transcription
stringlengths
14
1.76k
id
stringlengths
57
57
mw_id
stringclasses
6 values
technology
stringclasses
1 value
script
stringclasses
2 values
script_4
stringclasses
7 values
image
imagewidth (px)
2.09k
4.86k
བར་གྱུར། །རང་ཉིད་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལྗང་ སྔོན་གྱི་མཐར་བཟླ་བྱའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས།རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་སྐུལ། མཐུ་སྟོབས་བྱིན་རླབས་ཐམས་ཅད་བདུད་རྩི་འཁྱིལ་པའི་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པར་ཆར་བབ་པ་ལྟར་བྱོན་ནས་ བདག་དང་ཐུ...
202604:PalriParkhang:IE21825_MA:VE2117_MA:v2:21170253.TIF
MW21825
manuscript
ume
multi-script
བདུན་སྲིང་བཞི་འབར་མ་ཕོ་ཉ་རྣམས་དང་། བཞི་པས་ལངྒ་དང་འབུམ་ཕྲག་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་སོགས་མཆོད་པའི་རིམ་པ་ནི། ཧཱུྃ། དང་པོར་ཕུད་ཀྱིས་མི་མཆོད་ དུ། །བཀའ་བརྒྱད་ཡོངས་རྫོགས་ལྷ་རྣམས་གཉན། །བར་དུ་ལྷག་མས་མི་མཆོད་དུ། །མ་དང་མཁའ་འགྲོ་ལྷག་ལ་དགྱེས། །ཐ་མ་གཅིག་ ཏུ་མི་བསྲེ་རུ། །ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག་ཧཱུྃ། དཔལ་གྱི་བཀའ་ཉན་ལྷག་སྡུད་མ...
202604:PalriParkhang:IE21019_MA:VE2494_MA:v2:24940300.tif
MW21019
manuscript
ume
multi-script
བསྡུད་པ་ལས། རྒྱལ་བའི་དངོས་པོ་ཤེས་རབ་ཕ་རོལ་ཕྱིན་པ་འདི་རིགས་སྔགས་ཆེ། །སེམས་ཅན་ཁམས་ མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད། །ཅེས་པ་ལ་སོགས་གསུང་སྟེ། རིགས་ཀྱིས་དྲངས་དོན་ཉམས་སུ་ལེན་ཅིང་ས་དང་ལམ་གྱིས་རིམ་པ་ ལ་སྦྱོར་བ་ནི།སྦྱོར་དངོས་རྗེས་གསུམ་གྱི་རིམ་པར་བྱ་སྟེ། སྦྱོར་བ་ནི། བྱང་ཆུབ་མཆོག་དུ་སེམས་བསྐྱེད་ཅིང་སྨོན་འཇུག་གཉིས་ཀྱི་ ཅི་བྱད་སེམས་...
202604:PalriParkhang:IE23926_MA:VE3566_MA:v2:35660385.tif
MW23926
manuscript
uchen
null
ལོངས་སྤྱོད་མངའ་ཐང་ཚེ་དང་ཆོས༔ འཁོར་འདས་རིགས་རྒྱུད་ཆོས་རྒྱུད་ཆུ་རྒྱུན་བཞིན༔ ཐུན་མོང་མཆོག་གི་དངོས་གྲུབ་ དེང་འདིར་སྩོལ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ནོངས་བཤགས་ནི། དཀྱིལ་འཁོར་ལྷ་ཚོགས་གསན་ཅིང་དགོངས་ སུ་གསོལ༔ སྙེན་སྒྲུབ་ཟབ་མོ་དམ་དུ་བཅས་ལགས་ཀྱང༔ མ་རིག་མ་རྟོགས་ཚོད་ཡོད་ལ་སོགས་པ༔ འཁྲུལ་པ་ཅི་མཆིས་ དཀྱིལ་འཁོར་ལྷ་ལ་བཤགས༔ ཡ...
202604:PalriParkhang:IE21825_MA:VE2120_MA:v2:21200574.TIF
MW21825
manuscript
ume
multi-script
གཡོན་བརྐྱང་ལོག་རྟོག་གཅོད་ཕྱིར་བཾ་རོ་བརྫིས༔ ཡེ་ཤེས་འོད་ལྔ་འཁྱིལ་བའི་ཀློང་ན་བཞུགས༔ དེ་ཡི་དབུ་སྟེང་རིགས་ཀྱི་བདག་པོ་ནི༔ རྣལ་འབྱོར་ཧེ་རུ་ཀ་པ་ནམ་མཁའི་ མདོག༔ ཞལ་གཅིག་སྤྱན་གཉིས་འབྲུ་ཚུགས་དབྱིངས་སུ་གཟིགས༔ ཕྱག་གཉིས་ཐབས་ཤེས་རྡོར་དྲིལ་བསྣོལ་སྟབས་འཛིན༔ དར་དཔྱངས་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ ཞབས་ གཉིས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུ...
202604:PalriParkhang:IE21888_MA:VE1985_MA:v2:19850462.tif
MW21888
manuscript
ume
danyig_pedri
གང་ཤར་ཅིར་སྣང་རིག་པའི་རྣམ་རོལ་ལ། །ཞེན་འཛིན་གསེར་གྱི་ལུག་རྒྱུད་མ་བརྐྱང་ཚེ། །བདེ་སྡུག་ སྐྱེ་འཆི་འཁོར་འདས་ཅིར་བཏགས་ཀུན། །ཀུན་བཟང་ཡངས་པ་ཆེན་པོར་ཨེ་མ་ཧོ། །གདོད་ནས་དག་པའི་ཞིང་ཁམས་ཡང་དོག་དང་། མཐའ་དབུས་ལས་འདས་འདུས་མ་བྱས་དབྱིངས་སུ། །རིག་སྟོང་བླ་མ་ཆོས་སྐུའི་རང་ཞལ་དངོས། །མཐོང་བྱ་མཐོང་བྱེད་མཚན་ མའི་སྤྲོས་བྲལ་མཐོང་། ལམ་འདིར་འཇུག་པ...
202604:PalriParkhang:IE21019_MA:VE2492_MA:v2:24920465.tif
MW21019
manuscript
ume
danyig_pedri
མིག་ནས་འཆི་མ་འོང་གྱིན་འདུག་པས་ལྷག་པར་དུ་རྗེའི་ཐུགས་ཀྱིས་མི་བཟོད་ནས་སྒར་པའི་མི་གོ་བར་བྱས་ཏེ། ཧ་ལི་ལ་ རིམ་གྲོ་དང་རྨ་བཅོས་སོགས་མཛད་ནས་ནད་ལས་ཐར་བར་མཛད། དེ་ནས་ཟླ་བ་བཅིག་༼བཅུ་གཅིག?༽པའི་ནང་དུ་ཡབ་རྗེ་བླ་མའི་ཟབ་གཏེར་ཕུར་པ་ཟླ་སྒྲུབ་ཀྱིས་ དབུ་བཞུགས་མཛད་ནས་སྒྲུབ་པ་ལ་འཚོགས་ཡོད་སྐབས་སུ། དཔའ་བོ་ལས་རབ་རྩལ་གྱི་རྣམ་སྤྲུལ་དུ་བསྟན་གཉིས་གཡ...
202604:PalriParkhang:IE23945_MA:VE3554_MA:v2:35540263.tif
MW23945
manuscript
ume
danyig_pedri
རླབས་ཆར་འབེབས་ཀྱི་གླུ་འདི་ཉིད། ཡུལ་ཁམས་རྣམས་སུ་ཐན་པ་ཆེན་པོ་བྱུང་བའི་ཚེ་ཆར་དབབ་པའི་སླད་དུ་བླངས་པས་དངོས་གྲུབ་ཡ་མཚན་ གྱི་རྟགས་མངོན་པར་གསལ་བར་གྱུར་པའོ།། ༈ རྗེ་ཁམས་གསུམ་ཡོངས་ན་ཟླ་བྲལ་བ། །ངོ་མཚར་པདྨའི་ལྷུམས་ཉིད་ལས། །རང་བྱུང་སྤྲུལ་པས་འགྲོ་བ་ འདུལ། །མཚོ་སྐྱེས་རྡོ་རྗེའི་ཞབས་པད་ལ། །བུ་མོས་གུས་གདུང་བས་རབ་བཏུད་ཅིང་། །ལན་བརྒྱར་ཕྱག་...
202604:PalriParkhang:IE21019_MA:VE2487_MA:v2:24870283.tif
MW21019
manuscript
ume
multi-script
པའི་ཤིང་འབྲས་ལྷག་མའང་རོ་ནུས་སྨིན་པ་གསུམ་དེ་དང་འདྲ་བར་དཔོག་པ་བཞིན་ཅི་སྟེ་རིགས་པ་ཅན་པའི་ལྷག་ལྡན་འདི་ཡང་འཁྲུལ་པ་ཅན་ཡིན་ཏེ་མིན་པར་འགྱུར་ དགོས་ཀྱང་རྟགས་དེ་འདྲ་མ་ངེས་པ་ཡིན་ནོ།། གསུམ་པ་སྲོག་ལྡན་གོ་བྱེད་ཡིན་པར་ཐལ་བ་ནི། མ་མཐོང་བས་ལྡོག་ཁྱབ་གྲུབ་ན། རིགས་པ་ཅན་སོགས་ཀྱིས་ལྡོག་པ་རྐྱང་པ་ཅན་དུ་འདོད་ པའང་གཏན་ཚིགས་ཡང་དག་ཏུ་འགྱུར་རིགས་ཏེ།...
202604:PalriParkhang:IE21825_MA:VE2116_MA:v2:21160583.TIF
MW21825
manuscript
ume
danyig_pedri
པ་བསྟན་ལ་ཕབས་ཏེ། མདོ་སྔགས་ཐུན་མོང་ལས་ཀྱང་མདོ་ལུགས་གཙོ་ཆེ་བར་གསུངས་ཤིང་ཐེག་ཆེན་གྱི་ལམ་རིམ་དུ་མཛད་པ་ ཡིན་ཕྱིར། ཤེས་རབ་གྱི་ལེའུ་བསྟན་པའི་སྟོང་ཉིད་འདི་ནི་དབུ་མའི་ལྟ་བ་གཙོ་ཆེར་གསུངས་པ་དང་། ལམ་ཐབས་ཀྱི་ཆ་རྣམས་ ཀྱང་ཕར་ཕྱིན་དྲུག་གཙོ་བོར་བསྟན་ལ། ལུང་སྦྱོར་རྣམས་ཀྱང་དབུ་མའི་གཞུང་དང་བྱམས་ཆོས་སོགས་ཤས་ཆེར་དྲངས་པར་མཛད་ ཕྱིར། མདོར་ན་ཐུ...
202604:PalriParkhang:IE21019_MA:VE2490_MA:v2:24900260.tif
MW21019
manuscript
ume
danyig_pedri
དྲིལ་ན། རྒྱུད་སྡེ་རྣམས་དགོངས་པ་མཐུན་ཕྱིར། བདེ་མཆོག་ལྟ་བུ་ལ་མཚོན་ན། མཐར་ཐུག་གི་རྡོ་རྗེ་ཕག་མོ་ནི་རང་གི་སེམས་ཉིད་ སྤྲོས་པ་དང་བྲལ་བ་འདི་ཡིན་ཏེ། འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའང་ཡིན་ནོ། ཞེས་དང་། གཞན་ཡང་སྐྱེས་བུ་ཐབས་ ཏེ་སེམས་ཤེས་རབ། ཅེས་དང་། མིག་ནི་ཐབས་ཏེ་གཟུགས་ཤེས་རབ། སོགས་དང་། སྣང་བ་ཡབ་ལ་སྟོང་པ་ཡུམ། ཞེས་སོགས་རྒྱ་ཆེར་གས...
