transcription stringlengths 3 2.37k | id stringlengths 48 63 | mw_id stringclasses 14
values | technology stringclasses 2
values | script stringclasses 2
values | script_4 stringclasses 7
values | image imagewidth (px) 807 11.4k |
|---|---|---|---|---|---|---|
༔༔ གསང་ཐིས་འཕར་མ་དགུ་སྐོར་གྱི་བཟློག་པ་བཞུགས༔༔ ༔༔ | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180894.jpg | MW3KG550 | manuscript | ume | druma | |
འོག་མ་བ་རྣམས་ལས། བློ་ཡིས་སྒྲིབ་པ་འཐུགས་པོ་མུན་པ་འདྲ་བ་དེས་ནོན་པ་དེ་ལས། ཐེག་པ་ཆེན་པོའི་དོན་
ཉི་མ་ཤར་བ་དང་འདྲ་བའི་འོད་ཀྱིས། སྒྲིབ་པ་ཐམས་ཅད་དུས་གཅིག་དུ་འབྱོངས་བར་བྱ་ཞེས་འབྱུང་སྟེ། དང་པོར་བློ་ཡིས་སྒྲིབ་པ་འཐུགས་པོས་ནོན་པ་
དེ་ལས། དཔེར་ནས་ལུགས་རེད་ཀྱིས་རྣ་བར་ཁུ་བྱུག་ཐོས་པ་དང་འདྲ་སྟེ། ཡེ་གཤེན་གཙུག་ཕུད་ཀྱིས་གཡུ་ལོ་འབར་བའི་སྡང་པ... | 202604:Kurt:IE21872_MA:VE6312_MA:v2:63120183.tif | MW21872 | manuscript | ume | druma | |
མེད་ངག་ལ་ཞོག རིག་པ་དངོས་མེད་སྟོང་པ་འདི། གཞི་རྩ་བྲལ་ཏེ་དབྱིངས་སུ་རྒྱས། མཐོང་རྒྱུ་མེད་དེ་དོན་དུ་གསལ། རྟོག་པ་‘‘མེད་དེ་”རང་སར་དག
ཅི་ཡང་མ་ཡིན་སྟོང་པ་འདི། ཕྱལ་དུ་མི་བཏང་དོན་ལ་བཟུང་། འདི་ནི་སངས་རྒྱས་རང་ཆས་ཡིན། འདི་ནི་བོན་སྐུའི་ངོའོ་ཡིན། ཀུན་གཞི་མ་བཅོས་
ལྷོད་དེ་བྲལ། གཡོ་བཅོས་མེད་པར་རང་སར་ཞོག རང་རིག་ཡེ་ཤེས་སལེ་བ། འཛིན་པ་མེད་པར... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320188.tif | MW30498 | manuscript | ume | danyig_pedri | |
གྲོལ་ས་མཐར་ཕྱིན་པ་ནི་མ་ཡིན་ནོ། དེའི་ན་གཞི་བདེ་བར་གཤེགས་པའི་སྙིང་པོའི་ངང་མངོན་དུ་གྱུར་བ་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་
པོ་དེ་ཉིད་ནང་གསལ་ཐིམ་ལ་མ་རྨུགས་པའི་དབྱིངས་སུ་སངས་རྒྱས་པའི་ཚེ་ན་འཁོར་བའི་སྣང་སེམས་ཐམས་ཅད་གཞན་དུ་མ་སྤང་བར་རང་སར་གྲོལ་བ་དང། རྟེན་སྐུ་དང་བརྟེན་པ་ཡེ་ཤེས་
སུ་ཤར་བ་ཐམས་ཅད་གཞི་དེ་ལ་རང་ཆས་སུ་རྫོགས་པ་རྒྱལ་བ... | 202604:Kurt:IE3PD439_MA:VE3PD874_MA:v2:I3PD8740675.jpg | MW3PD439 | manuscript | ume | danyig_pedri | |
ཡེ་ནས་བཅོས་སུ་མེད་པ། ཡོད་མེད་གཉིས་ཀྱིས་མཐའ་ལས་འདས་པའི་སེམས་ལ་ཡེ་ནས་བཅོས་སུ་མེད། བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་སེམས་ལས་ཡེ་ནས་བཅོས་སུ་མེད། བྱང་ཆུབ་སེམས་ཀྱི་སྐབས་སྦྱོར་རྫོགས་སྷཱོ། བཀྲ་ཤིས་སྭོ། དགེའོ། | 202604:Kurt:IE21872_MA:VE6312_MA:v2:63120223.tif | MW21872 | manuscript | ume | druma | |
༄༅། །མཚན་ཉིད་མི་འགྱུར་རྟགས་སུ་ནི། ཨོག་ཙོམ་དམར་པོ་བྲམ་ཟེའི་ཚུལ། བོན་དུ་
གསང་གཏེར་ཁ་བྱང་སྟོན། འགྲོ་དོན་ཚད་ཀྱང་བཞི་ཁྲི་འདྲེན། གཤེན་ཁྲི་རྗེ་ཡོངས་རྫོགས་སྤྲུལ་པ་ནི།
ཁྲི་བཙན་བསྟན་པའི་མཚན་ཅན་འབྱུང་། བཀའ་ལུང་སྡེ་སྣོད་སིལ་བུར་འཆད། མཚན་ཉིད་མི་འགྱུར་
རྟགས་སུ་ནི། ནུ་མ་གཡས་སུ་སྨེ་བས་བརྒྱན། རྒྱུད་ལུང་རྟོགས་པའི་བདག་ཉིད་ཅན། འགྲོ་དོན་ཚད... | 202604:Kurt:IE3KG548_MA:VE3KG1417_MA:v2:I3KG14170323.jpg | MW3KG548 | manuscript | ume | druma | |
དུ་མེད་པ་ཞིག་ལམ་དུ་ཁྱེར་ལ་འབད་དེ། ཁྲུག་གིས་འདྲེས་ན་མཉམ་རྗེས་ཟུང་དུ་འབྲེལ་བ་
ཡིན་ལ། གྱ་བྲལ་མཉམ་བཞག་རང་གལ་ཆེ་མོད། མཉམ་རྗེས་གཉིས་ཀྱི་ཁྱད་པར་ཡང་། ལ་ལས་
གསལ་བ་དང་སྟོང་པ། ལ་ལས་རྩེ་གཅིག་ཏུ་གནས་པ་དང་། དྲན་པའི་རྒྱུན་མི་གཅོད་པ་དང་། ལ་ལས་
འདུག་ནས་ཉམས་སུ་ལེན་པ་དང་། བྱ་བྱེད་འགྲོ་འདུག་ལ་སོགས་ལ་འདོད་མོས་ཀྱི། འདིར་ངོ་བོའི་སྒོ་ནས་
ཕྱེ་... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620292.jpg | MW4CZ332378 | manuscript | ume | danyig_pedri | |
རྩིའི་རྒྱ་མཚོ་ལྟེམ་གྱིས་གང་བར་བསམ།། ཨ་མ་ཨ་ཨཱོཾ་ཧཱུྃ་ཉི་རི་བྷ་ར་དུ་བསྐོར་ཞིང་སྦྱང་པས། ཞེས་བརྗོད་པས ལྷ་ཡབ་ཡུམ་གྱི་
ཐུགས་ལས་ཨ་མ་གཉིས་འཕྲོས་པས། བདུད་རྩིའི་རྒྱ་མཚོ་ལ་ཕོག་ནས། གཡས་གཡོན་དུ་བསྐོར་ཞིང་སྦྱངས་པས། ལྷ་ཡབ་ཡུམ་ཁྲི་གདན་དང་བཅས་པ་འོད་དུ་ཞུ་
བ་ལས། བདུད་རྩིའི་རང་བཞིན་དུ་གྱུར། བདུད་རྩི་ཡང་དྭངས་མ་མཆོད་འབུལ་གྱི་ལྷ་མོས་ཡེ་ཤེས་... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180060.jpg | MW3KG550 | manuscript | ume | multi-script | |
བརྒྱད་པ་འཆི་མེད་གཙུག་ཕུད་ལ་ཡང་གསུམ། གནས་དང་སྟོན་པ་དང་། དགོངས་
པའི་བརྒྱུད་ཚུལ་ལོ། ། དང་པོ་གནས་ནི། གཡུ་ལུང་ཤེལ་ཕུག་འོག་མིན་ཞེས་པས།
གསེར་གྱི་རི་ལ་ཤེལ་གྱི་རྩེ་མོ་དྲུག་ཡོད་པ། མདུན་ན་གཡུ་མཚོ་གླིང་དགུ་ལ། ཨུད་དུ་འབར་བའི་
མེ་ཏོག་འཁྲུངས་པ། ཉམས་དགའ་བ་ཡིད་དུ་འོང་བའི་གནས་དེར། གཉིས་པ་སྟོན་པ་ནི། ཡུམ་བཟང་བཟའ་
རིང་བཙུན་གྱི་འཕྲག་པ་གཡས་... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620408.jpg | MW4CZ332378 | manuscript | ume | druma | |
༂ སྣང་སྟོང་གཉིས་སུ་མེད་པའི་ཤངས་བུག༔ དོན་གཉིས་ལྷུན་གྱིས་གྲུབ་ཕྱིར་སྨིན་མ་དང་སྙན༔ གདོད་ནས་མ་འཁྲུལ་
བའི་བརྡར་དབུ་སྐྲ་སྤྱི་བོར་ཐོར་ཅོག་དང་༔ རྒྱུད་འཛིན་རྗེས་སུ་འཛིན་ཕྱིར་ཟར་བུ་སིལ་མར་བཀྲམ་པ༔ བདེ་སྟོང་གཉིས་སུ་མེད་པའི་ཕྱག་གཉིས་རྡོར་
དྲིལ་བསྣོལ་ཐབས་སུ་འཛིན་པ༔ ཚོགས་དྲུག་གནས་སུ་དག་པའི་རུས་རྒྱན༔ ཚད་མེད་ཡོན་ཏན་རྫོགས་ཕྱིར་རིན་པོ་ཆེ... | 202604:Kurt:IE30456_MA:VE1CZ3961_MA:v2:I1CZ39610229.jpg | MW30456 | manuscript | ume | danyig_pedri | |
ཐམས་ཅད་རིག་པའི་རང་ལ་ཚུལ་རིམ་པའི། བ༡༥༨།༡ ༼རིག་པའི་༽རང་སར་གྲོལ་བ་དང་རང་སར་ཟིན་པ་གཉིས་ཁྱད་
པར་ཤིན་ཏུ་ཆེ་སྟེ་རང་སར་གྲོལ་བ་ཐོག་མའི་གཞི་ལ་གཞི་སྣང་ཤར་བ་དེ་རང་སྣང་དུ་ཤེས་པའི་རིག་པ་འཕགས་ཏེ་སྐད་ཅིག་གི་ས་མ་གྲོལ་བའི་
གྲོལ་ས་མཐར་ཕྱིན་དེ་ལྷུན་གྲུབ་གྲོལ་གཞི་ཡིན་པ་དང་རང་ས་ཟིན་པ་ཐོག་མའི་གཞི་ཐོག་ཏུ་བཙན་ས་ཟིན་ནས་ངོ་བོ་ཡེ་དག་ལ་འཁྲུལ་
རྟོག... | 202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200365.jpg | MW8LS16909 | manuscript | ume | danyig_pedri | |
སྐྱེ་བར་བསམ་མོ།། །།ཨཿ ཀུན་བཟང་ཡབ་ཡུམ་ཐབས་ཤེས་རོལ་པ་ལས། འོད་ཟེར་བྱང་སེམས་བདུད་རྩིའི་རྒྱུན་བབས་པས། ལུས་གནས་འཁོར་ལོ་དྲུག་པོའི་ནང་ཁེངས་
ནས། བདེ་གཤེགས་དགོངས་པ་རྒྱུད་ལ་འཆར་འགྱུར་ཅིག བུམ་པའི་ཆུ་འམ་བདུད་རྩི་བླུད་དོ། བཞི་པ་ཡང་གསང་གི་དབང་བསྐུར་བ་ལ་གསུམ། རིག་པ་ཐོག་བབ་ཏུ་ངོ་སྤྲད་པའི་དབང་དང་། དཔེ་
ལ་བརྟེན་ནས་རིག་པའི་མཚན་ཉིད་ངོ་སྤྲད... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14181153.jpg | MW3KG550 | manuscript | ume | multi-script | |
པ་ལ་སྐུ་རྐྱང་དང་སྐུ་ཕྱེད་ཡིག་འབྲུ་རྣམས་༼གཡོ་བ་དང༽ཕུང་པོ་མེ་ལ་བསྲེགས་པའི་དུས་སུ་ བ༦༢།༣ བཀའ་བརྒྱུད་སྐོར་བཞི་ཡི་བརྒྱུད་ཁུངས་ཀྱི་སྟོན་པ་བཤད་དོ།
བ༦༢།༤༼རྣམས༽ཡེ་ཤེས་རྫོགས་པའི་སྐུ་བརྙེས་ན་༼སྐུ་དངོས་ཀྱིས༽འགྲོ་དོན་བྱུང་ན་ནམ་མཁའ་༼དང༽གཞན་དུ་བ༦༢།༥༼གསང་ཆེན༽རྒྱུད་སྡེ་བཞི་བཅུ་རྩ་གཉིས་
