོད་ཁམས་ ཁྲི་གདན་རྒྱལ་པོ། རྡོར་དྲིལ་ཆོས་པ། ཁང་བཟང་ཡིད་དུ་འོང་བ་མིའི་སྐྱེ་གནས་སོགས་ཡིན་པས། དེ་དུས་སྔར...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8740617.jpg
MW3PD439
manuscript
ume
gyuyig_tsugdri
རྟེན་པའི་གཞི་གནས་ཕོ་བྲང་ལྷུན་གྲུབ་ཤོགཿ ཨ་དཀར་ཧ་ར་དྲུང་མུ་མཎྜལ་ཧཱུྂཿ ཞེས་ཀྱི་བརྡུང་ལ་དཀྱིལ་འཁོར་གཞི་མ་བཏིངཿ བཟང་ སྨན་འོ་མའི་ཆག་ཆག་གདབ་པ་ནིཿ ཨཱོྃཿ མི་འགྱུར་གཡུང་དྲུང་དབྱིངས་ཀྱི་དཀྱིལ་འཁོར་ལཿ མཚན་མ་རྫས་ཀྱི་ཆག་གདབ་མི་འཚལ་ཀྱངཿ བདག་སོགས་མ་རིག་ཁམས་གསུམ་སེམས་ཅན་རྣམསཿ ཚོགས་རྫོགས་སྒྲིབ་པ་སྦྱང་ཕྱིར་དཀྱིལ་འཁོར་བཞེངསཿ དག་པའི་ཆུ་དང...
202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920025.tif
MW30498
manuscript
ume
druma
མེད་ལ་འོད་གསལ་འཆར་བདེ་བ་སྡོད་སར་ཚུགས་པ་རང་ལ་རན་པ་དེ་ཀའི་ཆོག་པ་ཡིན། གཟིགས་སྟངས་ནི། གཟིགས་སྟངས་ལ། སྒྲོན་མ་སྣང་ བྱེད་ལས། སེང་གེ་གླང་དང་རི་བོང་དང་། མདའ་སྲང་ལྟ་བུའི་ལྟ་སྟངས་བཞི། ཉིན་དུས་རྣལ་འབྱོར་པ་ཡིས་བསླབས། ཞེས་དང་། སྒོ་གནད་ལྡོ་ཕབ་ཟུར་ གྱིས་བལྟ། ཞེས་ལྟ་སྟངས་དང་འདུག་སྟངས་དང་པོ་མིག་སྣ་རྩེར་ཕབ་ལ་མདའ་སྟངས་ལྟ་བུའི་ལྟ་སྟངས་ཀྱིས...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8740841.jpg
MW3PD439
manuscript
ume
gyuyig_tsugdri
པ་རྫོགས། རྟགས་ན་དགའ། གནས་ཚད་ཟིན། སྐུ་རུ་སྨིན་པའི་དགོས་པ་རྫོགས། ཆད་ན་དགའ། དངོས་པོ་མེད། འབྱུང་བཞི་ཟད་པའི་དགོས་པ་རྫོགས། སྐུ་གསུམ་འདི། གཅིག་ཏུ་ག ཉིས་སུ་མེད་པའི་དགོས་པ་རྫོགས། སྟོང་གསལ་རིག སོ་སོར་ཕྱེད། གཉིས་མེད་དགོས་པ་རྫོགས་། ཁས་ལེན་བྲལ། མིང་འདོགས་མེད། ཀ་ནས་དག་པའི་དགོས་པ་རྫོགས། ཨོྃ་ ཨཿཧཱུཾ། ཆོས་དབྱིངས་མ། སེམས་སུ་བྱོན། དམིགས་...