202604:PalriParkhang:IE21019_MA:VE2490_MA:v2:24900476.tif
MW21019
manuscript
ume
danyig_pedri
ཁོང་ཁྲོས་ཡིད་ཞི་མི་མྱོང་དགའ་དང་བདེ། །མི་འཐོབ་གཉིད་མི་འོང་ཞིང་བརྟེན་མི་འགྱུར། །དྲིན་གྱིས་སྐྱོང་ཡང་མི་མཛའ་སྐྱོ་བར་འགྱུར། །མདོར་ན་ཁྲོ་བས་བདེར་ གནས་འགའ་ཡང་མེད། །བཟོད་པའི་རབ་དབྱེ་ལ་ཡང་རྣམ་པ་གསུམ། །གཞན་གྱིས་ལོག་སྒྲུབ་བཟོད་པ་བསྐྱེད་པ་ལ། །བདེ་བའི་གེགས་དང་སྡུག་བསྔལ་བསྐྱེད་པ་དང་། །གནོད་པ་བྱེད་ལ་ཁྲོ་བ་མི་རིགས་ ཏེ། །གནོད་པ་བྱེད་འད...
202604:PalriParkhang:IE21825_MA:VE2116_MA:v2:21160205.TIF
MW21825
manuscript
ume
danyig_pedri
ཆོས་ཉིད་མཁའ་འགྲོའི་ཐུགས་ཏིག་ལས༔ མཁའ་འགྲོའི་དོན་དབང་དངོས་གྲུབ་སྒོ་འབྱེད་བྱིན་རླབས་བཅུད་སྟེར་བཞུགས༔
202604:PalriParkhang:IE21888_MA:VE1985_MA:v2:19850149.tif
MW21888
manuscript
ume
druma
སྣང་དང་། ནོར་བུ་དྲི་མ་མེད་ཅེས་ཀྱང་བྱ། ཐབས་འགག་པ་མེད་པར་འཆར་བ་དང་། ཤེས་རབ་སྟོང་པ་སྐྱེ་བ་མེད་པ་གཉིས་བྱུང་ངོ་། །དེར་བཟའ་བའི་ཟས་མེད་ པས་འདོད་ཡིན་ལྔ་བྱུང་སྟེ། དེ་ཡང་ས་ལ་བརྟེན་ནས་གཟུགས་བྱུང་། ཆུ་ལ་བརྟེན་ནས་སྒྲ་བྱུང་། མེ་ལ་བརྟེན་ནས་དྲི་བྱུང་། རླུང་ལ་བརྟེན་ནས་རོ་བྱུང་། ནམ་ མཁའ་ལ་བརྟེན་ནས་རེག་བྱུང་ངོ་། །དེར་ཡང་རིག་པ་དེ་ཁ་ཕྱིར་ལ...
202604:PalriParkhang:IE23926_MA:VE3566_MA:v2:35660076.tif
MW23926
manuscript
uchen
null
རང་མཚན་མངོན་སུམ་དང་། །ཞེན་ཡུལ་རང་མཚན་མ་འཁྲུལ་རྗེས་དཔག་གི། ཚད་མ་གཉིས་ཡིན་མ་འཁྲུལ་རྙེད་པའི་དོན། ། ཆོས་ཅན་མི་རུང་མཚན་ཉིད་ཅེས་པའང་། །དོན་བྱེད་མ་ཡིན་རང་བཞིན་གྲུབ་ལ་བྱེད། །རང་བཞིན་མ་འཁྲུལ་བ་ཡི་ཤེས་པ་དེ། །སྣང་ཞེན་གང་ལ་མ་འཁྲུལ་ པ་ཡིན་ཡང་། །དེ་ཉིད་དོན་ལ་མ་འཁྲུལ་འགྲོ་དགོས་པས། །དེ་འདྲས་ཆོས་ཅན་མ་གྲུབ་པ་འདོད་ཀྱི། །ཐ་སྙད་ཚད་མ་མེད་པར...
202604:PalriParkhang:IE21825_MA:VE2116_MA:v2:21160257.TIF
MW21825
manuscript
ume
danyig_pedri
སྟོང་རང་བཞིན་འོད་གསལ་བ། །བདག་མེད་ཆོས་རྣམས་དེ་ཡིས་རྣམ་རིག་ན། །དེ་ལ་ནམ་ཡང་སྡོམ་པ་མེད་མི་འགྱུར། ཞེས་དང་། འདུལ་བ་ཉིད་ནས་ཀྱང་ ཇི་སྐད་དུ། རབ་ཏུ་བྱུང་བ་དེ་ལྟ་བུ་ལ་ནི་ཀ་ར་པཱ་ཎི་སྟོང་རི་བའི་གོས་དང་། མི་ལྔ་བརྒྱ་ཤོང་བའི་ཙནྡན་གྱི་ཁང་བརྩེགས་དང་། རོ་བརྒྱ་དང་ལྡན་པའི་ ཟས་རྣམས་ཀྱང་རྗེས་སུ་གནང་ངོ་། ཞེས་དང་། གཞན་ཡང་། རྒྱན་གྱིས་བརྒྱན་པར་བ...
202604:PalriParkhang:IE21019_MA:VE2490_MA:v2:24900426.tif
MW21019
manuscript
ume
danyig_pedri
ཆ་ལྔ། ཛཾ་གཏོར་ཆ་བཞི། གཏོར་མ་བརྒྱ་རྩ། འབྱུང་བཞི་གླུད་གཏོར། བར་དོ་ཆ་བཞི་བཅས་བསྣོན་འཕྲི་མེད་པར་ལྷོད་ལ་དལ་ཆགས་པར་བྱ། མཇུག་ཏུ་རྟག་ཏུ་གདབ་པའི་སྨོན་ལམ་རྣམ་དྲུག གང་དུ་སྐྱེས་པའི༴ བརྗོད། ཇ༽ བཏང་། གསོལ་ཞོ་འདྲེན་རྒྱུ་བྱུང་ཚེ་སྐབས་འདིར་འདྲེན། འདྲེན་བཞེས་ཀྱི་ཚུལ་ཐུག་པའི་སྐབས་ལྟར་དགོས། གཞན་གྱི་རིམ་གྲོ་སོགས་སྒྲུབ་དགོས་ན་སྐབས་འདིར་བཏང...
202604:PalriParkhang:IE21825_MA:VE2116_MA:v2:21160546.TIF
MW21825
manuscript
ume
danyig_pedri
།དེང་བཟུང་སྐྱེ་བའི་ཕྲེང་བ་ཇི་སྙེད་པར། །མཐོ་རིས་ཡོན་ཏན་བདུན་ལྡན་དལ་འབྱོར་ལུས། །བསླབ་གསུམ་རིན་ཆེན་རྒྱན་དང་རིམ་གཉིས་ ཀྱི། །གཙུག་རྒྱན་མངོན་པར་མཐོ་བས་འབྱོར་གྱུར་ཅིག །མང་ཐོས་ཁེངས་སེམས་བྲལ་བས་དུས་ལྡན་དང་། །ལེགས་བསམ་དྲི་མ་ མེད་པའི་བློ་གྲོས་ལྡན། །དོན་སྒོམས་རྒྱུད་ལ་འབྱོར་བའི་ཉམས་རྟོགས་བཅས། །ཤེས་རབ་གསུམ་གྱིས་ཆོས་མིག་ཐོབ་གྱུར་ཅིག ...
202604:PalriParkhang:IE21019_MA:VE2490_MA:v2:24900120.tif
MW21019
manuscript
ume
danyig_pedri
རང་བཞིན་བརྗོད་པ། མཚན་དཔེ་ཡོན་ཏན་རྒྱ་མཚོས་ལྷུན་སྡུག་ཅིང་། །ཚངས་དབྱངས་ཐོས་པས་ངན་འགྲོའི་གདུང་བ་བཅིལ། །རྣམ་མཁྱེན་གཏིང་དཔག་ དཀའ་བའི་ཐུགས་མངའ་བའི། །རྒྱལ་བ་འདི་དག་སྲིད་ཞིའི་བླ་ན་མཛེས། ། ༡༽ དཔེ་རྒྱན། བསིལ་ཟེར་ཅན་གྱི་སྐལ་བཟང་རབ་འཕྲོག་ཅིང་། །ཕུན་ཚོགས་པ་དང་དྲི་བསུང་ཀུན་འཕྲོ་བ། ། པདྨ་ཀར་དང་རྡོ་རྗེའི་སེམས་དཔའ་དང་། །མིག་མི་འཛུམ་རྣམས...
202604:PalriParkhang:IE21825_MA:VE2116_MA:v2:21160087.TIF
MW21825
manuscript
ume
multi-script
གྱི་ཐ་བ་སྲ་མོ་ནས། །བྱང་ཆུབ་ཀྱི་མྱུ་གུ་འཁྲུངས་པར་དཀའ། མདོ་རྒྱུད་དང་ཐེག་པའི་རིམ་པ་དང་། ། གྲུབ་མཐའ་སོགས་ཆོས་སྒོ་གྲངས་མེད་ཀུན། །རང་སེམས་ཀྱི་འདུལ་ཐབས་འབའ་ཞིག་ཏུ། །སངས་རྒྱས་ཀྱི་ཐབས་མཁས་ཕྲིན་ལས་ཉིད། །བཀའ་ བརྒྱུད་པའི་གསལ་སྟོང་ཟུང་འཇུག་དང་། །ས་ལུགས་ཀྱི་འཁོར་འདས་དབྱེར་མེད་དང་། །རྙིང་མ་བའི་ཀ་དག་ལྷུན་གྲུབ་སོགས། །མཚན་མང་གི་ དབྱེ་བས...
202604:PalriParkhang:IE21019_MA:VE2488_MA:v2:24880159.tif
MW21019
manuscript
ume
danyig_pedri
༄༅། བཟློག་བཅོལ། ཧཱུྃ། ཨོ་རྒྱན་རང་བྱུང་གནས་མཆོག་ནས། །གསང་ཆེན་རོལ་པའི་དུར་ཁྲོད་ནས། །བདུད་འདུལ་དཔལ་ཆེན་ཁྲག་འཐུང་མ། །རིགས་བཞིའི་བདུད་འདུལ་ནག་མོ་ བཞི། །རྡོ་རྗེ་ཕྲ་མེན་ཆེན་མོ་བརྒྱད། །དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང། །ཡེ་ཤེས་བྱ་ཁྱུང་རྒྱལ་མོ་རྣམས། །བསྐུལ་ལོ་དྲག་པོའི་ཕྲིན་ལས་བསྐུལ། །མཛོད་ཅིག་བཟློག་པའི་...
202604:PalriParkhang:IE21825_MA:VE2120_MA:v2:21200379.TIF
MW21825
manuscript
ume
danyig_pedri
ཉིད་ཡེ་ཤེས་རཏྣ་ཐོད་ཕྲེང་རྩལ། །སོར་རྟོགས་ཡེ་ཤེས་པདྨ་ཐོད་ཕྲེང་རྩལ། །བྱ་གྲུབ་ཡེ་ཤེས་ཀརྨ་ཐོད་ཕྲེང་རྩལ། །རིགས་བཞིའི་གིང་ཆེན་ མཁའ་འགྲོའི་འཁོར་དང་བཅས། །ཕྲིན་ལས་བཞི་སྒྲུབ་དབང་ཕྱུག་སྒོ་མའི་ཚོགས། །མ་དད་སེམས་ཅན་ཆེན་པོ༴སོགས། ཛ་བྷྱོ་རྦད། བྷྱོ། དོ་ནུབ་དྲག་པོ་སྔགས་ཀྱི་བྱིན་བརླབས་པ། །དྲང་སྲོང་དམོད་པའི་དམར་གྱི་གཏོར་མ་འདི། །གང་ལ་བྱ་བའི...