༼འཇིག་རྟེན༽སྟེང་ལྷ་བར་མི་འོག་ཀླུ་དང་ཡང་ན་སྟོང་གསུ... | 202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200124.jpg | MW8LS16909 | manuscript | ume | danyig_pedri | |
༼༽བསྒྲུབ་༼༽ནས་བར་ཆོད་མེད་པར་ཤོག ཅེས་གསུངས་ནས། རྒྱན་ཆ་རྣམས་བཀྲོལ་ནས་ཕྱོགས་བཅུར་གཏོར། ནབ་བཟའ་དུམ་བུར་གཏུབ་ནས་
གཏོར། དབུ་སྐྲ་རྣམས་བྲེགས་ནས་ཕྱོགས་བཅུ་ཀུན་ཏུ་གཏོར། འཁོར་གྱིས་འཇུས་ཀྱང་མ་ཐུབ་པར། རྒྱན་ཆ་རྣམས་ཀུན་སྤངས་སོ། །དེར་འཁོར་རྣམས་
མྱ་ངན་གྱིས་ཟིན་པར་གྱུར། ཀུན་གྱིས་རྒོད་ལྕམ་མྱོས་འདུག་ཟེར་བ་བྱུང་ངོ་། དེར་དེ་ནུབ་ཉལ་ནས་བསྡད་ཀ... | 202604:Kurt:IE30498_MA:VE1CZ4725_MA:v2:I1CZ47250126.tif | MW30498 | manuscript | ume | danyig_pedri | |
པ་གསལ་༼སྟོང༽ལ་དྲི་མ་མེད་པ། གསལ་ལ་རང་བཞིན་མེད་པ་ཕྱལ་ལེ་གནས་པ་སལེ་གསལ་བ་རྗེན་ནེ་འཆར་བ། གང་ཡང་དངོས་པོ་མེད་དེ་རང་བཞིན་མེད་པ། དབྱེ་
བ་མེད་དེ་ཅིག་དུ་རྟོགས་པ་འདི། སངས་རྒྱས་ཀྱིས་དགོངས་པ་ལྷུན་གྲུབ་ཀྱིས་ཟང་ཏལ་དུ་གནས་ཡིན་ནོ། འདི་ངོ་ཤེས་པས་ཆོག་གོ འདི་ངོ་ཤེས་ན་སངས་རྒྱས་དེ་ཀ་ཡིན།
བོན་སྐུ་ལོག་ན་མེད་དོ། འདི་སྟོང་པར་ཤེས་ན་བོན་སྐུ་ཡིན།... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320348.tif | MW30498 | manuscript | ume | danyig_pedri | |
ལྡེ་མིག་སྟོར། བྱ་བརྩལ་ཐ་རམ་སྔོན་པོ་དམ། དེ་འབྱེད་འཕྲུལ་གྱི་ལྡེ་མིག་སྟོར། བག་ཆགས་ཐ་རམ་སྔོན་པོ་དམ། དེ་
འབྱེད་འཕྲུལ་གྱི་ལྡེ་མིག་སྟོར། རེ་སྨོན་ཐ་རམ་སྔོན་པོ་དམ། དེ་འབྱེད་འཕྲུལ་གྱི་ལྡེ་མིག་སྟོར། སྟོང་ཟད་ཐ་རམ་སྔོན་པོ་དམ། དེ་འབྱེད་འཕྲུལ་གྱི་ལྡེ་
མིག་སྟོར། སྒྲོ་བསྐུར་ཐ་རམ་སྔོན་པོ་དམ། དེ་འབྱེད་འཕྲུལ་གྱི་ལྡེ་མིག་སྟོར། སྤོང་ལེན་ཐ་ར... | 202604:Kurt:IE21872_MA:VE6312_MA:v2:63120011.tif | MW21872 | manuscript | ume | druma | |
ཕྱི་ནང་གསང་བའི་དཀྱིལ་འཁོར་དུ། སྣང་ལ་དངོས་མེད་མེ་ལོང་གཟུགས། མཉམ་ལ་མ་འདྲེས་གཞའ་ཚོན་འོད། གསལ་ལ་འཛིན་མེད་ཆུ་ཟླ་བཞིན།
རང་བཞིན་ལྷུན་གྲུབ་ཡེ་གནས་ལ། གཟུགས་སྐུ་ས་བོན་གདབ་པའི་ཕྱིར། རིག་པའི་རྩལ་སྣང་བསྐུལ་བཞིན་དུ། སྐུ་མདོག་ཕྱག་མཚན་བརྗིད་འགྱིང་རྔམ། གཏུམ་པའི་ང་རོ་
འཇིགས་བྱེད་ཆས། དཔའ་བའི་གར་ལྡན་ཁྲོས་པའི་སྟབས། སྐུ་ཚད་མ་ངེས་རིག་པའི་རྩ... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180334.jpg | MW3KG550 | manuscript | ume | danyig_pedri | |
གསུམ་པ་ནས་བཅོ་ལྔའི་བར་གསུམ་གྱིས་
འདྲེན། བཅུ་དྲུག་བཅུ་བདུན་བཅོ་བརྒྱད་གསུམ་གྱིས་ཐིག་ལེ་རྩ་
གནས་སུ་ཁྱབ་པར་འགྲམས། ཡང་ལྷག་མ་བཅུ་དགུ་
པས་དྲངས་པ། ཉི་ཤུ་པས་ལུས་ཀྱི་མགོ་འཇུག་རྩ་གནས་
མ་ལུས་པར་ཡོངས་སུ་ཁྱབ་པར་བྱེད་པ་ཡིན་ནོ། དེ་ལ་
རིག་འཛིན་བརྒྱད་ཀྱི་འཁྲུལ་འཁོར་སྐབས་སུ། རིག་འཛིན་
རང་རང་སྐད་ཅིག་ཝལ་ལེར་གསལ་ཏེ། ཧཱུཾ་ཀ་ར། འཇམ་
དཔལ། ནཱ་ག... | 202604:Kurt:IE00KG03862_MA:VE00KG03934_MA:v2:I00KG039340144.tif | MW00KG03862 | manuscript | ume | danyig_pedri | |
ཚེ་དབང་རིག་འཛིན་གྱིས་བྱིན་གྱིས་བརླབས་པ་ཡིན་གསུངས། བོན་ཆོས་དར་ནུབ་
ཀྱི་དུས་སུ་མི་ལ་རས་པ་ཡིན། བསྟན་པ་བཀའ་གཏེར་རྣམས་སྤེལ་བའི་དུས་སུ། གཤེན་
སྟོན་ཁྲི་སྐྱོང་རྒྱལ་པོ་ཡིན་ནོ། ། དེ་རྣམས་ཀྱི་བར་བར་དུ་བོན་ཆོས་ཀྱི་གྲུབ་ཐོབ་མང་པོའི་
སྐྱེ་བ་བླངས་ནས། སྐྱེ་བ་འདིའི་གོང་མ་ཚ་ཉག་བླ་མ་རྒྱལ་མཚན་ཡིན་གསུངས།
དགུང་ལོ་བཅོ་ལྔའི་དུས་སུ་ཉམས་དང་མི་... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620609.jpg | MW4CZ332378 | manuscript | ume | danyig_pedri | |
རེ་རེས་ལེགས་པར་ཁྲིད་ནས། །ཞག་ཟླ་བ་ལོ་ཡིས་གཏུགས་པའི་ཚེ་ན། །བར་ཆད་རྐྱེན་གྱི་རྐུན་མ་ཡོངས་ནས། །སྲག་གི་དབང་པོ་བརྐུངས་འདུག་པས། །སེམས་འཆི་མེད་འོད་གསལ་གཉུག་མའི་
ངང་དུ། །ལེགས་པར་སྦས་པ་མི་འཐད་ལགས་སམ། །འཁོར་འདས་གཉིས་ཀྱི་སོ་མཚམས་དེ་ན། །བསོད་ནམས་ཡིད་བཞིན་ནོར་བུ་རིན་ཆེན། །སྡོམ་མེད་སེམས་ཀྱི་ཁང་ནང་འདུག་པ། །ལས་ངན་སྟོབས་
ཀྱིས་མངགས་པའི་ཕོ... | 202604:Kurt:IE2PD17515_MA:VE4PD1489_MA:v2:I4PD14890080.jpg | MW2PD17515 | woodblock | uchen | null | |
ཁོང་ཡབ་སྲས་གཉིས་ཀྱིས་དེ་བ་མཆོད་ནས་བཞུགས་པས། པ་སྡེ་བ་བྱེད་ཅིད་འདུག་པས། དར་བྱོན་པའི་གྲེབས་མཛད། ཁོངན་རེ། བསྔོ་བ་མི་ཉན་པ་ཅི་ཡིན་ཟེར་འབར་དུ་བྱུང་། དེ་ནས་ཁོང་པས་
ཁྱེད་དང་ངེད་བསྔོ་བ་མི་གཅིག་པས། སོ་སོར་བྱེད་གསུངས་པས། འོ་ན་ཁྱེད་ཀྱིས་ཀྱིས་དང་ཟེར། ངའི་བསྔོ་བ་ལ་ཁྱེད་ཉན་དོགས་མེད་གསུངས་པས། ཁྱོད་ཀྱི་ཁ་རི་རྔ་མདོག་དང་། སྐྱི་རི་བྲང་ཤ་
འ... | 202604:Kurt:IE2PD17515_MA:VE4PD1489_MA:v2:I4PD14890180.jpg | MW2PD17515 | woodblock | uchen | null | |
པས་བསྒྲུབས། །སེམས་ལ་འཕྲོད་ན་ཉམས་སུ་ལོངས། །མི་ང་དང་བཟང་འབྲེལ་ངན་འབྲེལ་སོགས། །ཐམས་ཅད་བྱང་ཆུབ་ཐོབ་པར་ཤོག །ཅེས་གསུངས་པས། ཐམས་ཅད་ཡི་
རངས་ཏེ་ཆོས་ལ་བློ་འཁུལ་བས་བུ་མོའི་ཕ་དེ་ན་རེ། ངའི་བུ་མོ་འདི་ཅང་མོ་གཅིག་ཡོད་པས་དེ་ཙམ་ཞིག་ཡོང་ཐང་ཟེར་ནས། རྗེ་བཙུན་ལ་ཕྱག་འཚལ། ཆོས་འབྲེལ་ཞུས་སོ། །དེར་བུ་མོ་དེས་ཆོས་བྱེད་
པར་ཞུས་པས། བུ་མོའི་མ་དེ། བུ་... | 202604:Kurt:IE2PD17515_MA:VE4PD1489_MA:v2:I4PD14890105.jpg | MW2PD17515 | woodblock | uchen | null | |
ལགས་སོ། ། བླ་མ་དེའི་སློབ་མ་ནི། རྟོགས་ལྡན་གཅིག་ཆོད་དད་པ་ཤེས་རབ་
ཀྱི་ལོ་རྒྱུས་ལ་ལྔ། དང་པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི། ཡབ་སྲོ་བོན་
ཁྲོ་བསྟན་བྱ་བ་དང་། ཡུམ་མགོན་མོ་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་མ་བལྟམས་གོང་
ཡབ་ཡུམ་གཉིས་ལ། ཏི་སེའི་ལྷ་བཙན་དང་ཡིད་འོང་མས་ལུང་བསྟན་བྱུང་། དགུང་ལོ་དྲུག་ལོན་
ནས་ཡུམ་གྲོངས། ཆུང་ན... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620584.jpg | MW4CZ332378 | manuscript | ume | danyig_pedri | |
ཁམས་ཐམས་ཅད། ནང་དུ་རྔུབ་པའི་ཚེ་ན་སྒྱུ་ལུས་ཀྱི་སྦུབས་ཐམས་ཅད་ཧཱུཾ་གི་རང་བཞིན་དུ་གྱུར་པ་རླུང་ཁུག་བདུན། དེ་ནས་ཧཱུཾ་དེ་རྣམས་ཁྲོ་བོ་དང་ཁྲོ་མོ་སྐུ་མདོག་སྣ་ཚོགས་སུ་ཞལ་གཅིག་
ཕྱག་གཉིས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་ཤིང་། ཧཱུཾ་དང་ཕཊ་ཀྱིས་འབྲུག་ལྟར་སྒྲོགས་པ་བསམ་གྱིས་མི་ཁྱབ་པ་གྱུར་ཏེ། རླུང་ཕྱིར་འགྲོ་བའི་ཚེ་འཇིག་རྟེན་གྱི་ཁམས་དང་། ནང་ད... | 202604:Kurt:IE30498_MA:VE1CZ4736_MA:v2:I1CZ47360139.tif | MW30498 | manuscript | ume | multi-script | |
སྣང་རེས་དབུ་འབྱར་བར་སྣང་བའོ། ཚོགས་པ་གཅིག་དུ་བསྒོཾ་བ་ནི། གདམ་ངག་གི་སྟོན་ཏེ། ཕྱི་ཚོགས་པ་གཅིག་དུ་བསྒོ་བ་དང་། ནང་ཚོགས་པ་གཅིག་དུ་བསྒོཾ་བ་དང་། གསང་བ་ཚོགས་པ་
གཅིག་དུ་བསྒོཾ་བའོ། ངག་དག་པ་སྔགས་ཀྱི་(བསྐྱུས་)པ་བྱ་བ་ནི་བདག་སྟེ། སྔགས་བཏུ་བ་དང་། སྔགས་བཟླས་པའི་མན་ངག་དང་། སྔགས་བཟླས་དངོས་དང་། སྔགས་གསང་ཞིང་སྦྱིན་བའོ།
དང་པོ་ལ་གསུམ་ལས། བཤ... | 202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740153.jpg | MW8CZ226 | manuscript | ume | druma | |