202604:Kurt:IE8LS19748_MA:VE8LS19750_MA:v2:I8LS197500174.jpg
MW8LS19748
manuscript
ume
danyig_pedri
མེད་ས་ལེ་ཞོག སྙོམས་བྱེད་བློའི་སྒྲིབ་སྦྱངས་མ་རག་ལ། བློ་བྲལ་རྟོགས་པ་མེད་པས་དོན་ལ་ཞོག རྣམ་རྟོག་འགྱུ་བྱེད་ཞེ་འཛིན་བསྡམས་ལ། རང་ཤར་ རྒྱ་ཡན་གྱི་རྩེད་མོ་དབྱིངས་སུ་རྩེས། གསུངས་ནས་གཞའ་ཚོན་མར་མེ་ཙམ་གཅིག་རེད་ནས་གསལ་ཏེ་ལ་ལ་ཉི་མ་ཤར་ཕྱོགས་སུ་ཐལ། ཡང་ནུབ་གཅིག་ཆང་གྲལ་གཅིག་དུ་བསྡད་ཙ། རིག་པ་མི་བརྟེན་སྣང་བ་གཡེང་ཅིང་འགྲོ་འདོད་པ་བྱུང་། ཀག་ག...
202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320051.tif
MW30498
manuscript
ume
danyig_pedri
ཀུན་གཞི་ནམ་མཁའ་འདྲ་བའི་དོན་རྟོགས་པས། སྣང་བ་སྒྲ་འོད་ཟེར་གསུམ་གྱི་རྗེས་སུ་མི་འབྲེང་སྟེ། དཔེར་ན་རྒྱལ་པོ་དམངས་ཀྱི་རྗེས་སུ་མི་འབྲེང་པ་དང་འདྲ། སྣང་བ་སྒྲ་འོད་ཟེར་གསུམ་གྱི་རྗེས་སུ་མི་འབྲེང་པས། སྣང་བ་རང་སྣང་སྒྱུ་མར་གྲོལ། །ཞེས་པས། སྣང་བ་ལ་བདེན་པར་མ་བཟུང་པས། རང་སྣང་དུ་ གྲོལ་སྟེ། དཔེར་ན་བྲག་ཆ་ལྟ་བུར་གྲོལ། སྣང་བ་རང་སྣང་དུ་གྲོལ་བས...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620921.jpg
MW4CZ332378
manuscript
ume
danyig_pedri
ལམ་དུ་བྱེད་ན་ཡང་འབྲས་བུ། ༼གཉིས་པ་༽ལུང་གཞན་དང་འགལ་བ་སྤོང་བ། ༼ཐིག་རིམ་༽འཁྲུལ་མཛོད་ ༼སོགས་ཀྱི་༽བཀའ་རྣམས་བ ༡༣༨།༡ ༼འདོད་པའང་༽དབུས་གཏེར་ལྟར་རྒྱ་གར་བོན་སྐོར་ལས་གཞི་ཇི་བཞིན་ཉིད་དང་ལྷོ་གཏེར་ལྟར་ཁམས་བརྒྱད་ལ་ཡང་ཡང་གསུང་པ་དང་རྒྱུད་སྡེ་བཞི་བཅུ་རྩ་ གཉིས་ཀྱི་དགོངས་དོན་མཛོད་འདིའི་ལུགས་ཀྱི་གཞི་ཀ་དག་དང་དེ་བཞིན་དུ་སྐྱེ་མཆེད་དང་རང་བཞིན་དང...