202604:PalriParkhang:IE21825_MA:VE2118_MA:v2:21180348.TIF
MW21825
manuscript
ume
multi-script
རྒྱུད་ལྡན་གྱི། སྤྱོད་ལམ་ཀུན་ཏུ་ལྷ་ཡི་ང་རྒྱལ་བྱ། དགེ་ཀུན་འགྲོ་ལ་བསྔོ་ཞིང་སེམས་སྐྱེད་བསྒོམ། སྒྲུབ་ཕུར་ལུས་ལ་འབྲལ་མེད་བཅང་བར་བྱ། དེ་ལྟར་འདི་ནི་གསང་བསྒྲུབ་སོར་གཞག་ཉིད། གོ་བདེར་བཀོད་པའི་དགེ་བས་འགྲོ་ ཀུན་ཤོག ཅེས་པ་འདི། ཆོས་ཉིད་ལ་མོས་པའི་རྣལ་འབྱོར་ཤཱི་ལ་ལྷ་དྲས་ནན་གྱིས་བསྐུལ་ངོར་བཀོད་པའོ། མངྒ་ལཾ།།
202604:PalriParkhang:IE21019_MA:VE2493_MA:v2:24930217.tif
MW21019
manuscript
ume
multi-script
།གཞལ་མེད་ཐུགས་རྗེའི་ཕྱོགས་སུ་ལྷུང་བྲལ་བའི། །རྒྱལ་བའི་ཉི་མ་ཀུན་ཀྱང་བཏང་སྙོམས་སུ། །མཛད་འདིར་མུན་སེལ་སྒྲོན་གཅིག་ ཀརྨ་པ། །ཐུགས་རྗེའི་ཆ་ཤས་ཡོངས་རྫོགས་དེ་ལ་འདུད། །བྱང་སེམས་གྲུ་བོར་སྨོན་འཇུག་བ་དན་འཕྱར། །ལས་འཕྲོའི་རླུང་ཆེན་ ཡང་དག་རབ་བསྐྱོད་པས། །ཟབ་གཏེར་ནོར་གླིང་བསྒྲོད་པའི་དེད་དཔོན་མཆོག །འགྲོ་བའི་དབུལ་བ་སེལ་བ་དེ་ལ་འདུད། ། ཀརྨའི...
202604:PalriParkhang:IE21019_MA:VE2489_MA:v2:24890164.tif
MW21019
manuscript
ume
danyig_pedri
ནས། །དམ་ཆོས་གཞན་དག་ཁྱོད་ཀྱི་གང་དུ་འཚོལ། །གཉེན་དང་ཁང་ཁྱིམ་ནོར་རྫས་ཡོད་པ་འདི། སྐྱིད་ དུ་མ་ཚོར་དེ་དག་བསྐྱུར་བྱས་ནས། །དེ་ལས་སླར་ཡང་སྐྱིད་པའི་ལྷ་ཆོས་ནི། །གང་དུ་ཕྱིན་ཀྱང་ཁྱེད་ཀྱི་ཨེ་རྙེད་ལྟོས། །བརྩེ་བས་ སྦྲིད་ན་གླང་ཆེན་སྨྱོན་པ་ཡང་། །དུལ་བར་འགྱུར་ཞིང་གང་བསྐོས་བྱེད་པས་ན། །དྲིན་གྱིས་བསྐྱངས་པའི་ཕ་མས་སྨྲས་པ་ལ། །ཅི་ཕྱིར་ བུ་ཁྱོད་ཉ...
202604:PalriParkhang:IE21019_MA:VE2487_MA:v2:24870465.tif
MW21019
manuscript
ume
danyig_pedri
བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཚང་ལ་མ་འདྲེས་ཡོངས་སུ་རྫོགས་པ་དང་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་མེ་ལོང་ནང་ གི་གཟུགས་བརྙེན་ལྟར་བཀྲ་ལམ་མེར་མཐོང་ཞིང་། དེ་ཐམས་ཅད་རང་སེམས་ཐིག་ལེ་ཉག་གཅིག་ངང་དུ་དབྱེར་མེད་པར་རྟོགས་པར་བྱུང་ལ། འོན་ཀྱང་ རྒྱལ་པོ་འཇིག་རྟེན་གྱི་གཡེང་བ་ཆེ་བས་ཚེ་དེར་མཆོག་གི་གྲུབ་པ་མ་ཐོབ་ཀྱང་སྐྱེ་བའི་རིམ་པ་བཅུ་གསུམ་པར་སྒྲུབ་པ་བཀའ་བར...
202604:PalriParkhang:IE21019_MA:VE2492_MA:v2:24920133.tif
MW21019
manuscript
ume
danyig_pedri
རང་བབས་སུ་ ( ཀློང་ ? )གློད་ལ་བཞག དེ་ནས་རྣམ་རྟོག་གཅིག་ལྡང་བ་དང་མཉམ་དུ། བདག་གིས། ད་རེས་དམྱལ་བ། ཡི་དྭགས། དུད་འགྲོ། འདུ་ཤེས་མེད་པའི་ལྷ་སྟེ་མི་མ་ཡིན་པའི་ མི་ཁོམས་པ་བཞིར་ཡང་མ་སྐྱེས། འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློ། སངས་རྒྱས་དང་ཆོས་ཀྱི་སྣང་བ་མེད་པའི་ཡུལ་དང་། ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པའི་ལོག་ལྟ་ཅན་དང་།ངག་ལྐུགས་པ་སྨྲ་མི་ ཤེས། ཡིད་ལྐ...
202604:PalriParkhang:IE21825_MA:VE2121_MA:v2:21210747.TIF
MW21825
manuscript
ume
danyig_pedri
བཞི་ཡོངས་རྫོགས་ཀྱི་དགོངས་པ་ཡིན་པས་གཙོ་འཁོར་ཐམས་ཅད་ཀྱི་འཛབ་དགོངས་འདི་ཀས་འགྲུབ་པར་གསུང་མོད་ཀྱི། རྒྱས་པར་སྤྲོ་ན་གཙོ་ བརྒྱད་རྣམས་ལ་གོང་གི་འདི་དང་མཚུངས་པར་བསྒོམ་ཞིང་། འཁོར་ཐམས་ཅད་ལ་ཐུགས་སྲོག་ལ་སྔགས་ཕྲེང་གིས་བསྐོར་བར་མོས་པ་ཙམ་གྱིས་འགྲུབ་བོ། ཧཱུྃ། དབུས་ཕྱོགས་འཁོར་ལོའི་གཞལ་ ཡས་ནས། །ཟླ་གམ་དབང་ཆེན་ཡེ་དཀྱིལ་དུ། །བྱོལ་སོང་གཙོ་བརྒྱ...
202604:PalriParkhang:IE21019_MA:VE2494_MA:v2:24940271.tif
MW21019
manuscript
ume
multi-script
སངས་རྒྱས་ལ་འགོད་ཕྱིར༔ བདག་གིས་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ་བརྗོད༔ ཧཱུྃ༔ ང་ནི་ རིག་པ་དོན་གྱི་ལྷ༔ གཉིས་སྣང་འཁྲུལ་པ་དབྱིངས་སུ་བཤིག༔ མི་ཤིགས་རྡོ་རྗེ་སྲུང་བའི་གུར༔ ཡོངས་གྲུབ་ཆེན་པོར་ལྷུན་གྱིས་ གྲུབ༔ ཨུ་ཙ་ཏ་ཡ་ཕཊ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཧཱུྃ༔ སྐུ་གསུམ་ཡེ་ཤེས་དཀྱིལ་འཁོར་ལྷའི༔ དབང་བྱིན་དངོས་གྲུབ་བྱིན་ཆེན་ཕོབས༔ སྣོད་བ...
202604:PalriParkhang:IE21888_MA:VE1985_MA:v2:19850037.tif
MW21888
manuscript
ume
danyig_pedri
ཤར་ཀྱང་། །དགོས་མེད་ཞེན་ལོག་གཏིང་ནས་སྐྱེས་པ་ཡིས། །ཆོས་ཕྱིར་དཀའ་སྤྱད་རི་ཁྲོད་འགྲིམ་པར་ ཤོག །དབེན་པའི་གནས་སུ་འདུ་འཛི་ཀུན་སྤངས་ཏེ། །རང་སེམས་དཔང་གཙུགས་དཀོན་མཆོག་མི་འཁྲེལ་བའི། །ཡེངས་མེད་དགེ་སྦྱོར་ཉིན་མཚན་ དུས་འདའ་ཞིང་། །རང་རྒྱུད་དམ་པའི་ཆོས་ཀྱིས་ཐུལ་བར་ཤོག།གལ་ཏེ་རྣམ་རྟོག་འཁྲུལ་ཕྱིར་འབྲང་གྱུར་ཀྱང་། །སྐད་ཅིག་དེ་ལ་དྲན་ རིག་རྩིས་...
202604:PalriParkhang:IE21019_MA:VE2490_MA:v2:24900037.tif
MW21019
manuscript
ume
danyig_pedri
།གང་གི་ཐུགས་རྗེ་རྨད་བྱུང་གི །རྟེན་འབྲེལ་ནུས་སྟོབས་མཐུ་ཆེན་པོས། །ཆོས་ཀྱི་དུང་ཆེན་བླ་མེད་ སྒྲས། །བསྟན་པའི་རྒྱལ་མཚན་ཉིད་གྱུར་ཅིག །ཕྱོགས་བཅུ་མཐའ་ཡས་ཞིང་ཀུན་ཏུ། །ཆོས་དུང་རྡོ་རྗེའི་དབྱངས་ཆེན་པོས། །ཡོངས་ཁྱབ་ མཆོད་པའི་ཕུལ་དང་རབ། །བསྟོད་དབྱངས་རྒྱུན་མི་ཆད་དུ་ཤོག །གཞོམ་མེད་རྡོ་རྗེའི་དབྱངས་ཆེན་འདིས། །མ་རུངས་བདུད་ཚོགས་ཚར་ གཅོད་ཅིང་...
202604:PalriParkhang:IE21019_MA:VE2490_MA:v2:24900139.tif
MW21019
manuscript
ume
danyig_pedri
གཏོར་སྣོད་བྷནྡྷ༴ རྩ་རྒྱུད། མཐར་གཏོར་མ་གཅིག་དྲིལ་ཚང་བ། སྤྲོ་ན། རིག་འཇིན་སྤྱི་སྐུལ་ཐན་ཟློག་མགོ་བར། དོན་དམ་སྤྱི་སྐུལ་ཆ་ཚང་། སྨད་ལས་སྐུལ་བའི་བྱང་བུ་ ཚང་མ་བཅས་བཏང་། གང་ལྟར་ཡང་། ལས་བྱང་གི་སྐུལ་པ་རྒྱས་བསྡུས་གཉིས་གང་མོས་ཞིག་འདོན། དེ་ནས་ཕྱི་སྒོ་གསེར་སྐྱེམས། དཀར་གཏོར་དང་། ཡེ་ཐོག་མ་དང་། ཕོ་ཉ་སྐུལ་ཞིང་ཟོར་འཕང་བའི་འཕྱང་ལས། ཛཿབྷྱོ་...