པ། ཕོ་མོའི་འདོད་སྲེད་ལ་སྤྱད་པ། འབྱུང་བའི་སྟོབས་རྒུད་པ་བཞི་ལུས་ཀྱི་སྐྱོན་
ཡིན་པས་སྤོངས། ལས་དང་པོ་མི་ཟིན་པ་ཤས་ཆེ་བའི་དུས་སུ། གཉིད་ལ་ཁད་དང་།
སད་མ་ཐག་གི་དུས་སུ་ཏིང་ངེ་འཛིན་ལ་ལེགས་པར་གཅུན་ཞིང་བག་ཡངས་ལ་མི་འཇོག མ་
གཉིད་པའི་རྟོག་པ་རགས་པ་འགག རྨི་ལམ་མ་ཤར་བའི་བར་དེར། གང་གི་རྟོག་པ་
རབ་རིབ་བྱུང་བའི་དུས་དེ་ཀ་ལ་རྨི་ལམ་གྱི་མགོ་གཡོས་པ... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620109.jpg | MW4CZ332378 | manuscript | ume | gyuyig_tsugdri | |
དུས། འདི་ནི་ཟད་སར་སྐྱོལ་ཏེ་འབྲས་བུ་ཆེན་པོའི་དུས། འདི་རང་དབང་མེད་དེ་སངས་རྒྱས་པའི་དུས་ཡིན། རྟགས་ཚད་འདིའི་ཐོག་ཏུ་
མ་ཕྱིན་ཚེ། སེམས་ཉིད་དོན་ལ་གོམས་སུ་ཡོད། སེམས་ཉིད་དོན་ལ་འདྲིས་སུ་ཡོད། རང་རྩལ་སྦྱངས་ཤིང་། སེམས་ཉིད་གཏད་༼བཏན༽ལ་ཕེབ་པའི་
མེན་ངག་གོ མེན་ངག་རྒྱལ་པོ་གསེར་གྱིས་གདམ་པའི་རྒྱུད་ལས། སྟོང་ཉིད་མཐར་ཕྱིན་པའི་རྟགས་ཚད་བཤད་པའོ། འ... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320459.tif | MW30498 | manuscript | ume | danyig_pedri | |
༄༅་། ཐོས་དྲན་རེག་སྨྲ་དང་སངས་རྒྱས་ཤོག ཨིཊི།བརྩེ་སེམས་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ། སྤྲང་པོ་མེ་ལོང་རྡོ་རྗེས་། བུ་གཅིག་བློ་ལྡན་ལ་སླབ་བྱ་རུ་མཁར་ཆེན་
གདགས་ལོགས་སུ། ཁྱི་ཟླ་ཚེས་གསུམ་གྱི་སྔ་དྲོ་ཚར་བར་བྲིས་པ། འདི་སྦྱིན་བུ་དང་སློབ་མ་ཀུན་ལ་སྒྲོགས་ལ་བྱེད་པར་ཞུ། མེ་ལོང་རྡོ་རྗེའི་ལུང་། བློ་ལྡན་ལ་རྨི་ལམ་ངན་ཞིང་རྟེན་འབྲེལ་ངན་
པས༑ དབྱང... | 202604:Kurt:IE8LS19748_MA:VE8LS19750_MA:v2:I8LS197500217.jpg | MW8LS19748 | manuscript | ume | danyig_pedri | |
ཡུལ་དོལ་པོ་བི་ཅེར་དུ་སྐུའི་བཀྲ་ཤིས་ཤིག་མཛད་དགོངས་ནས། ཡུལ་གློ་བོར་གསུང་
ཤོག་བསྐུར་ཏེ། དགེ་བཤེས་ཁྱུང་རྒོད་ཁྱེད་ངའི་བཀྲ་ཤིས་ཤིག་བྱེད་པས། དེའི་མོ་ལྷ་གཏོང་བ་ལ་བྱོན་ཅིག་
གསུང་ནས་བྱོན་དུས། བླ་མ་ལགས། རྫོགས་ཆེན་སྙན་རྒྱུད་ཀྱི་གདམས་པ་ཐུགས་ལ་བཏགས་དགོས་
ཞུས་པས། བླ་མའི་ཞལ་ནས། ད་ང་རྒད་པོ་ནམ་འཆི་ཆ་མེད། ཁྱེད་ཀྱིས་གདམས་པ་འདིའི་བདག་
པོ་ག... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329621080.jpg | MW4CZ332378 | manuscript | ume | druma | |
གྱུར་ཅིག དམ་ཉམས་སྡང་པའི་དགྲ་བགེགས་ལ། ཙོ་དང་དམག་གི་སྣ་དྲོངས་ཤིག །།བསྭོ་གྱད་ཕུར་གསང་བའི་སྒོ་སྲུང་པ། མི་དཀར་སེང་མགོས་སེང་གེ་བཅིབས། ཆུ་སྲིན་
མགོ་ཅན་ཆུ་སྲིན་བཅིབས། མི་དམར་ཕག་མགོས་ཕག་རྒོད་ཞོན། མི་ནག་གཡག་མགོས་གཡག་རྒོད་བཅིབས། ཚོགས་དང་གཏོར་མས་ཐུགས་དམ་བསྐང་། འཇིགས་པ་
བཞི་ཡི་སྒོ་གཅོད་ཅིང་། ཐར་པ་བརྒྱད་ཀྱི་སྒོ་འབྱེད་པ། ཕྱོགས་བཞིའི་... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180725.jpg | MW3KG550 | manuscript | ume | druma | |
༄༅། །ནད་ནི་འདུ་བ་རྣམ་བཞིའི་རིགས་སོ། རྒས་པ་ནི་རྟེན་ཕུང་པོ་ཉམས་པའོ། སྡུག་བསྔལ་ཞེས་པ་ནི་གོ་སླའོ། བཟླས་པའི་ཕན་ཡོན་གང་ཞིག་ཞེས་པ་ལསྭོ་པ་སྟེ།
སྙིང་ཞེས་པ་ནི་གསང་གནས་སུ་འོ། འཁོར་ལོ་ནི་ཆོས་འབྱུང་ངོ། གསང་སྔགས་བསྒོམ་ནས་ཞེས་པ་ནི་རྩ་སྔགས། འགོག་པའི་ཚིག་བཟློས་བྱེད་དེ་ཞེས་པ་ནི་མཚོན་པ་སྟེ། སྤྲོ་
བསྡུའི་བཟླས་པ་དང་རྡོེའི་བཟླས་པ་བྱེད་པས་ཀ... | 202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740114.jpg | MW8CZ226 | manuscript | ume | druma | |
པའི་དོན་མ་རྟོགས་པས། བཟང་ངན་རུ་ཤན་ཕྱེ་སྟེ་འཁྲུལ་པའོ། འདོད་པ་དེ་ཀུན་ཅི་ཙམ་སོ་སོར་བལྟ། ཅེས་པས། འདི་ཀུན་གཞི་
དམར་ཐག་གཅོད་ཐབས་སྟོན་ཏེ། འདོད་བྱེད་ཀྱི་མཁན་པོ་འཁྲུལ་རྟོག་གི་མཚན་ཉིད་ལ་བལྟས་པའི་ཚེ་ན། འཁྲུལ་རྟོག་གི་མཚན་ཉིད་ཅི་ཡང་མི་
སྣང་བ་ལ་ཀུན་གཞིའི་རང་བཞིན་དངོས་སུ་མཐོང་བའོ། སྟེང་འོག་ཕྱོགས་མཚམས་འདུག་ལུགས་གང་ལ་ཟེར། ཅེས་པས། ཡང་མ་ཀ... | 202604:Kurt:IE19674_MA:VE2107_MA:v2:21070515.tif | MW19674 | manuscript | ume | danyig_pedri | |
ངང་ལས་མི་འདས་སྟེ། གསལ་ལ་རྟོག་མེད་མ་གྷག་(འགག)་རང་ཤར་སྟེ། སྟོང་ལ་བསམ་བྲལ་ཕྱོལ་བ་དེ་ཡིན་པ་ལ། གྷག་(འགག)་མེད་ལམ་དུ་ཁྱེར་བ་སྟེ་རྩལ་
སྦྱང་བ་ཡིན། བྱར་མེད་བརྗོད་དང་བྲལ་བ་དེ་འབྲས་བུ་ཡིན། སྟོང་པ་བློ་འདས་ཆེན་པོ་བོན་གྱི་སྐུ། གསལ་ལ་མི་རྟོག་འཛིན་བྲལ་རྫོགས་པའི་སྐུ།
གྷག་(འགག)་མེད་རང་ཤར་ཟངས་མ་སྤྲུལ་པའི་སྐུ། སྐུ་གསུམ་ངོའོ་དབྱེར་མེད་ཐིག་... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320522.tif | MW30498 | manuscript | ume | danyig_pedri | |
སྡིག་སྤང་བླང་གི་བྱ་བ་དང་། ཁྱད་པར་དུ་རིགས་ལྔའི་སྡོམ་པ་དང་། གསང་སྔགས་སྤྱི་ཡི་དམ་ཚིག་སུམ་ཅུ་ལ་སོགས་པ་རྣམས་ལ།
འགལ་བ་མེད་པར་དྲན་ཤེས་བག་ཡོད་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྲུང་བར་གྱིས་ཤིག། སླར་ཡང་གཏང་རག་གི་དོན་དུ་དམིགས་ཏེ་མཎྚལ་འབུལ་
མཛོད། མཎྚལ་ཅི་རིགས་འབུལ་ལོ། གསུམ་པ་ལ་ཐོག་མར་བཀྲ་ཤིས་བརྗོད་པ་ནི། མདུན་གྱི་ནམ་མཁའ་ལ་རྒྱལ་བ་སྲས་བཅས་མང... | 202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920283.tif | MW30498 | manuscript | ume | danyig_pedri | |
པའི་ནང་། །དབང་ཆེན་གསེར་གྱི་ས་གཞིའི་སྟེང་། །རྒྱ་མཚོའི་བདག་པོ་ཆེན་པོ་ནི། །མ་ཧཱ་གསེར་གྱི་རུས་སྦལ་ཞེས། །སྒྲ་དང་གྲགས་པ་ཆེ་ན་ཡང་། །དོན་གྱི་གཟུགས་ལ་གཏུགས་ཙ་ན། །རྫ་མ་ཁ་སྦུབ་བཞག་
འདྲ་བའི། །ཁ་མིག་ཆེ་ཞིང་ཡན་ལག་ཐུང་། །སྒྲ་དང་གཟུགས་གཉིས་འཛོལ་ནས་གདའ། །མ་ཧཱ་གསེར་གྱི་རུས་སྦལ་ཞེས། །འོན་ཀྱང་རྒྱ་མཚོའི་རྒྱན་དུ་ཆེ། །ས་བདག་འདུལ་བའི་གཉེན་པོ་... | 202604:Kurt:IE2PD17515_MA:VE4PD1489_MA:v2:I4PD14890150.jpg | MW2PD17515 | woodblock | uchen | null | |
པའི་ལམ་ལ་གནས་ནས་ཀྱང་། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཐོབ་པར་གྱུར་ཅིག ཚོགས་མཆོད་རྫོགས་སྭོ།། །།དབལ་ཆེན་གེ་ཁོད་སྐུ་ལ་ཕྱག་འཚལ་ལོ།
།།ཏི་ཀ་ལོ་སྔ་ཟུར་རུ་ཕན་ཕན་ཧེ་ཧེ་ཟེར་ན།། ཡབ་སུམ་བརྒྱ་དྲུག་ཅུ་སྐུ་བཞེངས་ཤིག ཏི་ཀ་ལོ་སྔ་ཟུ་རུ་མར་མར་ཞུང་ཞུང་ཟེར་ན།། ཡུམ་སུམ་བརྒྱ་དྲུག་ཅུ་སྐུ་བཞེངས་
ཤིག །།ཡེ་ཤེས་གསེར་གྱི་མེ་རི་སེར་པོ་དང་། ཐུགས་རྗ... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180665.jpg | MW3KG550 | manuscript | ume | druma | |
ཕོབ།།།།ཨེ་མ་ཧོ། པད་མ་རིགས་ཀྱི་མཁའ་འགྲོ་ནི། སྐུ་མདོག་དམར་པོ་ཆས་དང་ལྡན། མ་ལུས་འཁོར་དང་བཅས་པ་རྣམས། གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ཚོགས་
གཏོར་འདི་ལ་བྱིན་ཆེན་ཕོབ། ཨེ་མ་ཧོ། ལས་ཀྱི་རིགས་ཀྱི་མཁའ་འགྲོ་ནི། སྐུ་མདོག་ལྗང་ཁུ་རྒྱན་དང་ལྡན། མ་ལུས་འཁོར་དང་བཅས་པ་རྣམས། གནས་འདིར་སྤྱན་འདྲེན་
གཤེགས་སུ་གསོལ། ཚོགས་གཏོར་འདི་ལ་བྱིན་ཆེན་ཕོབ།... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320032.tif | MW30498 | manuscript | ume | danyig_pedri | |
༄༅། །ཞུགས། བན་དྷེ་རྨིས་ན་ལ་ཉེ་ངན། དགེ་འདུན་རྣམ་པ་གྲོང་སྤྲང་བྱེད། ཁྱིའི་མིག་སྔར་མི་སྡུག་