202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200299.jpg
MW8LS16909
manuscript
ume
danyig_pedri
རིག་པ་ནི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ། སྐུ་གསུམ་རིག་པ་ འདུ་འབྲལ་མེད་ཅེས་གསུངས་པ་ལྟར་རོ། ཀློང་གྱུར་རིག་པའི་སྐབས་སུ་འཁོར་འདས་གཉིས་མེད་ངང་བཞག་ཆེན་པོ་ལས་རིག་པ་སེམས་སུ་མ་འཁྲུལ་པ་ནི་སྡོམ་པ་སྟེ། དམ་ཚིག་བསྲུང་དུ་མེད་པ་སྟེ་དམ་པ་དེ་ལས་སེམས་སུ་འཁྲུལ་ནས་འཇིགས་ཆེན་དམྱལ་བའི་མེས་འཚིགས་...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8740421.jpg
MW3PD439
manuscript
ume
danyig_pedri
འགོས་མ་མྱོང་བ་དེ་ལ་གཞི་ཡེ་སངས་རྒྱས་པ་ཞེས་བྱའོ། ༧ བཞི་པ་ལ་གསུམ། ངེས་དོན་སྤྱི་དྲིལ་དུ་དབྱེ་བ་དང་། བདེན་གཉིས་དོ་མཉམ་དུ་དབྱེ་བ་དང་། བྱེ་བྲག་རྒྱས་ ཚུལ་དུ་དབྱེ་བའོ། ༧ དང་པོ་ལ་ཁམས་གསུམ་རྒྱུ་ལ་དེ་བཞིན་རང་ཆས་པས། ཅེས་པས། འདིར་གཞི་ལམ་འབྲས་གསུམ་སྤྱིར་སྡོམ་གྱི་ངེས་ཚིག་སྟོན་ཏེ། གཞི་ དང་ལམ་དང་འབྲས་བུའོ། ༧ དང་པོ་ལ་ནི། སེམས་ཅན་གྱི་རྒྱུ...
202604:Kurt:IE19674_MA:VE2107_MA:v2:21070590.tif
MW19674
manuscript
ume
danyig_pedri
དབུས་མེད། ཕྱི་དང་ནང་མེད། ཁ་དང་གཏིང་མེད། ཐོག་མ་དང་ཐ་མ་མེད་པར་སྣང་སྲིད་འཁོར་འདས་ཡོངས་ ལ་ཁྱབ་བདལ་དུ་གནས་པས་ཕྱོགས་རིས་མེད་ཅེས་བྱ། ཀློང་ཆེན་གཅིག་ནས་ཐམས་ཅད་ཤར། །ཅེས་པས་ ཀུན་གཞིའི་ངོ་བོ་སྟོང་ཞིང་བདག་མེད་པས། སྟོང་པ་ཆེན་པོའི་ཀློང་ཞེས་བྱ། ཀློང་དེ་ནས་འཁོར་བ་མྱང་ འདས་ལས་སོགས། བོན་ཐམས་ཅད་མི་འབྱུང་པ་མེད་པས་ཐམས་ཅད་ཤར་ཞེས་བྱ། སྟོང་པའི...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620821.jpg
MW4CZ332378
manuscript
ume
danyig_pedri
མལ་གྱི་གཉེན་སྲིད་དང་འདྲ་སྟེ། ཕྱོགས་མེད་ཡེ་སྲུང་གི་དོན་མ་རྟོགས། འབྲས་བུ་མཆོང་ བུའི་བྱི་དོར་འདྲ་སྟེ། སྒྲིབ་མེད་རང་ཆས་ཀྱི་དོན་མ་རྟོགས་པས། ལམ་རིང་འབྲས་བུ་འགྱངས་ པས་དོན་དང་འཕྲད་པ་དཀའ་སྟེ། རྩོལ་སྒྲུབ་ལམ་ལ་གནས་པའི་གང་ཟག་རྣམས། དངུལ་ ལ་ཡང་ཞུན་བྱས་ཀྱང་ལྕགས་མི་འབྱུང་། ཞེས་ལུང་དྲུག་ལས་གསུངས་སོ། རྒྱུ་མཚན་ལ་ འདི་ཡི་ལུགས་ཀྱི། བཤད་རྒྱ...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620173.jpg
MW4CZ332378
manuscript
ume
gyuyig_tsugdri
མོངས་པ་སྐྱེས་པ་དེ་ཡང་འོད་གསལ་གྱི་རྒྱས་ཐེབས་བཞིན་པ་ཡིན་པས། རྣམ་རྟོག་གི་འགྱུ་བ་རང་སར་བཞག་པས་དེ་ལས་ ལྷག་པའི་གྲོལ་ལམ་མེད་པས་འཆིང་བ་ཆོས་སྐུར་གྲོལ་བ་ཡིན་ནོ། བཞི་པ་ནི་རྣམ་རྟོག་གང་འགྱུའི་མཁན་པོ་རིག་པ་སྟེཿ འགྱུ་མཁན་ སེང་ངེ་ས་ལེ་བ་དེ་ཉིདཿ ངོས་བཟུང་རིག་པའི་རང་ས་ཟིན་གྱུར་ནཿ རྣམ་རྟོག་ཁོ་རང་སྒོམ་གྱི་མཆོག་ཏུ་འཆརཿ རང་སར་གྲོལ་བ་ རིག་པའ...