202604:PalriParkhang:IE21825_MA:VE2119_MA:v2:21190137.TIF
MW21825
manuscript
ume
gyuyig_tsugdri
༄༅། ཞི་ཁྲོ་གནས་བརྒྱ་གསོག་ལུགས་རྒྱས་པ་ལྟར། ཧྲཱི༔ སྔོན༴ ཆབ། སྤོས། བརྒྱུད་འདེབས། སྐྱབས་ཡུལ་ནས། བགེགས་གཏོར་ཡན། ལས་བྱང་ཆེ་བའི་བསྟོད་པ། ཛཔྲ་དམིགས། བྷོ་དྷི། རུ་ལུ། ཡིག་ བརྒྱ། མཆོད་བསྟོད། སྡེ་བདུན། བརྒྱ་ཀློང་། ཚོགས་སྐོང་བ་ལྷག་མ་ཡན། བདག་འཇུག གནང་བ། གནས་འདྲེན་དབུས་ནས། དབང་རྫས་རྟགས་ཡན། བཀྲ་ཤིས་བརྗོད། ཡང་ལས་བྱང་ཆུང་བའི། རྡོ་རྗེ་སླ...
202604:PalriParkhang:IE21825_MA:VE2119_MA:v2:21190323.TIF
MW21825
manuscript
ume
danyig_pedri
བ་ལྟ་བུར་རྒྱུད་ལ་སྐྱེ་ཞིང་ཐོབ་པ་ཡིན་པས་དེ་ལྟར་ཐོབ་པར་ངེས་ཤེས་སྐྱེད་དགོས་ཏེ། ཅིའི་ཕྱིར་ན། ངེད་ཀྱི་ བསྡོམ་པ་ལེགས་པར་ཕོགས་རུང་ཁྱེད་ལ་ཐོབ་སེམས་ཀྱི་ངེས་ཤེས་མ་བརྙེད་ན་ཐོབ་པར་མི་འགྱུར་བ་ ལགས། འོ་ན་དེ་ལྟ་བུའི་སྡོམ་པ་ཐོབ་པའི་གཏན་ཚིགས་ཅི་ཡིན་རྙམ་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ གི་རང་བཞིན་ཡིན་པ་དང་། ཁྱོད་ཀྱི་རྒྱུད་ལ་བདེ་བར་གཤ...
202604:PalriParkhang:IE21019_MA:VE2493_MA:v2:24930096.tif
MW21019
manuscript
ume
danyig_pedri
ལ། །རིམས་ནད་ཡམས་ནད་མེད་པ་དང་། རིགས་བརྒྱུད་ཆོས་བརྒྱུད་དར་ཞིང་རྒྱས། །ལོངས་སྤྱོད་མངའ་ཐང་འཕེལ་བ་དང་། །སྣང་སྲིད་དབང་དུ་འདུ་བར་མཛོད། །མཆེད་ལྔ་མ་ གཡེལ་ལས་མཛོད་ཅིག །ཨོཾ་ཡ་མ་རཱ་ཙ་སྭ་ཧཱ། ཡ་མ་འདུསཿ སརྦ་འདུསཿ རཱ་ཙ་འདུསཿ མ་མ་འདུསཿ ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧིཿ པཉྩ་ཨ་མྲྀ་ ཏ་ཁ་ཧིཿ སརྦ་པཱུ་ཛ་ཧོཿ ཞེས་སྙིང་རྗེའི་དབང་ཕྱུག་ཆགས་མེད་ཞབས་ཀྱི་རྡོ...
202604:PalriParkhang:IE21825_MA:VE2118_MA:v2:21180604.TIF
MW21825
manuscript
ume
multi-script
པས། །འདི་དང་ཕྱི་མ་དུས་རྣམས་ཐམས་ཅད་དུ། །བརྩེ་བས་རྗེས་སུ་འཛིན་པར་མཛད་དུ་གསོལ། །ཡང་ནས་ཡང་དུ་འཁོར་བར་རབ་འཁྱམས་ཤིང་། ། སྡུག་བསྔལ་གྱིས་གཟིར་སྐྱབས་མེད་བདག་ཅག་ལ། །ཐུགས་རྗེའི་འོད་ཟེར་ཞགས་པས་བཟུང་ནས་ཀྱང་། །འཁོར་བའི་རྒྱ་མཚོ་སྐེམ་པར་བྱིན་ གྱིས་རློབས། ཅེས་བླ་མ་དགོངས་པ་འདུས་པའི་རྒྱུད་རིམ་རྣམས་ལ་གུས་པས་གསོལ་བ་བཏབ་པའོ།།ནུབ་ཕྱོགས་བདེ་ཆ...
202604:PalriParkhang:IE21019_MA:VE2489_MA:v2:24890030.tif
MW21019
manuscript
ume
multi-script
ཕྱོགས་བཅུར་ཁྲོ་བོ་རོལ་བུའི་སྤྲིན་གྱིས་གཏིབས་པའི་སྲུང་བའི་འཁོརལོས་གཏམས་པས་ཅིས་ཀྱང་མི་ཤིགས་བར་བསམ་མོ།། གསུམ་པ་བརྡ་སྒོ་བྱེ་བ་ནི། ཧཱུྃ། སྣང་སྲིད་ཐམས་ཅད་གཞལ་ཡས་ཁང་། །གཟུགས་ སྣང་ཐམས་ཅད་ཡེ་ཤེས་ལྷ། །མ་རྟོགས་མ་རིག་སྒོ་བཅད་པ། །རང་གསལ་ཡེ་ཤེས་སྒོ་ཕྱེས་ཤིག །བྷྲུྃ་པྲ་ཝེ་ཤ་ཡ་ཕཊཿ ཅེས་སྣོད་བཅུད་ཡེ་ནས་གཞལ་ཡས་ཁང་དང་ལྷར་ རྫོགས་པ་རྟོགས་པའི...
202604:PalriParkhang:IE21825_MA:VE2117_MA:v2:21170120.TIF
MW21825
manuscript
ume
multi-script
བསྔོ་བ་ལ་བརྩོན་དུ་འཛིན། བསྐུལ་པ་ནི། ཧཱུྃ་བྷྱོ༔ རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོ་ནས༔ རིག་འཛིན་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ སྤྲུལ་དང་ཡང་སྤྲུལ་ཞི་ཁྲོ་འབར་བའི་ ལྷ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ མཛོད་ཅིག་ཐུགས་དམ་གཉེན་པོ་དགྱེས་དགོངས་མཛོད༔ རྣལ་འབྱོར་བྱང་ཆུབ་སྒྲུབ་ལ་འཚེ་བའི་བགེགས༔ ཕྱི་ནང་བར་ ཆད་ཞི་བའི་ཕྲིན་ལས་མཛོད༔ སྲུང...
202604:PalriParkhang:IE21825_MA:VE2118_MA:v2:21180154.TIF
MW21825
manuscript
ume
multi-script
བམ་ལ་བྲིས་ཏེ། །འཛིན་དང་འཆང་བར་བྱེད་པ་ལ། །རྒྱལ་བའི་གདུང་འཛིན་བཀའ་ལ་གནས། །ཅེས་ གསུངས་སོ། །ཐ་ན་མིང་ཙམ་འཛིན་ཅིང་མོས་པས་ཀྱང་། ངན་སོང་དུ་མི་ལྟུང་ཞིང་ཐར་ལམ་རྙེད་པར་འགྱུར་ཏེ། མདོའ་ལས། སྐྱེས་བུ་ དམ་པའི་སྤྱོད་ཡུལ་ཏེ། །ཡོན་ཏན་སྒྲ་སྒྲོགས་སུས་ཐོས་པ། །མིང་ཙམ་གྱིས་ཀྱང་བདེའ་ཐོབ་ཅིང་། །དྲན་པས་ངན་འགྲོ་ལས་སྐྱོབ་ ཡིན། །ཅེས་དང་།གཅན་འཕྲང་ལས...
202604:PalriParkhang:IE23926_MA:VE3567_MA:v2:35670167.tif
MW23926
manuscript
uchen
null
བསམ་པའི་མི་དགེ་བ། །དེ་ལྡོག་དགེ་བ་ཚེ་འདིར་མྱོང་བའོ། །སྐྱེས་ནས་མྱོང་འགྱུར་ཚེ་གཉིས་པ་མ་མྱོང་། །ལན་གྲངས་གཞན་ལ་མྱོང་འགྱུར་ཚེ་གསུམ་ཕན། །ལས་གང་ལྕི་བ་དེ་ནི་ཐོག་མར་ སྨིན། །ཉམས་ན་འཆི་དུས་མངོན་དུ་གྱུར་དེ་སྨིན། །དེ་ཡང་འདྲ་ན་གོམས་པ་ཤས་ཆེ་བ། །མཉམ་ན་ཐོག་མར་བྱས་པ་སྔོན་ལ་སྨིན། །ད་ལྟའི་རྒྱུད་དང་དམ་པའི་ཆོས་གཉིས་ནི། །ནམ་མཁའ་དང་ ནི་ས་གཞིའི...
202604:PalriParkhang:IE21825_MA:VE2116_MA:v2:21160180.TIF
MW21825
manuscript
ume
danyig_pedri
།འདི་ཡག་དང་འདི་བྱེད་ངང་ལ་ཟད། །བློ་ཁ་དེ་ནང་དུ་ཁུག་ལ་ཤོག །དགོས་མེད་ཀྱི་སྨྲ་བརྗོད་ཆགས་སྡང་རྒྱུ། །ངག་སྒྲིབ་དེ་ཞར་དང་ཞོར་ལ་ གསོག །ཁ་ཏོན་དང་བཟླས་བརྗོད་བྱེད་ལ་འཆོར། །ངག་འཁྱལ་འདི་ཉེས་པའི་འབྱུང་ཁུངས་ལགས། །རྒྱུ་འབྲས་དང་དམ་སྡོམ་རྩ་བ་དེ། ། རང་སེམས་ལ་གཡོ་ཟོལ་མེད་པ་དགོས། །ཚུལ་ཆོས་དང་ངོ་ལྐོག་མཁན་པོ་དེ། །བཙན་དུག་ལ་ལྐོག་ཟས་བྱེད་པ་འདྲ། ...
202604:PalriParkhang:IE21019_MA:VE2487_MA:v2:24870324.tif
MW21019
manuscript
ume
danyig_pedri
ཡང་ཉིད་ཀྱིས། ཁྲིད་ཡིག་སོགས་ཐམས་ཅད་དུ་སེམས་ལ་བྱུང་ས་གནས་ས་འགྲོ་ས་སོགས་མ་གྲུབ་པར་གསུངས་ན། ཟབ་མོ་ནང་དོན་རང་འགྲེལ་ལས། གསང་སྔགས་རྙིང་ལུགས་ལྟར། སྙིང་གའི་དྭངས་མ་ལྔ་འདུས་སོགས་ལ་བརྟེན་ནས་སེམས་སྙིང་གར་གནས་ ཚུལ་གསུངས་པ་འདི་ཇི་ལྟར་ཡིན་ཞེས་འདྲི་བར་མཛད་པའི་སྐབས་དོན་ལ། སྤྱིར་ཡང་རྒྱལ་བས་གསུངས་པའི་ཆོས་ཐམས་ཅད་བདེན་ པ་གཉིས་སུ་འདུ་བས་ན། ...