འཛིངས། བན་དྷེ་དམར་ཆས་དག་ལ་དགའ་བ་དང་། སྐྱེ་བོ་སེར་ཆས་ལ་རྒ་བར་འོང་། བློན་པོ་རྣམས་ཀྱིས་གྲོས་ཉམས་ནས།
ངན་པའི་ཁེ་རྐམ་བྱེད་དེ་འོང་། རྒྱལ་ཁམས་འཁྲུགས་ནས་རྫི་བུ་མེད། རྗེ་ལྷ་སྲས་གདུང་རྒྱུད་ཉམས་ནས་འགྲོ། དྲན་
པའི་ཞལ་ནས་དེ་སྐད་གསུངས། ཡང་རྗེའི་ཞལ... | 202604:Kurt:IE3KG548_MA:VE3KG1417_MA:v2:I3KG14170171.jpg | MW3KG548 | manuscript | ume | druma | |
པས་ཐོགས་བཅས་ཐོགས་མེད་ཀྱི་གནས་ཐམས་ཅད་དང། གཞན་གྱི་ཤེས་རྒྱུད་སོགས་མཉམ་བརྡལ་དུ་མཁྱེན་པ། རླུང་སེམས་གཉིས་ལ་སོགས་དཔེར་ན་གླང་པོ་
ཆེ་འདམ་ལ་བྱིང་བ་རང་སྟོབས་ཀྱིས་འདོན་པ་བཞིན་ཡུལ་རྐྱེན་ལ་མི་ལྟོས་ཤིང་ས་ལམ་རང་སྟོབས་ཀྱིས་བརྒལ་བ་དང། སྣང་བ་སོགས་དངོས་པོ་གསེར་སོགས་སུ་བསྒྱུར་བ་གཞན་
ཡང་མེ་ཆུར་བསྒྱུར། ཆུ་མེར་བསྒྱུར་བ་སོགས་གནས་བསྒྱུར་གྱི་སྟོ... | 202604:Kurt:IE3PD439_MA:VE3PD874_MA:v2:I3PD8740613.jpg | MW3PD439 | manuscript | ume | danyig_pedri | |
སྔ་མ་ཡོད་ཚུལ་དང་ཕྱི་མ་ཡོད་རྒྱུའི་ངོས་ནས་བཤད་དོ། དེ་ནས་རྐང་པ་གསུམ་གྱིས་དེ་གཉིས་ཟུང་དུ་འཇུག་པ་ཐུགས་རྗེའི་རྩལ་ལས་ཅིར་ཡང་འཆར་དུ་
རུང་བའི་གཞིར་བསྟན་ཏོ། མཁས་པའི་གསུང་གཞིར་བཞག་ནས་བཤད་དོ། མདོར་ན་མཐའ་བྲལ་གྱི་རིག་པ་གཅིག་ལ་ལྡོག་ཆས་ཕྱེ་ན་ངོ་བོ་
གང་དུའང་མ་གྲུབ་པའི་ཆ་དང་། རང་བཞིན་སྣང་ཆ་གསལ་བའི་མ་འགག་པའི་ཆ་དང་། ཐུགས་རྗེ་དེ་གཉིས་ཟུང་ད... | 202604:Kurt:IE3PD439_MA:VE3PD874_MA:v2:I3PD8741034.jpg | MW3PD439 | manuscript | ume | gyuyig_tsugdri | |
།།མ་ཅིག་སྲིད་པ་རྒྱལ་མོའི་ཞུ་ལེན་བཞུགས་པའི་དབུ་ཕྱོགས་ལགས་སོ།། །། | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320809.tif | MW30498 | manuscript | ume | druma | |
ནས་སྦྲུལ་གྱི་ཞགས་པས་བདག་ལས་འཛིན་པའི་ཚུལ་སྟོན། གཡས་ནས་དབྱུག་ཏོ་སྔོན་པོས་བརྡེག་པའི་ཚུལ་སྟོན་པ་སྙམས་བྱེད་ནས།
དེ་ནི་གཤིན་རྗེའི་ཉམས་སོད་དང་སྤྲུལ་པ་ཡིན་ཏེ། བདག་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས། འཆི་མེད་སྐྱེས་སྣང་བཙན་གྱི་དོན་གསལ་
བར་བྱས་ལ། རྒྱལ་མཚན་མཐོང་པོའི་ཏིང་ངེ་འཛིན་བསྒོམས་པས། སེམས་དུས་གསུམ་དུ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་པས།
ག... | 202604:Kurt:IE21872_MA:VE6312_MA:v2:63120290.tif | MW21872 | manuscript | ume | druma | |
ཧ་མུ་རམ་ཨ་ཕྱོད་ལ་ཕྱག་འཚལ་ལོཿ སྐུ་ཡི་ལྷ་ཆེནཿ འོད་ནམ་ཕྱོད་གསལ་ལ་ཕྱག་འཚལ་ལོཿ གསུང་གི་ལྷ་ཆེནཿ ལེགས་བཏང་འོད་མུ་
རྒྱང་ལ་ཕྱག་འཚལ་ལོཿ ཡོན་ཏན་གྱི་ལྷ་ཆེནཿ བླ་རྗེ་མཁའ་གསལ་ལ་ཕྱག་འཚལ་ལོཿ ཕྲིན་ལས་ཀྱི་ལྷ་ཆེནཿ འོད་གཤེན་སྒོམ་གསལ་ལ་ཕྱག་འཚལ་ལོཿ
ཐུགས་ཀྱི་ལྷ་ཆེནཿ གཏིང་རུམ་ཤེས་བཞིན་ལ་ཕྱག་འཚལ་ལོཿ སྐུ་ཡི་ལྷ་ཆེནཿ བ་ནམ་གཏིང་སྐྱོད་ལ་ཕྱག་འཚལ་ལོཿ... | 202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920090.tif | MW30498 | manuscript | ume | druma | |
ཉིད་ལོག་པར་མི་ལྟ་བའི་དབྱིངས་སུ། སེམས་ཉིད་ལོག་པར་ལྟ་བ་མེད་པ་ཐིམ་པའོ། །ཟིལ་ཐིགས་ཅེས་པ།
བོན་ཉིད་ལ་སེམས་ཉིད་ཐིམ་པའི་དུས་ན། ཀུན་གཞི་ལོག་པར་ལྟ་བ་མེད་པ་ནམ་མཁའ་དང་འདྲ་བའི་དབྱིངས་ན། ཡེ་ཤེས་དང་བདེན་
པ་༼དགོངས་པ༽དང་འབྲས་བུ་ཐོབ་པའོ། །ཤེས་བྱའི་བློ་ནི་ཞེས་པ། མ་རྟོགས་པ་ཤེས་བྱའི་སྒྲིབ་པ་དང་ལྡན་པ་རྣམས་ནི་བདུད་དང་འདྲ་སྟེ། འཁོར་
བའི་གནས་... | 202604:Kurt:IE21872_MA:VE6313_MA:v2:63130157.tif | MW21872 | manuscript | ume | druma | |
རཀྴ་རཀྴན(སྲུང་༡) ཡ་(ཇི་ལྟར་བར་)ཐེ་བམ་ཡ་ཐེ་(ཅི་རིག་པར་)ཥྚཾ་བུན་(ཐོ་ན)ཛ་ཐ། པི་(འབྱུང་ན་)པ་ཐ། ཛི་(སྡོམ་ན།)གྷྲི་ཐ། མ་ཐི་(རིམ་པ་ཇི་ལྟ་བ་བཞིན་)ཀྲ་མ་ཐ་མ་(འདོད་པའི་དོན་ལ་གསོལ་བ་གདབས་པ་)མ་༩བདག་གི་དོན་ཐམས་ཅད་)སརྦ་ཀ་ཏྱ་ཐ་ཡ་སད་(བདེ་ལེགས་)དུ་ཁམ། བུ་ཤུ་དྷེ་ཡེ་སྭཧཱ། ཡ་ཀེ་(གནོད་སྦྱིན་ཚོས་)བྷ་ཝན་ཏུ་ཧཱུཾ་ཧཱུ་ཧཱུཾ་ཕཌ་
སྭཧཱ(རྗེས་བཟུང་)། ཞ... | 202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740357.jpg | MW8CZ226 | manuscript | ume | multi-script | |
ཚིག་སྣ་ཚོགས་ཤེས་པ་དང་། དེ་ནས་ཞག་བཅུ་གཅིག་ནས་ལྟ་སྒོམ་གྱི་ཚིག་རྣམས་ཤེས་པ་དང་། །
དེ་ནས་ཉི་ཤུ་རྩ་གཅིག་ན། ལྷ་ལས་སོགས་པའི་རིགས་དྲུག་གི་སྐད་ཤེས་པ་དང་། དེ་ནས་ཟླ་བ་ཕྱེད་
ན། བེམ་པོའི་སྐད་རྣམས་ཤེས་པ་དང་། དེ་ནས་ཞག་བདུན་ན། སངས་རྒྱས་དང་སེམས་དཔའི་གསུང་རྣམས་
རིམ་པར་ཤེས་པ་ནི། ངག་གི་གྲུབ་རྟགས་སོ། །རང་གཞན་གཉིས་ཀས་མཐོང་བའི་སེམས་ཀྱི་རྟགས་... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620784.jpg | MW4CZ332378 | manuscript | ume | danyig_pedri | |
སུའི་དགོན་པ་ཡིན་བྱས་པས། བུ་ཁྱོད་ཀྱི་དགོན་པ་ཡིན་ཟེར། ཉམས་ཀྱི་རྟགས་
རྣམས་ཐམས་ཅད་བཟང་། སེམས་ཅན་ཀུན་ལ་ཕན་ཐོགས་ཀྱི་གསུངས་སོ། ། གསུམ་པ་ས་གནས་ཁྱད་པར་
ཅན་གང་དུ་བཞུགས་པ་ནི། ཞལ་ལུ་གོང་ཁྲ་བྱ་བ་མི་མ་ཡིན་འཚོགས་པའི་གནས་དེ་རུ་བཞུགས་ཤིང་།
ཁྱད་པར་དུ་གནས་དེར་མི་ལོ་བཅུ་བདུན་མི་ཚིག་གིས་བར་མ་ཆོད་པར་བསྒོམས་ཤིང་བསྒྲུབས་སོ། །
བརྟེན་པའི་ཚེ་ན... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620563.jpg | MW4CZ332378 | manuscript | ume | danyig_pedri | |
གཅིག་ཀྱང་ཡན་དུ་མ་བཅོལ་ལ། ཡེ་ཤེས་གསལ་འཆར་ཤེས་པར་བྱ། གཉེན་པོ་ཡེ་ཤེས་ཀྱིས་སོ་པ་རྒྱུན་མི་བཅད་དེ། མི་ཡེང་ངང་ལ་
གནས་པར་བྱ། དེ་ཡང་སྐྱེ་བ་མེད་པ་དེ་ཉིད་ལ། མི་ཡེང་པའི་ངང་ནས་དྲན་པ་སྣ་ཚོགས་བྱུང་ཡང་བློའི་བཅོས་མི་དགོས་ལ། རྟོག་པ་མེད་དེ་རང་འབྱུང་རང་
ཡལ་དུ་བཞག དེ་ལ་བཟང་རྟོག་ངན་རྟོག་ཤེས་པ་ཐམས་ཅད། རྟོག་པ་ཡེ་ཤེས་ཀྱིས་གཉེན་པོའི་༼པོས༽འཇོམས་... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320214.tif | MW30498 | manuscript | ume | danyig_pedri | |
ནས་མི་རྒོད་ལྔ་ལང་ནས་འདུག་དུ་མི་བཅོལ་ས་’ཁྱེར་གནམ་ཁྱེར་བྱེད། དེ་ལ་རང་འབྱུང་གི་བུ་གཅིག་ལང་ནས་བར་བྱེད་པའི་མན་ངག་ཡོད།
དེ་ཡང་བཀྲོལ་དོན་དུ་བཤད་ན་འདི་ལྟ་རོ། རིན་པོ་ཆེ་སྣ་ལྔའི་མཁར་ནི། རང་གིས་ལུས་པོ་འདི་ འབྱུང་བ་ལྔ་ལས་གྲུབ་པའི་བརྡའ་ཡིན་ནོ། བྱི་རུའི་མཆོད་
རྟེན་ཙི་ཏའོ། དུང་གིས་བ་གམ་ནི། ཙི་ཏའི་གོང་བ་དཀར་བ་ལ་ཟེར་བ་ཡིན། སྐྱེས་བུ་ཟེར... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320256.tif | MW30498 | manuscript | ume | danyig_pedri | |
བདེ་གཤེགས་མདོ་ཆོག་སྐྱབས་སེམས་ཡན་ལག་བཞུགས་སོ། །བདེ་གཤེགས་དཀྱིལ་འཁོར་ལྷ་ལ་འདུད། །སྐྱབས་སེམས་ཡན་ལག་འཇུག་པ་ནི།
ན་མོ། བོན་ཉིད་མི་འགྱུར་དབྱིངས་ཆེན་གཡུང་དྲུང་ཀློང་། །ལྷུན་གྲུབ་ཡེ་ཤེས་ཐུགས་རྗེ་མ་འགག་པའི། །མ་རིག་འཁྲུལ་
པའི་འགྲོ་བ་འདྲེན་མཛད་པ། །དུས་གསུམ་བདེ་གཤེགས་གསོན་ཅིག་དགོངས་སུ་གསོལ། །ཕྱོགས་བཅུ་དུས་གསུམ་བདེར་གཤེགས་རྫོགས་སངས་... | 202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920003.tif | MW30498 | manuscript | ume | druma | |