202604:Kurt:IE3PD439_MA:VE3PD874_MA:v2:I3PD8741143.jpg
MW3PD439
manuscript
ume
gyuyig_tsugdri
པས། མཉམ་པ་ཆེན་པོ་གཅིག་ལ་ཡེ་ནས་གནས་པའོ། བརྗོད་མེད་གཅིག་ལ་སོ་སོར་དྲང་དོན་བཤད། ཅེས་པས། དེ་ལྟར་ཀུན་གཞི་རང་རིག་པ། རྩལ་འགག་ མེད་ཀྱི་ཆོ་འཕྲུལ་ལ། མིང་སོ་སོ་རུ་མཚོན་པ་ནི། ཐ་སྙད་དྲང་དོན་ཙམ་དུ་བཏགས་ཏེ། ཡེ་ནས་སྨྲ་བསམ་ཚིག་ལས་འདས་པ། སྟོང་ཉིད་བདག་མེད་གཅིག་ལ་ མིང་མེད་མིང་གིས་མཚོན་པའོ། གདོད་ནས་རང་བཞིན་སྟོང་གསལ་འཛིན་པ་བྲལ། ཅེས་པས། བློ་ར...
202604:Kurt:IE19674_MA:VE2107_MA:v2:21070586.tif
MW19674
manuscript
ume
danyig_pedri
ཉེན་དབྱེར་མེད་མི་རྟོག་ཏིང་འཛིན་བསྟན། རྟོག་པས་རྟོག་པ་སྤང་གཉེན་བཤིག་འཇོམ་མེད། འཁྱག་བྲོམ་དྲོ་མེད་རང་གྱོང་གྲོགས་མི་བཞུ། རྨོངས་པ་མགོ་མཉམ་གཅིག་གིས་གཅིག་མི་འདུལ། དངོས་མེད་ཡེ་ཤེས་རྟོག་ཚོགས་ཕུང་པོ་གཞོམ། བསམ་འདས་རྟོགས་ཚད་འཁྲུལ་པ་ཟིལ་གྱིས་གནོན། དཔྱིད་ དྲོད་ལངས་པས་འཁྱག་བྲོམ་འདུག་ཡུལ་མེད། རིགས་ལྡན་རྗེ་བོ་དམངས་བྲན་ཀུན་ལ་དབང་། ཀུན་བ...
202604:Kurt:IE19674_MA:VE2107_MA:v2:21070079.tif
MW19674
manuscript
ume
danyig_pedri
ངོ་བོ་ལུང་མ་བསྟན། ཀུན་ལ་ཁྱབ་མཉམ། རྟོགས་མ་རྟོགས་ཀྱི་ཁྱད་པར་ཆེ་བའོ། ། དེའི་དང་པོ་ ནི། ངོ་བོ་ལ་གང་གིས་ཀྱང་མ་གཡོས་པས་དག་པ་ཟང་ཐལ་གཅེར་བུ་རྗེན་པར་གནས་པའི་ དོན། གཉིས་པ་ནི་རྣམ་པ་ལ། ཐམས་ཅད་རང་བཞིན་གྱིས་བྱེད་མཁན་མེད་པར་བྱུང་ཞིང་གྲུབ་པའི་དོན། གསུམ་པ་ནི་ངོ་བོ་འདི་ཞེས་མཚན་དུ་མེད། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པའི་དོན། བཞི་པ་ནི་ ཐམས་ཅད་...