202604:PalriParkhang:IE21019_MA:VE2490_MA:v2:24900281.tif
MW21019
manuscript
ume
danyig_pedri
དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །མེ་ལྷ་དྲང་སྲོང་ཁྱོད་ལ་མཆོད་པ་འབུལ། །ཕྲིན་ལས་རྣམ་ བཞི་མྱུར་དུ་འགྲུབ་པར་མཛོད། །ཧ་ཧ་ཧེ་ཧེ་ཧཱུྃ་ཧཱུྃ། དེ་ནས་བསྟོད་པ་ནི། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག་བདུད་བཞི་ འཇོམས་མཛད་ཕྱག་བཞི་པ། །ལས་ཀུན་སྒྲུབ་མཛད་འོད་པོ་ཆེ། །སྔོན་ཚེ་དུས་ན་ལྷ་ཡི་མཆེད། །ད་ལྟ་རྣལ་འབྱོར་སྒྲུབ་པའི་ མཆེད། །ལས་ཀུན་མཛད་ལ...
202604:PalriParkhang:IE21019_MA:VE2494_MA:v2:24940145.tif
MW21019
manuscript
ume
multi-script
ལས་ཀྱང་ལྷག་ཅིང་གཉན་པར་རྒྱུད་ལུང་མཐའ་དག་ནས་གསུངས་པ་ཡིན་ཏེ། གསང་འདུས་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མའི་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་ མཆོག་ནི་ཐོབ་པར་འགྱུར། ཅེས་དང་། མི་ལྕེ་ཕྲེང་བའི་རྒྱུད་ལས། གལ་ཏེ་རྣལ་འབྱོར་བློ་ལྡན་གྱིས། །རང་ཟས་གོས་ ལ་གྱོང་ཁུར་ནས། །བླ་མ་རྡོ་རྗེ་མཆོད་པ་ལ། །ཞིང་གི་ཁོར་ཡུག་...
202604:PalriParkhang:IE21825_MA:VE2120_MA:v2:21200511.TIF
MW21825
manuscript
ume
danyig_pedri
མེ་ལྷ་འདུག་པར་བསྒོམ། བར་གྲི་འདུལ་གཞུང་ལས། མེ་ལྷའི་རྒྱལ་པོ༴ ( འུར་གསུམ། ) སོགས། སྤྱན་འདྲངས་ནས། ཨོཾ་མགྣེ་ཧེ་ ཨབ་བྱའི༴ སོགས་ཀྱིས་སྔགས་ཉེར་གཅིག་ཙམ་གྱིས་ཡམ་ཤིང་། མར་ཁུ་ ( བདུན་རེ་མཚམས་སུ་འུར་དགུ་གདན་རེ། མར་ཁུ་ ) སོགས་རྫས་རྣམས་འབུལ། ( འུར་བདུན། ) བསྟོད་པ། འདོད་གསོལ། ( བདུན་བརྡུང་གཅིག ) བྱེད་པར་གྱུར་ཅིག བར། མཛེས་བརྒྱན་ལས། མེ...
202604:PalriParkhang:IE21825_MA:VE2121_MA:v2:21210515.TIF
MW21825
manuscript
ume
multi-script
།གནས་དེ་རུ་མཁའ་འགྲོའི་གསང་བའི་ཆོས། །རིགས་མི་འདྲའི་སྒྲོམ་བུ་ལ་ཡང་ཡོད། །དུས་རྟེན་འབྲེལ་གསང་ཐབས་ཚུལ་དུ་ལོངས། །གནས་ཆུ་གསུམ་འདུས་ པའི་ཉེ་ལོག་ན། །རི་བུམ་པ་འདྲ་བའི་ལྟོ་བ་རུ། །ཕ་མཚོ་སྐྱེས་རྡོ་རྗེའི་སྐུ་དང་ནི། །གནམ་ལྕགས་ཀྱི་སྡིག་པ་ར་དགུ་ཡོད། །དེ་ཐབས་དང་ རིགས་པའི་གནད་ལྡན་ཚེ། །དུས་མི་རིང་རང་གཏེར་ལག་ཏུ་ལོན། །མ་འོངས་ཀྱི་འབྱུང་འགྱུར...
202604:PalriParkhang:IE23945_MA:VE3554_MA:v2:35540088.tif
MW23945
manuscript
ume
danyig_pedri
གསར་དུ་བརྡོལ་བ་ལ་སོགས་པ་དཔལ་འབྱོར་ཆེན་པོ་གནས་པར་བྱེད། ཕྱོགས་བཞིར་གཙུག་ལག་ཁང་ཆེན་པོ་རེ་རེ་ཡང་བཞེངས། ཐེག་པ་ཆེ་ཆུང་ གི་དགེ་སློང་སུམ་ཁྲི་རེ་རྟག་ཏུ་མཆོད་དོ། དེ་ནི་རྒྱལ་པོ་ཀ་ཎི་ཀ་གོང་གི་དེ་དང་མི་གཅིག་པར་གྲགས། དེ་ནས་ཤར་ཕྱོགས་སུ་རྒྱལ་པོ་ཤྲི་ཙནྡྲའི་ བུ་དྷརམ་ཙནྡྲ་བྱ་བ་བྱུང་། འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་མཆོད་པ་རྒྱ་ཆེར་བྱས། དེའ...
202604:PalriParkhang:IE21492_MA:VE1605_MA:v2:16050176.tif
MW21492
manuscript
ume
danyig_pedri
ཀྱི་ཐེག་པ་མཆོག་ཏུ་ཟབ་པར་གསུངས་ལ། དེའི་འཇུག་སྒོ་ནི་སྨིན་བྱེད་ཀྱི་དབང་ཉིད་ལ་རག་ལས་པ་ སྟེ། དབང་བསྐུར་ཚུལ་བཞིན་མ་ཐོབ་པར་གསང་སྔགས་ཀྱི་ཆོས་ཤོ་ལོ་ཁ་གཅིག་ཙམ་ཡང་ཉན་པ་དང་སྤྱོད་པའི་སྐལ་བ་མེདཅིང་། ལྷ་ལ་ སོགས་པ་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ལ། དབང་བསྐུར་ལེགས་པར་ཐོབ་ཕྱིན་ཆད་བསྐྱེད་རྫོགས་ཀྱི་ཉམས་ལེན་གང་དང་གང་དག་ལ་ སྤྱོད་ཀྱང་འབྲས་བུ་མ...
202604:PalriParkhang:IE21019_MA:VE2493_MA:v2:24930463.tif
MW21019
manuscript
ume
danyig_pedri
ལ་མི་འགྲོ་པས། འདི་ཁྱེད་ལྕག་གི་མཆོད་གནས་ལ་འཇོག་དང་ཆོག་གསུངས་བས། ཁོང་རྣམས་དགའ་མགུ་ཡི་རང་བར་ བྱས། དེ་ནས་རྗེ་ལ་མཉེས་པ་གསུམ་གྱིས་ཞབས་ཏོག་བསྒྲུབས་ནས་གང་མཁོའི་གདམས་པ་ཞུས། ཁོང་གི་སྐྱེད་མོའི་ཚལ་དུ་ མཚོ་ཆེན་ཞིག་ཡོད་པའི་ནང་ནས། རྗེས་ངོ་མཚར་བའི་གཏེར་ཁ་ཟབ་མོ་གཅིག་བཞེས། ཀུན་གྱི་མཚར་དུ་སྨྲས་ཤིང་དད་ པས་གསོས་སུ་གྱུར། དེ་ནས་སློབ་བུ་ཤེས་ར...
202604:PalriParkhang:IE23945_MA:VE3554_MA:v2:35540235.tif
MW23945
manuscript
ume
danyig_pedri
༄༅།། གྲགས། སྐར་མ་རབ་རིབ། ༈ ལས་ཀྱི་གཎྜི་བརྡུང་ནས། དགེ་སློང་རྣམས་ནངདུ་བསྡུས། དགེ་ཚུལ་རྣམས་སྒོ་ཁང་དུ་བཀར། དགེ་སློང་རྣམས་ཀྱི་ཕྱིར་བཅོས་དང་བྱིན་བརླབ་གསོ་སྦྱོང་གི་ དུས་ཇི་བཞིན་པ་ལས། བྱིན་བརླབ་ཀྱི་སྐབས། གསོ་སྦྱོང་མཛད་ལ་ཞེས་པ། དགག་དབྱེ་མཛད་ལ། ཞེས་ཁ་བསྒྱུར་བའི་ཁྱད་པར་རོ།། དེ་ནས་དགེ་ཚུལ་རྣམས་དང་བཅས་པ་ཐམས་ཅད་ཚོགས་ཁང་དུ་རྒྱུན་ལྟར་...
202604:PalriParkhang:IE21825_MA:VE2116_MA:v2:21160559.TIF
MW21825
manuscript
ume
danyig_pedri
རུ་བསྟན། དེ་ལ་འདིར་རྨི་ལམ་ཆོས་སྐུར་གྲོལ་བའི་གདམས་པ་ཉམས་སུ་ལེན་པ་ལ། གཞི་ཁྲེགས་ཆོད་ཀྱི་ ལྟ་བ་ཇི་བཞིན་པར་ཉམས་སུ་བླངས་ནས་ལམ་སྣང་རྨི་ལམ་སྦྱོང་བ་ལ། དང་པོ་འབྱུང་བ་ལྔ་པོའི་ཐིམ་རིམ་ངོས་བཟུང་བ་དང་། གཞིའི་འོད་གསལ་ སྐྱོན་གསུམ་དང་བྲལ་བར་ངོ་སྤྲོད་པ། ཁམས་ཀྱི་བྱེ་བྲག་དབྱེ་ཞིང་གེགས་སེལ་བ། འོད་གསལ་ཕྱི་ནང་གི་ངོ་བོ་བསྟན་ཅིང་འབྱུང་བ་གོ་འཕོ...
202604:PalriParkhang:IE21888_MA:VE1986_MA:v2:19860421.tif
MW21888
manuscript
ume
danyig_pedri
འདུལ་སྤྲུལ་པར་ཡོངས་གྱུར་ནས། །རྒྱལ་ཀུན་ཕྲིན་ལས་ཉིད་དང་མཉམ་པ་ཡི། །བསྟན་དར་འགྲོ་ལ་ཕན་པ་མཆོག་འགྲུབ་ཤོག །སངས་རྒྱས་ བསྟན་པ་ཡུན་རིང་གནས་པར་ཤོག །བསྟན་འཛིན་སྐྱེས་བུ་གཞན་དོན་འགྲུབ་པར་ཤོག།འགྲོ་ཀུན་བདེ་ཞིང་ཆོས་ལ་སྤྱོད་པར་ཤོག ། སྨོན་ལམ་བཏབ་པ་མཐའ་དག་འགྲུབ་པར་ཤོག ཅེས་པ་འདི་ནི་རྣལ་འབྱོར་པ་ལྷུན་གྲུབ་བརྡ་ལ་ཁྱབ་ལའོ།། དུས་གསུམ་རྒྱལ་བའི་མཁ...