རུ། བློ་འོང་ས་མི་འདུག་ཙམ་ན། བློ་ལས་ཡེ་ནས་འདས་ནས་
འདུག སེམས་དང་སེམས་ཉིད་གཉིས་པོ་འདི། སེམས་ལས་སེམས་ཉིད་བྱ་བར་ཡང་མི་འདུག་པས། སེམས་སྟོང་པ་ཡིན་པར་
ཡེ་ནས་གསལ། བདག་དང་གཞན་གཉིས་པོ་དེ། བདག་གི་ངོ་བོ་མ་རྙེད་ཙམ་ན། གཞན་ལ་འོང་ས་མི་
འདུག་པས། བདག་མེད་ཡིན་པར་ཡེ་ནས་གསལ། གཅིག་དང་གཉིས་པོ་དེ། གཅིག་གི་ངོ་བོ་མ་རྙེད་ཙམ་ན།
གཉིས་ལ་འོང་ས་མི་འདུ... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620953.jpg | MW4CZ332378 | manuscript | ume | druma | |
པའི་མེན་ངག་ངས་བཤད་ཀྱིས། རིག་པ་རྩེ་རྒྱལ་དུ་ཞོག་ལ་མ་ཡེངས་པ་མེད་པར་ཞོག ལྟ་བ་གསུམ་དུ་བཤད་པ་འདི་ལྟར་རོ། ཕྱིའི་ལྟ
བསྣང་སྟོང་དུས་མཉམ་ཡིན། སྣང་སེམས་དབྱེར་མེད་རོ་ཅིག་མེན་ངག་གོ ནང་གི་ལྟ་བ་དྲན་སྟོང་དུས་མཉམ་ཡིན། མི་རྟོག་བདག་མེད་ཡེ་སྟོང་མེན་ངག་གོ གསང་
བའི་ལྟ་བ་གསལ་སྟོང་དབྱེར་མེད་ཡིན། ངོའོ་མཐའ་བྲལ་སྐུ་གསུམ་མེན་ངག་
གོ ཕྱིའི་སྒོམ་པ་རང... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320535.tif | MW30498 | manuscript | ume | danyig_pedri | |
གཞན་བསླུ་མ་གྲགས་ཤིག རང་ཉིད་བཙན་ས་བཟུང་པ་ལ། གཞན་གྱི་འདྲེན་སྟོན་མ་བྱེད་ཅིག རྒྱུ་འབྲས་དགེ་སྡིག་ཤན་འབྱེད་
ལ། བབ་ཆོལ་ཞོ་ཁྲག་མ་བསྲེ་ཅིག འདུལ་ཁྲིམས་ལམ་གྱི་སྡོང་ཡིན་པས། བུད་མེད་དབང་དུ་མ་ཤོར་ཅིག མ་བསྐོང་ཁས་ལེན་སྡིག་ཡིན་པས།
ཁས་ལེན་སྔོན་དུ་མ་བྱེད་ཅིག བྱ་ཆ་བྱར་མེད་གགས་ཡིན་པས། ངོའོ་ཉིད་ལ་མ་ཡེངས་ཤིག ངོའོ་ཉིད་ནི་སྟོང་པ་ཡིན། སྟོང་པའི... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320521.tif | MW30498 | manuscript | ume | danyig_pedri | |
ལོ་སྟོང་གསུམ་འཁྲིལ། གེ་ཁོད་ལྷ་ཡི་ལྕམ་མོ་རྣམས། སྤྲུལ་པ་གཡང་ཅན་ལུག་ཏུ་སྤྲུལ། སྨན་ལུག་གྲོ་མོ་གཡུ་རུ་ཅན། ཕུང་པོ་གཡུ་ལ་བལ་ཁྱེར་མཐིང་།
སུག་བཞི་དུང་ལ་རྨིག་བཞི་ལྕགས། མིག་ནི་གསེར་ལ་རྣ་བ་དུང་། ངུར་སྐད་སྙན་ལ་འབའ་སྐད་དུང་། ཁོལ་མོ་སྲིང་མོ་སྟག་རི་རོང་། སྤྲུལ་པ་ཐོག་དང་སེར་
བ་སྤྲུལ། དབལ་ཆེན་གེ་ཁོད་ལྕམ་དྲལ་ཀུན།། ཞང་ཞུང་དར་མའི་སྒྲ་བླར་... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180029.jpg | MW3KG550 | manuscript | ume | druma | |
གཅིག་གམ། སྟོང་ཉིད་མཉམ་ཉིད་མེ་ལོང་སོར་རྟོགས། བྱ་བ་ནན་ཏན་དང་སྔར་འདུས་ལ།
འདུས་ཚུལ་གྱིས་ཕྱེ་ན། དོན་དམ་ཇི་ལྟ་མཁྱེན་པའི་ཡེ་ཤེས་དང་། ཀུན་རྫོབ་ཇི་སྙེད་པ་མཁྱེན་པའི་
ཡེ་ཤེས་གཉིས་ལ་ཡང་འདུས་ཤིང་། དེའང་བསྡུས་ན་རང་འབྱུང་གི་ཡེ་ཤེས་ཉིད་ལ་ཡང་འདུས་སོ། ། གསུམ་པ་
འཕྲིན་ལས་ལ་ཡང་། རི་ཁྲོད་པའི་ཞལ་ནས། སེམས་ཅན་གྱི་བྱ་ལས། ལམ་པའི་སྤྱོད་ལམ། སངས་... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620318.jpg | MW4CZ332378 | manuscript | ume | druma | |
རྩིབ་བརྒྱད་དང་མདུན་རྒྱབ་གཉིས་སུ་ཧྲི་དམར་པོ་འོད་དུ་ཞུ་བ་ལས། སྐུ་བླ་ཁྲོ་བོ་ཡབ་བཅུ་ཞལ་གསུམ་ཕྱག་དྲུག་ཞབས་དྲུག་ཏུ་བསྒྲད་པ། ཕྱག་ན་རིགས་རྟགས་མེ་
དཔུང་ཕུར་པ་བསྣམས་པ། ཞབས་ཀྱིས་ཕྱོགས་བཅུ་བགེགས་བཅུ་གནོན་པ། རཾ་བཅུ་འོད་དུ་ཞུ་བ་ལས་ཁྲོ་མོ་ཡུམ་བཅུ། ཞལ་གཅིག་ཕྱག་གཉིས་གཡས་པས་ཡབ་
ལ་འཁྱུད་པ། གཡོན་པས་དུང་ཞལ་ཤེ་ཐུན་ཡབ་ལ་སྟོབས་པ། ཛ་རཾ་རཾ་བརྗོ... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180863.jpg | MW3KG550 | manuscript | ume | danyig_pedri | |
འདི་སྐད་དོ། །སེམས་ངོའོ་སྟོང་ལ་བདག་མེད་འདི། །རྒྱུ་དང་རྐྱེན་མེད་ཡེ་སྟོང་ཆེན་པོ་ཡིན། །ཕྱོགས་དང་རིས་མེད་མཐའ་བྲལ་ཆེན་པོ་ཡིན། །ཁ་’ཁོ’ལས་
མ་བྱུང་གཅིག་ཀྱང་མེད་པའི་ཡོད་པོ་ཅིག་ཡིན། དངོས་པོ་མཚན་མ་རྡུལ་ཙམ་མེད་པས་སྟོང་པ་ཅིག་ཡིན། ཡོད་མེད་གཉིས་ཀྱི་མཐའ་ལས་འདས་པས་དམིགས་གཏད་བྲལ་བ་
ཡིན། སྟོང་ལ་རྒྱ་ཆེ་བ་ནི་ནམ་མཁའ་ལྟ་བུ་ཡིན། གསལ་ལ་འཛིན་པ་མ... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320747.tif | MW30498 | manuscript | ume | danyig_pedri | |
རྒྱུད་ཁུངས་ཀྱིས་སྟོན་པ་ཞེས་བྱའོ། ཡེ་བྱུང་གིས་སྟོན་པ་ཅེས་བྱ་བ་ནི། སྲིད་པས་མ་སྲིད་པ་ཡེ་སྲིད་མཁའ་ལ་བདེ་བའི་བྱང་ཆུབ་ཀྱིས་སེམས་འདི་
ཡིན་ཏེ། དེ་ནི་མ་བསྒྲིབས་ཏེ། གསལ་བའི་ཡེ་ཤེས་ཉིད་ལ་ཉིད་ཡེ་བྱུང་ནས། ངང་ལ་ངང་གིས་གསལ་བས་ནི། ཡེ་འབྱུང་གིས་སྟོན་པའོ།
དེས་ནི་འགྲོ་དྲུག་གིས་སེམས་ཅན་ལ་ཡང་དག་པའི་དོན་སྟོན་པར་འགྲུབས་པའོ། དོན་དམ་པར་སྟོན་པ... | 202604:Kurt:IE21872_MA:VE6312_MA:v2:63120230.tif | MW21872 | manuscript | ume | druma | |
འགྲོ་འོང་གཉིས་མེད་དབུ་མའི་ལམ། ཚེ་གཅིག་སངས་རྒྱས་ཨེ་མ་ཧོ། །ཞེས་གསུངས་སོ། ཀུན་ཏུ་བཟང་པོ་མཉམ་ཉིད་ཡེ་ཤེས་རིག་པའི་
རྒྱུད་ལས། བག་ཆགས་རང་གྲོལ་ངེས་པ་དོན་དམ་གྱི་ལེའུ་སྟེ་བརྒྱད་པའོ། །ས་མ་ཡ། ༼ཨྠི༽རྒྱ་རྒྱ་རྒྱ། ཀུན་ཏུ་བཟང་པོ་འཁྲུལ་
པ་རང་སར་དག་ལ་ཕྱག་འཚལ་ལོ། ད་ནི་བར་དོ་རང་གྲོལ་ངེས་པ་འགྱུར་མེད་ཀྱི་ཁྲིད་སྟོན་ཏེ། དེ་ཡང་ད་ལྟ་གནས་པ་ཚེ་ཡི་བ... | 202604:Kurt:IE30498_MA:VE1CZ4725_MA:v2:I1CZ47250041.tif | MW30498 | manuscript | ume | danyig_pedri | |
༄༅། །ཁྱད་པར་གྱི་ཆོ་གའོ། དེ་ལ་དང་པོ་ནི་སྟན་བདེ་བ་བ་ལསྭོ་པ་སྟེ། དེ་ཡང་རྟེན་གྱི་གང་ཟག་དེས་གནས་དེར་ཕྱིན་ལ་ནང་པར་སྔ་བ་ལང་། ཆག་ཆག་གདབ། ཕྱག་དང་བྱ་
མ་འདལ་བཤམ། སངས་དྱས་རིན་པོ་ཆེའོ་སྐུ་གཟུགས་དགྲཾ། ལུག་མ་མང་པོ་ཉེ་བ་ཉིད་དུ་བཞུགསོུལ། མཆོད་པ་དང་གཏོར་མ་དང་ཆང་རྣཾས་བཤམ་མོ། དེ་ནས་སྟན་ལ་བསྡད་པ་འཆད་པ་ལ། སྟན་
བདེ་བ་ནི་ནང་ཚང་ཅན་ནོ། འདུག་སྟེ... | 202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740166.jpg | MW8CZ226 | manuscript | ume | druma | |
བདག་མེད་སྟོང་ཉིད་མངོན་དུ་མཐོང་ན། མ་རིག་པ་བདེན་མེད་ཡེ་ནས་རང་འབྱུང་རིག་པའི་ཡེ་ཤེས་སོ། བསླུ་བྱེད་དྲན་པའི་དམག་མི་ཁ་ལ་ཉན། འདོད་རྒུ་ཡོན་ཏན་ཕུན་
སུམ་ཚོགས་ཞེས་གྲགས། ཅེས་པས། རྣམ་རྟོག་རང་འབྱུང་རིག་པའི་དབྱིངས་ལ་མི་བསྒྲིབ་ན། སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་། དབང་སྒྱུར་རྒྱལ་
པོ་བཙོན་དུ་འཛིན་པའི་ཐབས། ཐ་མ་རིགས་ལ་ཤིན་ཏུ་གནད་... | 202604:Kurt:IE19674_MA:VE2107_MA:v2:21070448.tif | MW19674 | manuscript | ume | danyig_pedri | |
བསྒྲིབས་གསལ་བའོ། ད་ལྟ་ལུས་པོ་ཕོ་བྲང་ལྟ་བུ་ལ། རིག་པ་རྒྱལ་པོ་ལྟ་བུ་ཡིན། ཕོ་བྲང་དེ་ཉིད་འཇིགས་འགྱུར་ན། རྒྱལ་པོ་མི་འདུག་
བུད་པའོ། ད་ལྟ་ལུས་པོ་མཁར་ཁང་ལྟ་བུ་ལ། རིག་པ་འཚམས་པ་ལྟ་བུ་ཡིན། མཁར་ཁང་མི་རྟག་ཞིག་འགྱུར་ན། འཚམས་པ་མི་
འདུག་བཀྲོལ་པའོ། དཔེ་དེ་བཞིན་དུ་ད་ལུས་ཀྱི་རྒྱ་མདུད་གུར་ཁང་ན། མི་གྱུར་རང་རིག་ཡེ་ཤེས་བཞུགས། འབྱུང་བཞིའི་ལུས་... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320471.tif | MW30498 | manuscript | ume | danyig_pedri | |
དུས་སྤང་བླང་གཉིས་འཛིན་ལས་གྲོལ་བའི་ཕྱིར། དེ་ཡང་རང་གི་རྒྱུད་ཚོད་ལ་དཔག་སྟེ་སྤྱོད་པ་ལ་རིམ་བཞིན་བསླབ་པ་ནི། ཉི་ཟླ་ཁ་སྦྱོར་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས།