202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620251.jpg
MW4CZ332378
manuscript
ume
danyig_pedri
ལྷ་ལྕམ་གྱི་རྟོགས་པ་བོག་འབྱུང་བའི་དོན་དུ་མིང་པོ་དྱལ་པོ་ཨི་ཏྲ་བོད་དེའི་ལས་ཀྱི་ཕྱག་དྱ་བྱས་ནས་སྙམས་པར་ཞུག་པས། ཨུ་དྱན་གྱི་མི་རྣམས་ཀྱི་ཚོར་ཏེ་ཐམས་ཅད་མ་མོས་ཏེ། ཨུ་དྱན་གྱི་དྱལ་ ཁྲིམས་ཉམས་པས་ཆད་པ་གཅོད་དགོས་ཟེར་རོ། དེ་ནས་དཔལ་མོས་ཨུ་དྱན་གྱི་ཤར་ཕྱོགས་ནས་དྱལ་པོ་དྷེ་བ་ཏ་ར་ཞེས་བྱ་བ། དཔལ་བདེ་མཆོག་འཁོར་ལོའི་རྣོར་པ་ཅིག་བཞུགས་པའི་དྲུང་དུ...
202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740233.jpg
MW8CZ226
manuscript
ume
druma
ལས་ལྷ་མོ་ཡོངས་ཕྲིན་སྐོར་གླིང་མཿ ཐུགས་ཀྱི་ལྷ་མོ་བོན་སྡེ་རིགས་འབྱེད་ཆཿ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བསཿ བྱིན་རླབས་གཟི་བརྗིད་འགྲོ་འདྲེན་དབང་ཐོབ་ཤོགཿ དབྱིངས་ཀྱི་ཡུམ་ཆེན་བྱིན་རླབས་ལས་བྱུང་བའིཿ སྐུ་ཡི་ལྷ་མོ་འོད་དཔག་ཚད་མེད་འཕྲོཿ གསུང་གི་ལྷ་མོ་བརྗིད་གནོན་སྐྱེད་ བྱེད་མཿ ཡོན་ཏན་གྱི་ལྷ་མོ་འཕྲུལ་ནམ་གཏོ་རྒྱལ་འབྱུངཿ ཕྲིན་ལས་ཀྱི་...
202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920215.tif
MW30498
manuscript
ume
druma
།བཅུ་གཉིས་པ་ཤཱནྷའི་རྒྱ་ལག་བསྣོམ་མ་པེའུ་རིས་བཞི་པོ་འདི་ ལྟར་རོ།
202604:Kurt:IE00KG03862_MA:VE00KG03934_MA:v2:I00KG039340081.tif
MW00KG03862
manuscript
ume
other
༄༅་། སྡང་རྩ་བྲལ་འདི། བཟོད་པའི་ཕ་རོལ་ཕྱིན་པ་ལགས། དམྱལ་བ་བྱ་བའི་མིང་ཡང་མེད། རྡོ་རྗེ་སེམས་དཔའ་ཞིང་ཁམས་ལགས། མེ་ལོང་ལྟ་བུའི་ཡེ་ཤེས་ཀློང་། གཡོ་མེད་ང་རྒྱལ་རྩ་བྲལ་འདི། བསམ་གཏན་ཕ་རོལ་ཕྱིན་པ་ལགས། ལྷ་ཞེས་བྱ་བའི་མིང་ཡང་མེད། རིན་ཆེན་འབྱུང་ལྡན་ཞིང་ཁམས་ལགས། མཉམ་པ་ཉིད་ཀྱི་ཡེ་ཤེས་ ཀློང༑ ཞེན་མེད་འདོད་ཆགས་རྩ་བྲལ་འདི། ཚུལ་ཁྲིམས་ཕ་རོལ་ཕྱི...
202604:Kurt:IE8LS19748_MA:VE8LS19750_MA:v2:I8LS197500165.jpg
MW8LS19748
manuscript
ume
danyig_pedri