202604:PalriParkhang:IE21019_MA:VE2490_MA:v2:24900050.tif
MW21019
manuscript
ume
multi-script
བྱ། །འདི་ལས་བྱུང་བའི་དགེ་ཚོགས་ཇི་སྙེད་པ། །འདི་དོན་མ་རྟོགས་འཁྲུལ་པའི་འགྲོ་བ་ལ། །ཡོངས་སུ་བསྔོ་ཞིང་བསྔོ་བྱ་བསྔོ་བྱེད་ཀྱང་། ། ཆོས་དབྱིངས་སྤྲོས་པ་མེད་པའི་ཀློང་དུ་ཕཊཿརྡོར་སེམས་སྙིང་ཐིག་གི་བླ་མའི་རྣལ་འབྱོར་བསྒོམ་ཐབས་ངག་འདོན་དུ་བགྱིས་ཆོག་པ་འདི་བཞིན་དགོས་ཞེས། གཙང་ རོང་གོང་ར་བའི་གྲུབ་ཆེན་པ་གྲོགས་མཆེད་རྣམས་ཀྱིས་བསྐུལ་ངོར་ཕོ་བྲང་ཆ...
202604:PalriParkhang:IE21019_MA:VE2489_MA:v2:24890094.tif
MW21019
manuscript
ume
multi-script
ཞེས། །གསུང་གི་དབུགས་འབྱིན་འགྲོ་ལ་སྦྱིན་གྱུར་ཅིག ། ༡༧༽ གཽ་ཌཱ་བའི། འདི་ཡི་ཕན་ཡོན་བསམ་འདས་རྒྱ་ཆེ་བ། །ནོངས་པའི་གོ་སྐབས་མ་རྙེད་མེས་པོ་ཡང་། །ཅི་ཞིག་ ནོངས་ནས་ནམ་མཁའ་ཆུང་ངུར་སྤྲུལ། །རྒྱ་ཆེའི་ཡོན་ཏན་འགྲོ་ལ་སྦྱིན་གྱུར་ཅིག ། ༡༨༽ ཏིང་འཛིན་རབ་རྟོག ཆོས་འཁོར་སྐུ་མཆོག་ཀུན་ནས་གཡོ་བས་ཐར་ལམ་མི་གཡོ་འགྲོ་ བ་བེམ་པོ་རྡོ་བ་བཞིན། །ལག་གིས་བཟུང་...
202604:PalriParkhang:IE21825_MA:VE2116_MA:v2:21160108.TIF
MW21825
manuscript
ume
multi-script
༄༅། ཟབ་གཏེར་དབང་གི་འདོན་འཁྲིགས་གསལ་བའི་མེ་ལོང་སྐལ་བཟང་འཇུག་ངོགས་བཞུགས། །
202604:PalriParkhang:IE21888_MA:VE1986_MA:v2:19860525.tif
MW21888
manuscript
ume
druma
སྒྲིབ་པར་ཀུན་གྱིས་མངོན་སུམ་དུ་གསལ་བ་མཐོང་བར་བཞུགས་ནས་ཆོས་བསྟན་པས་མཐོ་རིས་ཐོབ་ བོ། ཚེས་བཅུར་རྒྱལ་ཆེན་བཞིས་མཆོད་པས། སྟོན་པའི་སྐུ་སྲིར་རྩེར་ཁྱབ་པ་ལས་འཕྲོས་པའི་འོད་འཇིག་རྟེན་གསུམ་གྱི་སྒྲོན་མེས་ཁམས་ གསུམ་དུ་གནས་པ་རྣམས་ཆེས་དད་པར་བསྐུལ་ཞིང་མཐོ་རིས་ཀྱི་ས་སོན་རྙེད་དོ། བཅུ་གཅིག་ལ་མགོན་མེད་ཟས་སྦྱིན་གྱིས་མཆོད་པའི་དུས་ སྐུ་འོད་ཟེར་...
202604:PalriParkhang:IE21492_MA:VE1605_MA:v2:16050073.tif
MW21492
manuscript
ume
danyig_pedri
བོ་ལས་ངན་སྡིག་ཅན་གཉིད་ལོག་གིཿ བླ་ཚེ་འཁྱམས་བོ་ད་ལྟ་ཁྲིད་ལ་ཤོགཿ བྷྱོཿ ད་ལྟ་ནམ་གྱི་ཐོ་རངས་བབ་དུས་འདིརཿ དམ་ཉམས་དགྲ་བོའི་བླ་ཚེ་འཕྱོ་བའི་དུསཿ ལས་ངན་བླ་འཁྱམས་མྱུར་དུ་ཁྲིད་ལ་ཤོགཿ བྷྱོཿ ད་ནི་ནམ་ལངས་ཉི་ མ་ཤར་དུས་འདིརཿ མི་ཕྱུགས་ཐམས་ཅད་ལས་ལ་གྲམ་པའི་དུསཿ དགྲ་བོའི་བླ་ཚེ་སྒོ་རུ་ཐོན་པའི་དུསཿ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོགཿ བྷྱོཿ ...
202604:PalriParkhang:IE21825_MA:VE2118_MA:v2:21180251.TIF
MW21825
manuscript
ume
multi-script
པ་འདི་ལ་སློབ་དཔོན་པདྨ་འབྱུང་གནས་སྤྲུལ་པའི་གུ་རུ་མཚན་བརྒྱད་སོགས་སུ་སྤྲུལ་ནས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱས་ པར་མཛད་པ་འདི་བཞིན་དུ། འདི་ནས་ཤར་ཤར་ཕྱོགས་སུ་ཞིང་ཁམས་དྲི་མ་མེད་པ་ཅེས་བྱ་བར་སངས་རྒྱས་དྲི་མེད་རྔ་སྒྲའི་བསྟན་པ་ལ་སློབ་དཔོན་པདྨ་དྲི་ མེད་སྐྱེ་བཟང་དུ་སྤྲུལ་ནས་འགྲོ་དོན་མཛད་པ་དང་། ལྷོ་ཕྱོགས་ཡོན་ཏན་འབྱུང་བའི་ཞིང་དུ་གུ་རུ་པདྨ...
202604:PalriParkhang:IE21019_MA:VE2494_MA:v2:24940075.tif
MW21019
manuscript
ume
danyig_pedri
པ་ཆེ་ཆུང་གསེར་གླིང་པ། །བསྟན་པའི་སྲོག་ཤིང་ཇོ་བོ་ཨ་ཏི་ཤ། གསོལ་བ་འདེབས་སོ༴ ། རྒྱལ་བ་འབྲོམ་དང་པུ་ཏོ་ཤ་ར་བ། །འཆད་ཁ་བ་དང་པོ་སྤྱི་ལྷ་འགྲོ་མགོན། །ལྷ་སྡིངས་ཁུ་དབོན་ཡོན་དཔལ་བདེ་བ་ དཔལ། །གསོལ་བ༴ །ཀ་བཞི་པ་དང་བསོད་ནམས་གྲགས་པ་དང་། །བློ་སྦྱོང་མངའ་བདག་རྒྱལ་སྲས་ཐོགས་མེད་ཞབས། །དཔལ་ལྡན་བྱང་ ཆུབ་རྒྱལ་དབང་མཚན་ཅན་ལ། །གསོལ༴ །སྐུ་ཞང་ཆོས་རྗེ་ས...
202604:PalriParkhang:IE21019_MA:VE2489_MA:v2:24890105.tif
MW21019
manuscript
ume
danyig_pedri
སྲིན་པོ་དྷ་ཤ་རུ་ལུ་ས་མ་ཡ༴ མུ་སྟེགས་ཏྲི་དུ་ས་མ་ཡ༴ སྣང་སྲིད་ལྷ་འདྲེའི་རྦོད་གཏོང་ཐམས་ཅད་བྱད་མ་དགྲ་བོའི་ཐོག་ཏུ་བྷྱོ་བྷྱོ་བཟློག་བཟློག༔ བྱད་ཁ་ཕུར་ཁ་དབལ་ཁ་བཟློག་བཟློག༔ གཏད་མནན་ཕུང་སེལ་བཟློག་བཟློག༔ བྱད་མའི་སྟེང་དུ་ཨེ་ས་བྷྱོ་བྷྱོ་བཟློག་བཟློག༔ ཨེ་ཛ་བྷྱོ་བྷྱོ་བཟློག་བཟློག༔ ཞེས་དང་གོང་གི་བཟློག་སྔགས་གྲངས་བསགས། བསྐུལ་པ་ནི། ཧྲཱིཿ ཡུལ...
202604:PalriParkhang:IE21825_MA:VE2120_MA:v2:21200375.TIF
MW21825
manuscript
ume
multi-script
རྣམ་དག་དང་། མཐའ་དང་བྲལ་བས་དབུ་མ་དང་། དོན་གྱུར་བ་མེད་པས་བདེ་བར་གཤེགས་པའི་སྙིང་པོ་དང་། ཐམས་ཅད་རིག་པར་འདུས་པས་ཐིག་ལེ་ ཉག་གཅིག་དང་། ཐམས་ཅད་རང་བྱང་ཡེ་ཤེས་སུ་འདུས་ཤིང་གོང་ན་གཞན་མེད་པས་རྫོགས་པ་ཆེན་པོ་དང་། ཕྱོགས་གཅིག་གང་ཡང་མ་འདྲེས་ལ་ཕྱོགས་ མེད་དུ་ཡོངས་སུ་རྫོགས་པ་མ་འདྲེས་ཡོངས་རྫོགས་སོ། །དེ་ལས་སོགས་པ་མིང་གི་རྣམ་གྲངས་བསམ་གྱིས་མི་...
202604:PalriParkhang:IE23926_MA:VE3566_MA:v2:35660022.tif
MW23926
manuscript
uchen
null
ཆོས་ཉིད་མཁའ་འགྲོས་བཟུང་། །མི་ཡི་ངོ་བསྲུང་འདུན་མའི་དགོས་པ་མེད། །དུས་དང་དུས་མིན་ནོར་བ་འགྲོ་ཉེན་ཡོད། །ཕ་ནོར་བུ་ཡིས་ལོན་པའི་གཏེར་འདོན་ཚེ། །རིག་སྟོང་ ཡེ་ཤེས་མཁའ་འགྲོ་གྲོགས་ཀྱི་མཆོག །ཐབས་ཤེས་འདུ་འབྲལ་མེད་པའི་དངོས་གྲུབ་ལོན། །ཉེ་རྒྱུའི་ཆ་འཕེལ་མི་མོའི་དགོས་པ་མེད། །ཐབས་གྲོགས་མ་ཡིན་འཐབ་གྲོགས་བྱེད་ཉེན་ ཡོད། །ཐུགས་ཀྱི་སྲས་གཅིག་སྣ་ཚ...
202604:PalriParkhang:IE21888_MA:VE1986_MA:v2:19860252.tif
MW21888
manuscript
ume
danyig_pedri
རུ་ཟུངས་ཤིག༔ ཕྲིན་ལས་འགྲོ་འདུལ་པདྨ་འབྱུང་གནས་ང༔ ལྷོ་ནུབ་ཨོ་རྒྱན་རྒྱ་མཚོ་གསེར་གྱི་གླིང༔ རིན་ཆེན་ཆུ་ངོགས་པདྨའི་ སྡོང་པོ་ལས༔ མངལ་གྱིས་མ་གོས་ཟོ་ཁ་འབྲུ་པདྨའི་སྟེང༔ ལེགས་སྐྱེས་རབ་བརྟེན་སྣང་བ་མཐའ་ཡས་བུ༔ འགྲོ་བའི་དོན་ཕྱིར་འཛམ་བུ་གླིང་དུ་བབས་༔ ཐོག་མར་ སྐལ་བཟང་རྒྱལ་པོས་རྒྱལ་སྲིད་བཟུང༔ གཞན་སྣང་འགྲོ་འདུལ་བློ་གྲོས་བརྟུལ་པའི་ཕྱིར༔ བ...