ཆོས་རྣམས་ཀུན་གྱི་རོ་མྱང་བྱ། རི་དྭགས་ལྟ་བུའི་སྤྱོད་པ་ཡིས། འཁྲུལ་པའི་ཡུལ་རྐྱེན་འགྱུར་རྣམས་སྤང། ལྐུག་པ་ལྟ་བུའི་སྤྱོད་པ་ཡིས། འཁྲུལ་པའི་ངག་ནི་མ་ལུས་སྤངས། ཐི་བྱ་ལྟ་བུའི་
སྤྱོད་པ་... | 202604:Kurt:IE3PD439_MA:VE3PD874_MA:v2:I3PD8740696.jpg | MW3PD439 | manuscript | ume | gyuyig_tsugdri | |
བསྐང་བ་འདྲ་བྱས་པས་བདེ་རུ་སོང་གསུངས། དེ་ནས་བླ་མ་ལ་གཡུ་མོན་ཞོ་ཉི་
ཤུ་རྩ་བཞི་རི་བ་ཞིག་ཕུལ་ནས། ཟབ་མོ་སྙན་རྒྱུད་ཀྱི་དབང་དང་ལུང་རྣམས་ཞུས་དུས། བླ་མའི་
ཞལ་ནས་དེ་རི་འུ་རང་གཉིས་རྨི་ལམ་བརྟོག་ཅིག་གསུངས་ནས་གཟིམས་པས། ནམ་གྱི་གུང་ལ་མི་དཀར་
པོ་ཅིག་གིས། དངོས་གྲུབ་མང་བ་ཅིག་ཕྱག་ཏུ་གཏད་པས། དེ་ལན་གཅིག་ས་ལ་བྲུལ་ནས་སོང་བ་དང་།
བུད་མེད་མཛེས་མ་... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329621090.jpg | MW4CZ332378 | manuscript | ume | druma | |
འདིས་ཕྱི་དོན་བཞེད་པ་མིན་པར་གསུངས་སོ། དེ་ལྟ་ན་ཡང་བློ་འཕྲལ་ཕུག་གི་འཁྲུལ་རྒྱུའི་གནོད་པ་མེད་པ་ལ་སྣང་བ་དེ་ཡུལ་དེས་རང་ངོས་ནས་དང་རང་མཚན་
གྱིས་སམ། རང་བཞིན་མ་གྲུབ་པར་སྨྲ་བའི་གཟུང་འཛིན་ཕྱི་མ་ནི་གྲྭ་ཉམས་པ་མེད་པར་ཐ་སྙད་ཀྱིས་འཇོག་མཚམས་སུ་བྱས་ནས་མི་འགོག་པར་ཡོད་པར་རང་ལུགས་སུ་བཞེད་དོ།། ༧
རྒྱལ་བའི་རང་ལུགས་སྨྲ་བ་བླ་ན་མེད་པ་དཔལ་ལྡན་ཟླ་བ... | 202604:Kurt:IE3PD439_MA:VE3PD874_MA:v2:I3PD8740962.jpg | MW3PD439 | manuscript | ume | gyuyig_tsugdri | |
འཇིག་རྟེན། ནང་གཡོ་བ་བཅུད་ཀྱི་སེམས་ཅན། བར་འདོད་ཡོན་ལྔའི་ཡུལ་སྣང་རྣམས་གྲུབ་པའོ། དེ་རྣམ་རྟོག་སྔ་མ་དང་གཟུང་བ་ཡིན། དེ་ལྟ་བུའི་གཟུང་བ་ཡུལ་ནི་ཁྱིམ་དང་ནོར་དང་ཞིང་ས་ལ་བདག་
པོ་མེད་པ་ལྟ་བུའོ། གཟུགས་ལ་ཁྱིམ་བྱས་ཏེ་ཁྱིམ་གྱི་བདག་པོ་ལྟ་བུར་འགྱུ་བྱེད་ཡིད་ཀྱི་རྣམ་པར་ཤེས་པ་ལངས་ཏེ་དབང་པོའི་སྒོ་ལྔར་ཞུགས་ནས། སྔ་མས་ང་དང་ང་ཡིར་གཉིས་ལ་མིང་སོ་ས... | 202604:Kurt:IE3PD439_MA:VE3PD874_MA:v2:I3PD8741216.jpg | MW3PD439 | manuscript | ume | gyuyig_tsugdri | |
༼འོག་ཕྱོགས༽འོག་ཕྱོགས་བདེར་གཤེགས་བརྒྱ་ཡི་ལྷ་དབང་ནིཿ ཨཱོྃཿ དབྱིངས་ཀྱི་ཡུམ་ཆེན་བྱིན་རླབས་ལས་བྱུང་བའིཿ སྐུ་ཡི་ལྷ་མོ་
བརྡ་འཇལ་ཀློང་རིག་མཿ གསུང་གི་ལྷ་མོ་གནས་བརྟན་ལམ་ངེས་མཿ ཡོན་ཏན་གྱི་ལྷ་མོ་སྤྱི་གཙུག་ཐིག་ལེ་སྟོནཿ ཕྲིན་ལས་ལྷ་མོ་སྤྱི་
གཅོད་མཁའ་ལྡན་མཿ ཐུགས་ཀྱི་ལྷ་མོ་ཐང་མ་འོད་དྲུག་སྐསཿ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བསཿ བྱིན་རླབ... | 202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920229.tif | MW30498 | manuscript | ume | druma | |
མི་མང་རབ་ཅིག་ཚོགས་འདུག་པའི་སར་གཤེགས་ཏེ། ངེད་རྣལ་འབྱོར་པ་གཉིས་ཀྱི་དེ་རིང་གི་ཟ་མ་རེ་དད་པ་ཆེ་བ་འདྲས་སླང་དང་གསུངས་པས། མི་གཞོན་གཅིག་ན་རེ། མུ་ལྟོ་བ་མཐོང་བ་ལ་
འདི་གཉིས་ལས་ཁྱེར་ཁ་ཞན་པ་མཐོང་བ་མེད། ཐ་མ་ལུས་འཐུམས་པའི་གོས་ལག་ཀའང་མི་འདུག །བསོད་སྙོམས་ལྡུགས་པའི་སྒྱེའུ་ཡང་མི་འདུག །ངོ་ཚ་བའི་སྣང་བའང་མི་འདུག
བསོད་སྙོམས་ངེད་ལ་སླང་མི་དགོས... | 202604:Kurt:IE2PD17515_MA:VE4PD1489_MA:v2:I4PD14890086.jpg | MW2PD17515 | woodblock | uchen | null | |
མདུན་དུ་བརྐྱང་སྟེ་ལག་པའི་ཁྱུད་གཉིས་དཔྱི་ཡི་ཐད་ཀར་ས་ལ་བཙུགས་ནས། མིག་གཉིས་ཟུར་བལྟས་ལ་རླུང་དགང་། དེ་ནས་ལག་གཉིས་ཤད་ཀྱིས་བརྐྱང་ལ། ཁུ་ཚུར་ནུ་
མདོར་བརྒྱབ་ཅིང་གཡས་གཡོན་རེས་མོར་གསུམ་རེ་བྱ་ལ། འབེབས་ཆེན་གསུམ་བྱ། ཧཿ དང་ཕཊཿཀྱིས་རླུང་འབུད་དེ་སྟོང་ཉིད་དུ་བསྒོམ། །དགུ་པ་གྱད་ཀྱི་འདུག་སྟངས་གྱད་ཆེན་འདོར་སྟབས་
ནི། སྐྱིལ་དཀྲུང་བཅའ་སྟེ་ལག་གཉ... | 202604:Kurt:IE30498_MA:VE1CZ4736_MA:v2:I1CZ47360162.tif | MW30498 | manuscript | ume | danyig_pedri | |
།། རྗེ་བཙུན་ཞལ་གཉིས་མའི་མངོན་པར་རྟོག་པའི་རིམ་པ་བཞུགས་ལགས་སྷོ།། | 202604:Kurt:IE8CZ226_MA:VE8CZ774_MA:v2:I8CZ7740348.jpg | MW8CZ226 | manuscript | ume | multi-script | |
ཐག་པ་གཟིངས་པའམ། དངུལ་དཀར་གྱི་སྐུད་པའམ། ཤེལ་དཀར་གྱི་ཉག་ཐག་ལྟ་བུ་ལ།
ཐིག་ལེ་མུ་ཏིག་གི་འཕྲེང་བ་ལྟ་བུ་ཡོད་པ་མཐོང་ངོ་། །གཞན་ཡང་ཤིང་ལོ་ལྟ་བུ། པ་ཏྲ་ལྟ་བུ། དྲྭ་བ་ལྟ་བུ།
དར་སྤར་མ་ལྟ་བུ་ལས་སོགས། གཟུགས་བརྙན་སྣ་ཚོགས་མཐོང་ངོ་། །མུན་པ་ཟེར་ལྡན་སྨག་རུམ་
དུ། སྣང་གསལ་འོད་ཀྱི་གཞལ་ཡས་མཐོང་། །ཞེས་པས། སྨིན་མའི་{སྨག་གི}ནང་དུ་འོད་མཐོང་སྟེ། ད... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620901.jpg | MW4CZ332378 | manuscript | ume | danyig_pedri | |
ལྷ་མོཿ ཐར་པའི་གོ་བདེར་འདྲེན་ལ་ཕྱག་འཚལ་ལོཿ ཐུགས་ཀྱི་ལྷ་མོཿ རིག་ཤེས་མི་གཡོ་མ་ལ་ཕྱག་འཚལ་ལོཿ
སྐུ་ཡི་ལྷ་མོཿ མདངས་འོད་ཟེར་འཕྲོ་མ་ལ་ཕྱག་འཚལ་ལོཿ གསུང་གི་ལྷ་མོཿ རྒོད་ཏིང་འཕྲུལ་ནམ་སྐར་ལ་ཕྱག་འཚལ་ལོཿ ཡོན་ཏན་གྱི་
ལྷ་མོཿ ཚངས་པ་གཙོ་སྐྱེད་མ་ལ་ཕྱག་འཚལ་ལོཿ ཕྲིན་ལས་ཀྱི་ལྷ་མོཿ ཡངས་པའི་ཀློང་ཡོངས་གྲུབ་མ་ལ་ཕྱག་འཚལ་ལོཿ ཐུགས་ཀྱི་
ལྷ་མོཿ ཤེས་ཉ... | 202604:Kurt:IE30498_MA:VE1CZ4792_MA:v2:I1CZ47920071.tif | MW30498 | manuscript | ume | druma | |
བསྒོམ་པར་བསྐུལ་བའི་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། དེ་ལ་གཞིའི་སྟོན་པ་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་འཁོར་འདས་ཡོངས་
ཀྱི་ཁྱབ་བདག་ཆེན་པོ་དེ་ཉིད་ཐུགས་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་བརྩེ་བའི་ཐུགས་རྗེ་རྩོལ་མེད་དུ་བྱུང་སྟེ། ལོངས་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དྲུག་ལ་རྡོ་རྗེ་
འཆང་ཆེན་པོ་དེ་ཡི་ཡང་སྤྲུལ་རྒྱུད་འཆད་པའི་སྐྱེས་བུ་ཨོ་རྒྱན་མཚོ་... | 202604:Kurt:IE3PD439_MA:VE3PD874_MA:v2:I3PD8740643.jpg | MW3PD439 | manuscript | ume | gyuyig_tsugdri | |
འཁོར་ལོའི་གོང་རས་དང་ཟླ་གམ་གཡས་གཡོན་ལ། གདུག་པའི་གྲི་གཙང་ཉི་ཤུ་མངའ་གསོལ་ལ་གཟུག་གོ གློ་འབུར་བཞི་ལ་ཤི་ཤིང་གི་ཕུར་པའམ། དྲི་དང་ལྡན་པའི་ཤིང་ཕུར་བཞི་ལ།།
དར་དམར་པོའི་ཅོད་པན་རེ་བཏགས་ལ། དམག་དཔོན་མ་བཞིར་མངའ་གསོལ་ལ་འགོད། སྒོ་བཞིར་ཕུར་པ་བཞི་སྒོ་བ་གྱད་ཆེན་བཞིར་མངའ་གསོལ་ལ་དགོད། དེ་རྣམས་རྩ་བའི་ལྷ་ལྔ་བཅུ་
ང་གསུམ་ཞེས་བྱའོ། དེའི་ཕྱི་རིམ་... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180402.jpg | MW3KG550 | manuscript | ume | gyuyig_tsugdri | |
སྣང་བ་ཞིང་ཁམས་སུ་གྲོལ༔ ནང་སྒྱུ་ལུས་སྡོད་པས་འཁྲུལ་བའི་བྱ་བ་ལ་མི་འཇུག་ཅིང་འཁོར་བའི་བྱ་བ་དང་བྲལ༔ གསང་བ་རླུང་རིག་
སྡོད་པས་འཕྲོ་འདུས་སེམས་ཟད་པའི་རྣམ་རྟོག་སྐྱེ་མི་སྲིད་པ་ཡིན་ནོ༔ ༈ བཞི་བ་ཆོས་ཉིད་ཟད་པའི་སྣང་བ་ནི༔ ཕྱི་ནང་གི་གདོས་བཅས་དང་
སེམས་ཀྱི་འཁྲུལ་རྟོག་འོད་སྣང་གི་འཕེལ་དང་བཅས་པ༔ དཔེར་ན་གནམ་སྟོང་གི་ཟླ་བ་ལྟར་འཕེལ་རྫོགས་ནས་ཟད་པ... | 202604:Kurt:IE30456_MA:VE1CZ3961_MA:v2:I1CZ39610252.jpg | MW30456 | manuscript | ume | danyig_pedri | |
འཆི་བར་འདུག་སྟེ་ཉམས་ལེན་འཕོ་བ་དྲན། མཁའ་འགྲོ་བོན་སྐྱོང་གིས་ལུང་བསྟན། བསྐང་
བ་བྱས་པས་བདེ་རུ་སོང་། བླ་མ་ལ་གཡུ་མོན་ཞོ་ཉི་ཤུ་རྩ་བཞི་རི་བ་ཞིག་ཕུལ། དོ་རེད་འུ་རང་གཉིས་
རྨི་ལམ་རྟོགས་ཤིག་གསུངས་ནས། བརྟགས་པས། ནམ་གུང་ལ་མི་དཀར་པོ་ཞིག་གིས། དངོས་གྲུབ་ཀྱི་ཞལ་ཟས་
ཕྱག་ཏུ་ཕུལ། དེ་ལན་གཅིག་ས་ལ་བྲུལ་ནས་སོང་པ་དང་། བུད་མེད་མཛེས་མ་གཅིག་ན་རེ། དེ... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620588.jpg | MW4CZ332378 | manuscript | ume | danyig_pedri | |
པ་ལས། འབྲུག་གི་མགོ་ཅན་འཇིགས་པའི་གཟུགས། ཁྱུང་གི་མགོ་ཅན་ལས་མཁན་མོ། དྲོངས་ཤིག་ཁུག་ཅིག་ལས་མཁན་མོ། ནོན་ཅིག་གཟེར་ཅིག་
འཇིགས་པའི་གཟུགས། འཁོར་བཅས་ཁྱོད་ཀྱི་དུས་ལ་བབ། གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། རིངས་པར་ཁུག་ལ་མྱུར་དུ་སྒྲོལ།། འོག་གི་ཕྱོགས་
ནས་སྐུ་བཞེངས་པ། སྐུ་ལྷ་པྲ་ཕུད་མཐུ་བོ་ཆེ། དབུ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། ཞབས་དྲུག་ས... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180675.jpg | MW3KG550 | manuscript | ume | druma | |
གཉིས་མེད་མཉམ་པ་ལས། བྱང་ཆུབ་སེམས་ཀྱི་ཟིལ་པར་འཐིགས། ཟིལ་ཐིགས་ཅེས་ཀྱང་དེ་ལ་བྱ། དངོས་
པོའི་བློ་ནི་བདུད་འདྲ་ལ། ཕྱལ་བའི་སེམས་ནི་རྩི་འདྲ་གཏོང་། བདུད་རྩི་ཞེས་ཀྱང་དེ་ལ་བྱ། ཕྱལ་དངོས་གཉིས་མེད་མཉམས་པ་ལས། བྱང་ཆུབ་སེམས་
ཀྱི་ཟིལ་པར་འཐིགས། ཟིལ་ཐིགས་ཅེས་ཀྱང་དེ་ལ་བྱ། ཀུན་འབྱུང་བློ་ནི་བདུད་འདྲ་ལ། གཅིག་པའི་སེམས་ནི་རྩི་འདྲ་གཏོང་། བདུད་རྩི་... | 202604:Kurt:IE21872_MA:VE6312_MA:v2:63120029.tif | MW21872 | manuscript | ume | druma | |
སྒོ་ཡང་སྒྱུ་མ་འཁོར་འདས་སྣང་ཚུལ་ཐམས་ཅད་སྒྱུ་མ་ཏེ་དེ་ཡང། བ༡༦༡།༥ ཐམས་ཅད་དཔེར་ན་རང་གི་བྱད་མེ་ལོང་
ལ་ཤར་ན་རང་བྱད་ཡིན་པ་ཤེས་པ་ལྟར། སྣང་བ་ཐམས་ཅད་ལ་རིག་པའི་རང་དབང་ཐོབ་པའི་ཤེས་རབ་ཤར་བ་ཏེ། ན༡༦༢།༤ བོན་སྐུ་ནམ་མཁའ་
ལྟ་བུ་ལ་སྫོགས་སྐུ་ཉི་མ་ལྟ་བུ་ཤར་སྫོགས་སྐུ་ཉི་མའི། འབྱུང་ཏེ་ཁམས་གསུམ་སེམས་ཅན་ཐོག་མའི་གཞི་ལས་གཞི་སྣང་ཤར་
བའི་ཚེ་རིག་པའི་... | 202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200373.jpg | MW8LS16909 | manuscript | ume | danyig_pedri | |
དེ་ལྟ་བུའི་དོན་དེ་གསལ་ལས་མ་གཡེངས་པའི་ངང་ལས་མ་བཅོས་པ་ནི། མ་བཅོས་པ་བདེ་བ་ཆེན་པོ་བོན་ཉིད་རྟོགས་
ཅེས་ཀྱང་དེ་ལས་བྱས་སྟེ། རང་ཤེས་རིག་གིས་རྒྱལ་པོས་ད་ལྟར་སལ་གྱིས་རྟོགས་ཙམ་ནས། སེམས་ཀྱིས་རང་བཞིན་ནི་ཡེ་ནས། ནམ་
མཁའ་དང་འདྲ་སྟེ། སྣང་སྲིད་ཁྱབ་བདལ་དུ་གནས་པ་ལས་ཡོངས་སུ་རྒྱ་མ་ཆད་པར་གསལ་བ་ལ་བྱའོ། ནམ་མཁའ་ལས་བྱ་ཡི་ལམ་
ཅེས་པས། དཔེ་ན་ནམ་མཁའ་ལ... | 202604:Kurt:IE21872_MA:VE6312_MA:v2:63120425.tif | MW21872 | manuscript | ume | druma | |
བཅིབས། གནོད་སྦྱིན་བུ་མོ་ལས་ལ་འཁོལ། རྨང་རིགས་བུ་མོ་འཁོར་དུ་ཁྲིད། ཟངས་ཞགས་དམར་པོ་ལག་ན་ཐོག འགྲོ་བ་ཀུན་གྱི་དབུགས་ཀྱི་བདག
དམ་རྫས་གཏོར་མ་འདི་ལོངས་ལ། དབུས་ཀྱི་ཡུམ་ཆེན་ཞལ་དུ་བསྟིམ། དབུགས་ལ་རོལ་པར་མཛད་དུ་གསོལ། གྱེར་སྤུངས་གཤེན་གྱི་བསྟན་པ་སྲུངས།
བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས།། བྷྱོ་ནུབ་ཀྱི་གཏོར་བདག་ཆེན་མོ་ནི། བྲ་ཤ་སྦྲུལ་གྱི་ལ... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180503.jpg | MW3KG550 | manuscript | ume | druma | |
དང་པོ་ལས་སྒྲིབ་སྦྱངས་པ་ནི། རང་གི་སྤྱི་བོར་ལྷ་ཡི་ས་བོན་ཨ་དཀར་པོ་ལ། ལྷ་རྣམས་ཀྱི་བག་ཆགས་སྡིག་སྒྲིབ་བསྡུས་ནས་ཨ་ལ་ཐིམ།
ཨ་དེ་ཡང་འོད་ཟེར་དུ་ལྷག་ནས་སྟོང་པའི་ངང་དུ་སོང་བར་བསམ་ལ། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཱཧཱ། ཨ་ཨ་ཤག་སལེ་སང་ངེ་ཡེ་སྭཱཧཱ། ཅེས་མང་དུ་
བརྗོད། །རང་གི་མགྲིན་པར་ལྷ་མིན་གྱི་ས་བོན་ལ་ཐ་སྔོན་པོ་ལ། ལྷ་མིན་གྱི... | 202604:Kurt:IE30498_MA:VE1CZ4736_MA:v2:I1CZ47360101.tif | MW30498 | manuscript | ume | danyig_pedri | |
དྲུག་ཅུ། ཡེ་ཤེས་བརྒྱད་ཅུ་རྩ་གཅིག་ ན༦༦།༦བསྒོམ་ན་རིག་པ་ལའང་ཡེ་ཤེས་ལྔ་དེ་ལ་འོད་ལྔ་དེ་ལ་ཞིང་ཁམས་ལྔ་དེ་ལས་རིགས་ལྔ་དེ་ལས་བཙུན་མོ་ལྔ་
སོགས་ གསེར་རྒྱན་ ཁྲེགས་ཆོད་པའི་དབྱིངས་སྟོང་པ་རིག་པའི་རྒྱན་ ཐོད་རྒལ་གྱི་རིག་པ་ལུ་གུ་རྒྱུད་ཀྱི་རྒྱན་ ན༦༦།༢འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་བོན་ཐམས་
ཅད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་རྫོགས་པས་ན་ རྫ... | 202604:Kurt:IE8LS16909_MA:VE8LS16920_MA:v2:I8LS169200129.jpg | MW8LS16909 | manuscript | ume | danyig_pedri | |
གྱི་རྩི་ཐོག་རྒྱས་པ་བཞིན། སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག གཏོར་མ་བསྐྱང་པ་རྫོགས་སྭཱོ།། ཞང་ཞུང་སྐད་དུ། པྲ་མ། བོད་སྐད་དུ། གཏོར་མ་གསང་
བ་འདུས་པའི་ཐུགས་གཏེར་ཡིན་ནོ།། བདག་ཉིད་གཤེན་གསང་བ་འདུས་པའམ། དབལ་ཆེན་གེ་ཁོད་དུ་བསྒོམ་ལ་བྲོ་བརྡུང་ངོ་།། །།བོན་ཉིད་ཐེག་པ་རིམ་དགུའི་ཡང་གོང་དུ། མཉམ་
པ་ཉིད་ཀྱི་གཞི་ཐོག་ཏུ། གཤེན་ཆེན་གསང་འདུས་བྲོ་ཅ... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180689.jpg | MW3KG550 | manuscript | ume | druma | |
ཤར་དུ་བལྟ་བར་གཅེས་སོ༔ དེས་སྒོ་གནད་སྦྱོང་བའི་ཚད་དུ་ཕེབས་ནས་ཡུལ་ལ་ཇི་ཙམ་བལྟས་ཀྱང་ལྟ་ཚུགས་ཤིང་དབྱིངས་སྣང་འཆར་བར་
བྱེད་པའི་དགོས་པའོ༔ ༈ གཉིས་པར༔ ཡུལ་གནད་ཁམས་དང་དབང་པོར་སྦྱར༔ སུརྱ་ཙནྟྲ་མན་ཤེལ་དང་༔ ཀུན་ལ་སྙོམས་པ་ཨ་ལོ་ཀེ༔
ཞེས་གསུངས་པས་ན༔ འཆར་གཞི་ཡུལ་གྱི་གནད་བསྟན་པ་ལ༔ ཆོས་སྐུའི་རྟེན་ཉི་མ་ཡིན་པ་ས་ན༔ བཞུགས་སྟངས་སེང་གེའི་འདུག་
སྟ... | 202604:Kurt:IE30456_MA:VE1CZ3961_MA:v2:I1CZ39610200.jpg | MW30456 | manuscript | ume | danyig_pedri | |
པ་འཁྲུལ་བའི་གཞི་རྩ་ཡིན། གཟུང་འཛིན་འདི་མ་ཟད་ན་འདི་ཕྱི་བར་གསུམ་ཐམས་ཅད་དུ་སེམས་གཟུང་འཛིན་གྱི་སྣང་བ་མཆེད་
པས་བདེ་སྡུག་སྣ་ཚོགས་མ་ངེས་པར་འཆར་བ་ཡིན། འཁྲུལ་བ་ལ་བདག་ཡོད། བདག་ལ་ཕ་ཀི་བ་ཡོད། དེ་ལ་ཉེ་རང་དང་དགྲ་གཉེན་ཕན་གནོད་
ཡོད། བདག་ཏུ་འཛིན་པ་འདི་ནི་འཁྲུལ་པའི་གཞི་རྩ་ཆེན་པོ་ཡིན་པས་ཤེས་པར་བྱའོ། མུན་པ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཤན་འབྱེད་གཉ... | 202604:Kurt:IE3PD439_MA:VE3PD874_MA:v2:I3PD8740543.jpg | MW3PD439 | manuscript | ume | gyuyig_tsugdri | |
པའི་དུས། རང་བཞིན་ལྷོད་ཀྱིས་རང་སར་ལྷོད་པ་ཡིན། ལྷུག་པར་གནས་པའི་དུས་ཀྱང་ཆད་ཀྱི་ཡེ་ཤེས་གསལ་ཆ་བསྐྱེད་མི་དགོས། ཀུན་གཞི་རང་
ལུགས་སུ་བཞགས་ནས། ཡེ་ཤེས་རང་གསལ་དུ་འཆར་བ་ཡིན། ཡེ་ཤེས་རང་གསལ་དུ་འཆར་ན། རྣམ་རྟོག་རང་ཞི་རུ་འགྲོ་བ་ཡིན། རྣམ་རྟོག་རང་ཞི་
རུ་སངས་ན། བག་ཆགས་རང་དགས་སུ་འགྲོ་བ་ཡིན། བག་ཆགས་རང་དགས་སུ་སོང་ན། བློ་དང་རྟོག་པའི་ཡུལ་ལས་འད... | 202604:Kurt:IE30498_MA:VE1CZ4732_MA:v2:I1CZ47320254.tif | MW30498 | manuscript | ume | danyig_pedri | |
གང་ལ་དབང་བའི་དབང་། ཅི་ལ་དབང་བའི་དབང་། ཅིའི་ཕྱིར་ན་ཐམས་ཅད་ལ་དབང་བས་དབང་། གང་ལ་དབང་ན། ཕྱི་ནང་གསང་གསུམ་སྣོད་བཅུད་ལ་དབང་། ཅི་ལ་དབང་ནི། རང་འབྱུང་གི་ཡེ་ཤེས་