202604:PalriParkhang:IE21825_MA:VE2120_MA:v2:21200279.TIF
MW21825
manuscript
ume
multi-script
བའི་ཕྱིར། ཕྱག་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་བཏབ་པ་འདིའྀ་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་སོགས་ལན་གསུམ། དེ་ནས་རྒྱུན་ བཤགས་ཡན་ལག་ལྔ་པ་བྱ་བའི་ཕྱིར་མདུན་གྱི་ནམ་མཁར་འཕགས་མཆོག་སྤྱན་རས་གཟིགས་གཙོ་བོར་གྱུར་པའི་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བཞུགས་པའི་དྲུང་དུ་ བདག་སོགས་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས། དུས་འ...
202604:PalriParkhang:IE21825_MA:VE2117_MA:v2:21170173.TIF
MW21825
manuscript
ume
danyig_pedri
ཀུན་བཟང་གོ་འཕང་མྱུར་ཐོབ་ནས། །མཁའ་མཉམ་འགྲོ་ཀུན་འདྲེན་པའི་དཔལ་དུ་ཤོག ཅེས་པ་འདི་ནི་གཙང་གི་ལ་སྟོད་སྲིད་གསུམ་རྣམ་རྒྱལ་ ནས་རང་བཞིན་རྫོགས་པ་ཆེན་པོའི་རྣམ་འབྱོར་པ་གར་དབང་འོད་གསལ་རང་གྲོལ་གྱི་བསྐུལ་ངོར་བྲིས་པའོ།། ༈ ན་མོ་གུ་རུ་བྷྱཿ ངོ་བོ་ཡེ་ནས་ཀ་ དག་ཆོས་ཀྱི་སྐུ། །རང་བཞིན་གསལ་ལ་མ་འགགས་ལོངས་སྤྱོད་རྫོགས། །ཐུགས་རྗེ་རོལ་རྩལ་ཀུན་ཁྱབ་སྤྲ...
202604:PalriParkhang:IE21019_MA:VE2489_MA:v2:24890054.tif
MW21019
manuscript
ume
multi-script
ཆོས་ཉིད་མཁའ་འགྲོའི་གསང་མཛོད་ལས༔ ཚེ་སྒྲུབ་བསྡུས་པ་ཡང་གསང་སྙིང་པོ་བཞུགས༔ ན་མོ༔ རང་རིག་ལྷ་ལ་སྐྱབས་སུ་མཆི༔ རྟོག་གཉིས་བྲལ་བར་སེམས་ བསྐྱེད་དོ༔ ཨཱཿ གནས་ལུགས་མ་བཅོས་དོན་གྱི་ལྷ༔ ཨོ་རྒྱན་པདྨ་ཚེ་དཔག་མེད༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ ལོངས་སྤྱོད་རྒྱན་རྫོགས་ཞི་ཚུལ་ལྡན༔ མཚན་དཔེ་རབ་རྫོགས་གཟི་འོད་འབར༔ གོས་དཀར་...
202604:PalriParkhang:IE21888_MA:VE1983_MA:v2:19830139.tif
MW21888
manuscript
ume
multi-script
ལོག་འདྲེན་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་བརྗོད་ཅིང་འདོད་གསོལ་ནི༔ ཞི་བ་ལ༔ ནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ རྒྱས་པ་ལ༔ ཚེ་དང་བསོད་ནམས་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛོད་ཅིག༔ དབང་ལ༔ ཁམས་གསུམ་སྐྱེ་འགྲོ་ཟས་ནོར་ལོངས་སྤྱོད་ཐམས་ཅད་འདུ་བའི་ཕྲིན་ལས་མཛོད་ཅིག༔ དྲག་པོ་ལ༔ དགྲ་བགེགས་ ག...
202604:PalriParkhang:IE21888_MA:VE1984_MA:v2:19840315.tif
MW21888
manuscript
ume
multi-script
བཅུད་བསྡུས་རིལ་བུ། སྨར་གྱི་འབྲོག་ཕུག་ཏུ་ཉེ་གནས་ཆོས་གསལ་བཅས་བྱོན་སྐབས། གཉན་པོ་གཡུ་རྩེའི་སྲས་མོ་གཉན་མོང་འབྲུག་ ཟེར་བ་དེས་ཕུལ་བའི་རྒྱལ་བ་འོད་སྲུང་གི་ཚེམས་ལས་བྱུང་བའི་རིང་བསྲེལ་ཆ་བདུན་ལ་སོགས་པའི་རྟེན་ཁྱད་པར་ཅན་དུ་མ་གཟུངས་འཇུག་ཏུ་ཕུལ་ནས། བླ་མའི་སྐུ་གདུང་ཚད་དང་ལྡན་པ་མདའ་གང་ཚད་ཙམ་ཞིག་བཞེངས་ནས་རབ་གནས་སོགས་རྗེ་དེ་ཉིད་བླ་མ་དགེ་ད...
202604:PalriParkhang:IE23945_MA:VE3554_MA:v2:35540204.tif
MW23945
manuscript
ume
danyig_pedri
སྔོན་འགྲོ་བསགས་སྦྱོང་བྱེད་ཚུལ་མདོར་བསྡུས་སྙིང་པོར་དྲིལ་བ་བཞུགས། ན་མོ་གུ་ར་ཝེ། འདིར་རིག་འཛིན་མི་འགྱུར་རྡོ་རྗེའི་ཟབ་གཏེར་ལས་བྱོན་པའི་རྫོགས་པ་ ཆེན་པོ་སངས་རྒྱས་ལག་འཆང་གི་སྔོན་འགྲོའི་བསགས་སྦྱོང་བྱེད་ཚུལ་མདོར་བསྡུས་བྲི་བ་ལ། སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ་སྙིང་ཐག་པ་ནས་སྐྱོ་ཤས་སྐྱེ་ཞིང་། ཐར་འདོད་ཀྱི་ངེས་འབྱུང་ བཅོས་མ་མིན...
202604:PalriParkhang:IE21825_MA:VE2120_MA:v2:21200477.TIF
MW21825
manuscript
ume
multi-script
ཀྱི་མངའ་བདག་ཐམས་ཅད་ལ་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་བདག་ལ་ཐུགས་རྗེས་དགོངས་ཏེ། སྣང་སྲིད་ཐམས་ཅད་རོལ་མོའི་སྒྲ་དང་སྤོས་ དྲི་འཚུབ་ཅིང་སྟེང་འོག་ཕྱོགས་མཚམས་ཀུན་ནས་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས། རང་གི་སྤྱི་བོའི་བླ་མ་ལ་སིབ་གྱིས་ཐིམ་ པས་བླ་མ་ཉིད་གཟི་བརྗིད་ཀྱི་དཔལ་དུ་འབར་བ་ལས་ཀྱང་ཆེས་ཆེར་བྱིན་རླབས་ཀྱི་འོད་མདངས་ཉི་མ་འབུམ་ལྟར...
202604:PalriParkhang:IE21019_MA:VE2488_MA:v2:24880326.tif
MW21019
manuscript
ume
multi-script
འཁོར་ལོའི་འདུ་བར་གཤེགས་སུ་གསོལ། །སྐུ་གསལ་སྟོང་འཇའ་འོད་ལཾ་སེ་ལཾ། །གསུང་རྡོ་རྗེའི་མགུར་དབྱངས་ ཀྱུ་རུ་རུ། །ཐུགས་བདེ་སྟོང་ཏིང་འཛིན་ཆམ་སེ་ཆམ། ། འདི་བྱིན་རླབས་འབེབ་ཅིང་གཤེགས་སུ་གསོལ། །གནས་གདམས་ངག་མཆོད་རྫས་འཛོམ་པ་ཡིན། ། དུས་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ། །རྗེ་བླ་མ་ཡི་དམ་མཁའ་འགྲོར་བཅས། །ཚོགས་མཆོད་པའི་མགྲོན་དུ་གཤེགས་སུ་གསོལ། །ག...
202604:PalriParkhang:IE21019_MA:VE2492_MA:v2:24920527.tif
MW21019
manuscript
ume
danyig_pedri
སྙན་གདངས་སམ། དལ་འདོན་གྱིས། ལྷུན་པོའི་སྟེང་དུ༴ སེང་གེ༴ གཞལ་ཡས༴ གདན་ལ༴ གཞིའི་ཨཱཿཡིག༴ ཚིགས་བཅད་རྣམས་ཡོ་གའམ་ལྷུག ཡེ་ཤེས་ཀྱི་འཁོར་ལོར་བཞུགས་པའོ༔ གདན་གསུམ༴ སྔགས་ཚན་ནས། དཀྱིལ་འཁོར་བདག་པོ༴ ཨ་ དརྴ༴ ཤུ་ནེ༴ ས་མནྟ༴ པྲ་ཏེ༴ རྣམ་སྙིང་༴ ས་སྙིང་༴ ས་མ༴ ཨ་དརྴ༴ ཤུ་ནེ༴ པྲ་ཏི༴ ཀྲྀ་ཏེ༴ རིན་འབྱུང་༴ པྲ་ཏི༴ ཨ་དརྴ༴ ས་མ༴ ཤུ་ནེ༴ ཀྲྀ་ཏེ༴ སྣང་བ༴ ཀྲྀ...
202604:PalriParkhang:IE21825_MA:VE2119_MA:v2:21190502.TIF
MW21825
manuscript
ume
multi-script
ལས་རྣམས་ཀུན༔ བདག་གིས་མྱུར་དུ་འགྲུབ་པར་མཛོད༔ ཅེས་སོ།། ༈ ཀུན་གཞི་སྤྲོས་པ་བྲལ་བའི་ཀློང་ཡངས་ནས༔ ཀུན་མཁྱེན་ཡབ་སྲས་བརྒྱུད་ འཛིན་དཔའ་བོ་མཆོག༔ ཀུན་བཟང་ཐུགས་ཀྱི་དགོངས་པ་མངོན་དུ་གྱུར༔ ཀུན་གྱི་རྗེ་བོ་བླ་མ་རིན་པོ་ཆེ༔ ཀུན་གཞི་མ་བཅོས་ངང་ནས་གསོལ་བ་འདེབས༔ ཀུན་སྣང་རང་སར་ གྲོལ་བར་བྱིན་གྱིས་རློབས༔ ཅེས་སྤྲང་མོའི་མཚར་གཏམ་མོ།། ཨེ་མ་ཧོཿ སངས་...
202604:PalriParkhang:IE21888_MA:VE1986_MA:v2:19860084.tif
MW21888
manuscript
ume
multi-script
བདུད་རྩི༴ མངོན་སྤྱོད༴ སྔོན་ཚེ་རྒྱལ་བའི་བཀའ་དམ་ལ་གནས་པའི༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང༔ དཀར་ཕྱོགས་ སྐྱོང་མཛད་ལྷ་མགོན་ཐམས་ཅད་ལ༔ བདུད་རྩི༴ མངོན་སྤྱོད༴ ལོག་འདྲེན་དགྲ་བགེགས་འགུགས་བསྒྲལ་ལས་མཛོད་ཅིག༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཞེས་བརྗོད་སྐྱེམས་གཏོར་གཙང་སར་མཆོད༔ དེ་ཡིས་ལས་ཀུན་འགྲུབ་འགྱུར་རོ༔ དེ་ནས་མཁྱེན་གཟུ་ནི༔ ཀྱཻ༔...