ལ་དབང་བས་དབང་། དེ་ཡང་དབང་གི་རྒྱུ་གང་ཡིན་པ་དང་གཅིག དབང་གི་ལས་གང་ཡིན་པ་དང་གཉིས། དབང་གི་རྐྱེན་གང་ཡིན་པ་གསུམ། དཔེ་གང་ཡིན་པ་དང་བཞི། དོན་གང་
ཡིན་པ་དང་ལྔ། ཐོབ་པའི་རྟགས་དང་དྲུག ... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14181075.jpg | MW3KG550 | manuscript | ume | danyig_pedri | |
པ་སླ་བས། ཐབས་ལེགས་ཀྱིས་གཅུན་ལ་མ་འགྲས་པར་སྒོམ་དུ་གཞུག་མཚན་
བཅས་ལ་ཁྲིད་དུས་ངན་ཀྱང་། མཚན་མེད་ལ་བཟང་ན། དབང་པོ་ཡང་རབ་ཡིན་པས། མཚན་
བཅས་མི་དགོས། ཐམས་ཅད་ཀྱི་དུས་སུ་བཟང་ན་རྒྱུད་ལ་ཡོད་པའི་རྟགས་ཡིན། རྫས་མི་མཐོང་
བའི་ནང་སྔ་ནུབ་ཕྱིའི་དུས་སུ། ཐམས་ཅད་ཀྱི་བྱེད་མཁན། ཉེས་པའི་རྩ་བ། གྱོད་ཀྱི་གཞི་
མ། ལེགས་ཉེས་ཀྱི་ཕུང་པོ། ཁོ་ཉིད་དུ་འདུག་པའི... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620056.jpg | MW4CZ332378 | manuscript | ume | gyuyig_tsugdri | |
མན་ཆད། །དགོས་མེད་རྫུན་ཚིག་ལབ་མ་མྱོང་། །ཉམས་རྟོགས་ཅུང་ཟད་ཡོད་སྲིད་ནའང་། །དགོས་མེད་མི་ལ་ལབ་མི་རུང་། །ང་གྲོགས་མེད་ཆིག་པུར་སྡོད་པ་འདི། །སྣང་བ་གྲོགས་སུ་ཤར་
བའི་རྟགས། །བྲག་ཕུག་སྟོང་པར་སྡོད་པ་འདི། །ཁྱབ་གདལ་ཡེ་ཤེས་ཤར་བའི་རྟགས། །ལུས་ལ་རས་རྐྱང་གྱོན་པ་འདི། །ནང་ནུབ་བདེ་དྲོད་འབར་བའི་རྟགས། །འོག་ན་བཏིང་རྒྱུ་མེད་པ་
འདི། །ཆོས་ཉིད་མལ་དུ... | 202604:Kurt:IE2PD17515_MA:VE4PD1489_MA:v2:I4PD14890286.jpg | MW2PD17515 | woodblock | uchen | null | |
༄༅། །ཆོས་སྡེ་སྣོད་སྟོན་པ་ལ་མཁས་པའི། ཀ་དཔལ་ཆེན་པོར་མཚན་ཀྱང་བཏགས། བོན་བསྣུབས་
དབུ་ཡོག་བྱུང་བའི་ཚེ། དྲན་པ་ནམ་མཁའ་ཡི་དམོད་པ་སྨིན་པ་ཚོར་ནས། ཕྱིས་སུ་ཕུང་བོན་མགོ་དམར་དུ་བཏགས།
རྒྱལ་བློན་བན་གསུམ་ཕུང་པར་བྱས་པས་ཕུང་བོན་མགོ་དམར་ཡིན། དེ་ལྟར་བན་དྷེ་བྱས་ཅིང་ལྐོག་ཏུ་དམོད་པས། བན་དྷེ་རྒྱལ་
བློན་ཐ་མར་རླག་པར་འགྱུར། དེ་ཡང་དྲན་པ་ནམ་མཁའ་ཡི་... | 202604:Kurt:IE3KG548_MA:VE3KG1417_MA:v2:I3KG14170271.jpg | MW3KG548 | manuscript | ume | druma | |
ལ་གྲུབ་པའི་གསས་མཁར་དབྱིབས་གྲུ་བཞི་པ། དེ་ཡང་ཤ་ཁྲག་དྲོད་དབུགས་ལས་འབྱུང་བ་ལྔ་ཡི་རྩེགས་པ་སྦག་པ། ཚིག་ཆེན་རྣམས་ལ་ཟངས་འོད་འབར་བའི་ཕག་
གུས་དཔང་བསྟོད་པ། ཡན་ལག་བཞི་ལ་རྣམ་པར་ཐར་པའི་སྒོ་བཞི་ཕྱོགས་ཕྱོགས་ཀྱི་ཁ་དོག་དང་ལྡན་པའི་སྒོ་ཁྱུད་གཡས་གཡོན་དང་། ནང་གི་གདུང་མདུད་རྣམས་སུ། སྲིན་པོའི་ཀ་གདན་
དང་ཆུ་སྲིན་གྱི་ཀ་ཞུ་ལ། སྲིན་པོའི་གདུང་ཀུན་འབ... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180264.jpg | MW3KG550 | manuscript | ume | danyig_pedri | |
རང་བཞིན་མེད་པར་བསྒོམས་པ་ལས་བཙལ་བ་ནི། གོང་མའི་དོན་གཉིས་ཀ་གཅིག་དུ་རྟོགས་ཏེ། གང་ཞེ་ན། སེམས་
ཉིད་ཀྱིས་སྟོང་སྟེ་ཡང་དངོས་པོ་དང་མཚན་མ་མེད་པ་ལས། སྣང་སྟོང་ཡང་མ་བསྒྲིབས་པའི་ཡེ་ཤེས་ཉིད་ལ་ཉིད་གསལ་ལ། རང་བཞིན་མེད་པ་ནི་
དེ་ཡི་རང་བཞིན་ལས་ཅི་ལྟར་བར་ཡང་བརྟགས་ཏུ་མེད་པས་ནི། གསལ་ལ་རང་བཞིན་མེད་ཅེས་བྱའོ། དེ་ནི་སྣང་སྟོང་གཉིས་སུ་མེད་པའི་དོན་དང... | 202604:Kurt:IE21872_MA:VE6312_MA:v2:63120263.tif | MW21872 | manuscript | ume | druma | |
སྐེམ་དགོས་པ་དང། ནང་གི་གཟུང་འཛིན་བདག་སྣང་རྒྱུན་ཆགས་སུ་འབྱུང་བའི་ཉོན་ཡིད་གཟུང་བ་ཡུལ་དང། དེས་སྒྲོ་བཏགས་པའི་བདག་རང་སྐྱ་
བའི་སྣང་ཚུལ་དེ་བཞིན་ཏུ་ང་ང་ཞེས་གཅེས་སྤྲས་ཆེན་པོས་ཉེ་བར་ལེན་པའི་ངར་འཛིན་ལྷན་སྐྱེས་མཚུངས་ལྡན་དང་བཅས་པ་ནི་འཛིན་པ་སེམས་ཏེ། གཟུང་འཛིན་འདི་
གཉིས་ཀྱི་སྟེང་ནས་ལས་དང་ཉོན་མོངས་པའི་རྒྱ་མཚོ་འཕྱུར་ཏེ་འོངས་བས་ཡུལ་མེད་ཟ... | 202604:Kurt:IE3PD439_MA:VE3PD874_MA:v2:I3PD8740493.jpg | MW3PD439 | manuscript | ume | gyuyig_tsugdri | |
{406}༄༅༅། ནེ་རམ་ཡེ་སངས་ང་ཕུད་ཧྲིང་།། | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180394.jpg | MW3KG550 | manuscript | ume | blank | |
སེམས་ཅན་འདི་རྣམས་ཉོན་མོངས་ཤིན་ཏུ་སྙིང་རྗེ་བས། སྡུག་བསྔལ་ནད་ཀྱིས་གདུང་ནས་སྦྱངས་པ་ལ། ཐུགས་རྗེ་ཆེན་པོས་མ་ལྟར་ཀུན་ལ་ཁྱབ་
པར་བསྒོམ། དེ་ནས་གསལ་གདབ་པ་ནི།། ཡེ་ནས་སྟོང་ཞིང་བདག་མེད་ལ། རྨོངས་འཁྲུལ་གཟུང་འཛིན་ལོག་པ་རྣམས། ཚད་མེད་བཞི་ཡི་ཐུགས་རྗེ་ཡིས།
ཀུན་ལ་སྙོམས་ཞིང་བདལ་བར་བསྐྱེད། ཅེས་གསལ་གདབ་ཅིང་བསྒོམ་མོ། དེ་ནས་རྒྱུ་ཡི་ཏིང་འཛིན་ནི།... | 202604:Kurt:IE3KG550_MA:VE3KG1418_MA:v2:I3KG14180408.jpg | MW3KG550 | manuscript | ume | multi-script | |
མངལ་རྒྱུད་གཅིག་མིན་མི་འཁོར་དམ་པའི་གསུང་། ཅེས་པས། སྐྱེ་བ་འདི་དང་ཕྱི་མ་གཉིས་བས་འགྲོ་མི་སྲིད་པས། རྗེ་བཙུན་གྱི་ཞལ་བཞེད་དུ་གསུངས་སོ། དེ་ལྟར་
ཁྱད་པར་རྣམ་འཇོག་ལུང་གི་སྙིང་། ཅེས་པས། བཀའ་ལ་ཁྱད་པར་དུ་འཕགས་པ། ཤེས་བྱའི་བོན་རྣམས་མ་ལུས་གསལ་བ། རྣམ་པ་ཐམས་ཅད་འཇོམས་པ་ནི། ཐེག་
པ་འོག་མའི་བོན་སྡེ་ཟིལ་གྱིས་ནོན་ནས། དོན་ཐེག་ཆེན་མཚོན་མེད་ཀྱི་ས... | 202604:Kurt:IE19674_MA:VE2107_MA:v2:21070420.tif | MW19674 | manuscript | ume | danyig_pedri | |
མ་ཡིན་པའོ། །གཏིང་དཔག་ཐུན་མོང་མ་ཡིན་པ་ནི། དཔེར་ན་རྒྱ་མཚོ་ཆེན་པོའི་གཏིང་དཔག་ནི། གང་གིས་ཀྱང་མི་ཆོད་པ་དང་འདྲ་བས་ན། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་
མ་གཡོས་པའི་གཏིང་དཔག་ནི། གང་གིས་ཀྱང་མི་ཆོད་དོ། །ཡང་ན་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཀྱི་གཏིང་དཔག་ནི། རྟོགས་པ་དཀའ་ཞིང་རིག་པ་དཀོན་པས། གཏིང་
དཔག་ཐུན་མོང་མ་ཡིན་པའོ། །འོད་གསལ་ཐུན་མོང་མ་ཡིན་པ་ན... | 202604:Kurt:IE21872_MA:VE6313_MA:v2:63130042.tif | MW21872 | manuscript | ume | druma | |
བོད་ཁམས་ཕུང་། ཁྱུང་བྱ་བ་སྲང་ཕྱེད་ལ་ཟླ་བ་གསུམ་སྔགས་ན། རྒྱལ་པོ་འཁོར་བཅས་ཕུང་།
ཁྱུང་བཟའ་མཚོ་རྒྱལ་གྱིས་ཞུ་ནན་ཕུལ་ནས། བསྟན་པ་ལ་དགོངས་ནས། རྔུབ་བྱ་བ་གསེར་ཞོ་གང་ལ་
སྔགས་ཏེ་ཞག་བདུན་བསྒྲུབས། སུམ་ཆ་སྲོད་ལ་འཕང་། ཡར་ལུང་གི་མཚོ་སྐམས་
ཀླུ་བྲོས། སུམ་ཆ་ནམ་ཕྱེད་ལ་འཕང་། ཡར་ལུང་སྤུངས་ཀྱི་པོ་རིའི། ཤ་བ་གཉིས་གསད།
མདུན་རེངས་ཀྱི་རི་ཡོད། སུམ་... | 202604:Kurt:IE4CZ332378_MA:VE4CZ332962_MA:v2:I4CZ3329620446.jpg | MW4CZ332378 | manuscript | ume | danyig_pedri | |
ལ་ལ་བསད་ནས་ལ་ལ་གསོ་བ་ནི། འཁྲུལ་པ་སྟེ། ཁྱད་པར་ཆེན་པོའམ། ཡང་དག་པའི་དོན་ལ་
འགྲིབ་པ་ཡིན་ཏེ། ཐུགས་རྗེ་ཆེན་པོ་བྱང་ཆུབ་སེམས་ལ་འགྲིབ་པས་ཏེ། ཞེ་སྡང་གིས་དམ་དུ་བཅིངས་པ་ཡིན་ནོ། །དེ་འབྱེད་འཕྲུལ་
གྱིས་བྱ་བ་ནི། སེམས་ཅན་འཁྲུལ་པའི་བློ་ཅན་རྣམས་ནི། མ་རྟོགས་ཏེ། བྱམས་པ་ཆེན་པོའི་དོན་དང་འགྱངས་ནས་སྟོར་
ཏེ་མི་འཕྲད་པའོ། །གཏི་མུག་ཐ་རམས་ནས་ཅེས་པ།... | 202604:Kurt:IE21872_MA:VE6313_MA:v2:63130063.tif | MW21872 | manuscript | ume | druma |
Subsets and Splits
No community queries yet
The top public SQL queries from the community will appear here once available.