202604:PalriParkhang:IE21888_MA:VE1985_MA:v2:19850105.tif
MW21888
manuscript
ume
multi-script
ཅིག རང་ཤ་རང་གིས་ཟོ་ཞིག རང་ཁྲག་རང་གིས་འཐུང་ཞིག ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ། བདག་གི་ཆོས་སྐྱོང་ཐམས་ཅད་ཁོའི་ གཤེད་དུ་ཕོབ། མཱ་ར་ཡ་ཟློག་བྷྱོ། ཞེས་ཐལ་མོ་ལན་གསུམ་བརྡབ་བོ། དེ་ནས་ལས་བྱང་གཤིན་རྗེའི་ཕྲིན་ལས་ནི། སྭ་བྷ་བ༴ སྟོང་པའི་ངང་ལས་རང་ཉིད་དཔལ་ཆེན་ པོ་རྡོ་རྗེ་འཇིགས་བྱེད་སོགས་ནས་བརྟེན་བསྐྱེད། དྲང་བསྟིམ། དབང་བསྐུར...
202604:PalriParkhang:IE21825_MA:VE2118_MA:v2:21180398.TIF
MW21825
manuscript
ume
multi-script
གཤེད༔ ངོ་མཚར་རྨད་བྱུང་སྒྲུབ་པ་ཡི༔ ཕྱི་རོལ་སྒོ་ཡི་སྲུང་མ་མཛད༔ ཁྱེད་ཀྱི་ཐུགས་དམ་ངོ་མཚར་ཆེ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུཿ དེ་བཞིན་ སྔགས་བསྒྱུར། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ དང་། ཕྱི་རོལ་མལ་དུ། ཕྱི་ནང་སྒོ་ཡི༴ ཞེས་ཁ་བསྒྱུར་བས་འཐུས།ཁྲོ་བཅུ་བསྡུ་བ། ཧཱུྃ་བཞིའི་སྔགས་བརྗོད། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི...
202604:PalriParkhang:IE21825_MA:VE2121_MA:v2:21210387.TIF
MW21825
manuscript
ume
multi-script
སྦྱར། འཕགས་པའི༴ རིག་བྱེད༴ མ་ཎི་ལ་གཤམ་སྦྱར་བརྒྱ། འཕགས་པའི༴ ནོར་རྒྱུན༴ མ་ཎི་ལ་གཤམ་སྦྱར་བརྒྱ། ལས་སྦྱོར་བཟླས་པ། དཀྱིལ་འཁོར་གྱི་ལྷའི༴ མ་ཎི། ཡིག་བརྒྱ། ད་ཧ་སྦྲེལ་བ་བརྒྱ། བདེ་བར་གཤེགས་པ༴ མི་ ཟའོཿ བུམ་སྒྲུབ། སྭ་བྷཱ་ཝ༴ བུམ་པ་མི་དམིགས༴ ཡོ་ག ཤབྟ༴ ཞི་རོལ། རྒྱ། དུང་། དཀར། ཧྲཱིཿ ཆོས་དབྱིངས་སྤྲོས་པ༴ རིགས་ལྔ་སྤྱི་ཕྱག་གིས་བསྟོད།རང་སྲོག༴...
202604:PalriParkhang:IE21825_MA:VE2119_MA:v2:21190536.TIF
MW21825
manuscript
ume
multi-script
པོ་འཁྲུངས། ཐུགས་རབ་ཀྱང་ནམ་མཁའ་ལ་མདུང་བསྐོར་བ་ལྟར་སོང་། དེ་ནས་སྤྱན་སྔར་བྱོན་པས་ སྒམ་པོ་པས་མཁྱེན་ཏེ། ད་ང་ལ་ཡང་དེ་ལས་ལྷག་པ་བརྟན་རྒྱུ་མེད་འོན་ཀྱང་ང་རང་གི་ལུགས་ཀྱི་ཁྲིད་གཅིག་བྱའོ་གསུངས་ནས་ ལྷན་གཅིག་སྐྱེས་སྦྱོར་གྱི་ཁྲིད་གནང་། དེ་ནས་རིང་པོར་མ་ལོན་པར་སྒམ་པོ་པ་གཤེགས། དེ་ནས་ཐུགས་དགོངས་ལ། བགས་ཁྲོད་ དབེན་པ་སྟེ་དབང་གིས། སྤྱོད་ཅིང་ར...
202604:PalriParkhang:IE21492_MA:VE1606_MA:v2:16060119.tif
MW21492
manuscript
ume
danyig_pedri
ནམ་དུ་ཡང་། །སྒོ་གསུམ་དགེ་སྦྱོར་ཞོར་ལ་མ་འབད་ན། །དལ་ཁོམ་ཤོམས་ལ་བསྒུགས་རིང་མི་ཚེ་ཟད། །འཆི་བདག་དལ་ཁོམ་བརྩི་བ་མི་ སྲིད་དོ། །སྐྱིད་སྡུག་གང་བྱུང་བླ་མའི་བྱིན་རླབས་སུ། །ཤེས་ན་བར་ཆད་འབྱུང་བའི་རྒྱུ་རྐྱེན་ཟད། །ན་ཚ་སྡུག་བསྔལ་གང་ཡང་སྒྲིབ་སྦྱོང་ དུ། །གོ་བར་བྱ་ཞིང་སྨོན་ལམ་བཟང་པོ་གདབ། །ཞེ་སྡང་ལ་སོགས་ཉོན་མོངས་དུག་ལྔའི་སེམས། །ནམ་སྐྱེས་ཉོ...
202604:PalriParkhang:IE21019_MA:VE2488_MA:v2:24880236.tif
MW21019
manuscript
ume
danyig_pedri
སྤྱོད་བསོད་ནམས་སྲོག་གི་གཤེད་དུ་བབས༔ ཡུལ་མི་ཉེ་འབྲེལ་རྩོད་དང་འཁྲུགས་པའི་གཞི༔ ཆགས་སྡང་གོ་ལྡོག་ཕ་མར་བློ་མི་ཁེལ༔ བྱ་བ་ཐམས་ཅད་ མཐའ་མེད་ངན་སོང་རྒྱུ༔ དེ་འདྲའི་དུས་ངན་སྙིགས་མ་སྙིགས་མའི་དུས༔ སྤྱན་གཟིགས་ཕྱག་རྡོར་པད་འབྱུང་སྒྲོལ་མ་དང༔ ཡི་དམ་ཀུན་འདུས་མཁའ་འགྲོ་ཀུན་འདུས་དང༔ བཀའ་སྲུང་ཀུན་ འདུས་སེང་ཆེན་དཔའ་བོ་སོགས༔ དེ་དག་རང་རང་སྒྲུབ་ཕྲ...
202604:PalriParkhang:IE21888_MA:VE1986_MA:v2:19860199.tif
MW21888
manuscript
ume
danyig_pedri
འཁོར་བ་སོགས་རང་འཛིན་གྱི་རྟོག་པས་སྒྲོ་བཏགས་པའི་ཀུན་བཏགས་ཀྱིས་འཁྲུལ་པའི་ཆོས་རྣམས་འཁྲུལ་གཞི་རྣམ་ཤེས་ལྟ་བུའི་གཞན་དབང་གི་དངོས་པོ་བདེན་ པར་གྲུབ་པ་རེའི་གཞི་རྟེན་ཅན་ཡིན་དགོས་ཏེ། ཐོ་ཡོར་མི་དང་ཐག་ཁྲར་སྦྲུལ་དུ་འཁྲུལ་པའང་། མི་དང་སྦྲུལ་མེད་ཀྱང་ཐོ་ཡོར་དང་ཐག་ཁྲ་ ཡོད་དགོས་པ་བཞིན། དེ་ལས་གཞན་དུ་མེད་ན་ནི་ནམ་མཁའ་དང་འདྲ་བར་བདེན་པའི་དངོས་པོ...
202604:PalriParkhang:IE21825_MA:VE2116_MA:v2:21160296.TIF
MW21825
manuscript
ume
danyig_pedri
མི་འགྱུར་རྡོ་རྗེའི་བཀྲ་ཤིས་ཤོག༔ ཅེས་དང་བཀྲ་ཤིས་ཅི་རིགས་བརྗོད༔ ལས་རྗེས་མི་མངོན་གསང་བར་བྱ༔ ས་མ་ཡ༔ ཨེ་མ་ཐེག་མཆོག་གསང་བ་སྙིང་པོ་ཡི༔ ལམ་གྱི་ཆ་ལག་ཟབ་མོ་འདི༔ མཁར་ཆེན་ཌཱ་ཀི་མཚོ་རྒྱལ་ངས༔ གཅེས་ནོར་ཚུལ་དུ་ས་ལེར་གཏད༔ ད་ལྟ་མ་སྤེལ་གཏེར་དུ་སྦོས༔ མ་འོངས་ཉི་ཤུ་ཁ་རལ་དུས༔ མདོ་ཁམས་དུ་བ་སྔོན་པོས་ཁྱབ༔ དེ་དུས་ང་ཡིས་བྱིན་བརླབས་པའི༔ ཡོས་སམ་ འ...
202604:PalriParkhang:IE21888_MA:VE1985_MA:v2:19850060.tif
MW21888
manuscript
ume
gyuyig_tsugdri
མཁའ་འགྲོ་ཆོས་སྐྱོང་སོགས། །རྣམ་འགྱུར་ཆད་ལུགས་དུ་མར་སྣང་བ་ཀུན། །དབྱེར་མེད་བླ་མའི་ངང་དུ་རོ་གཅིག་པའི། །ཀུན་འདུས་བླ་མ་མཆོག་ ལ་གསོལ་བ་འདེབས། །སྐྱབས་གནས་དཔལ་མགོན་རྩ་བའི་བླ་མ་ལ། །མོས་གུས་གདུང་བའི་གསོལ་བ་བཏབ་པའི་མཐུས། ། སྨིན་གྲོལ་བྱིན་རླབས་ཆར་རྒྱུན་དབབ་ནས་ཀྱང་། །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། ཅེས་བླ་མའི་རྣལ་འབྱོར་མད...
202604:PalriParkhang:IE21019_MA:VE2489_MA:v2:24890074.tif
MW21019
manuscript
ume
danyig_pedri
བདུད་རྩིའི་ཐིགས་པ་ལས། དོན་གཉིས་པ་དབྱར་གནས་ཇི་ལྟར་བྱ་བའི་རིམ་པ་དང་། དོན་གསུམ་པ་དགག་དབྱེ་ཇི་ལྟར་བྱ་བའི་ཚུལ་བཅས་ལ་ལྡེབ། ༣༣ ཚད་མ་རྣམ་འགྲེལ་ གྱི་ཚིག་འགྲེལ་འཇམ་དཔལ་དགྱེས་པའི་ཞལ་ལུང་ལ་ལྡེབ། ༢༩ རྩོམ་མཐའ་མ་གྲུབ། དཀར་ཆག་ལྡེབ། ༡ བཅས་བསྡོམས་ལྡེབ་གྲངས། ༣༡༡ ༈ རྒྱལ་ཀུན་སྤྱི་གཟུགས་མཚོ་སྐྱེས་རྗེའི། །རིང་ལུགས་འཛིན་ལ་ཟླ་བྲལ་བ། །ཐུབ་བསྟན...
202604:PalriParkhang:IE21825_MA:VE2116_MA:v2:21160630.TIF
MW21825
manuscript
ume
multi-script
སྐྱོང་ལ་སྒོམ་པར་གྲགས། །སྤྱོད་ལམ་ཀུན་ཏུ་མ་འཁྲུལ་སྤྱོད་པའི་མིང་། །བག་ཆགས་འཁྲུལ་པ་སངས་ ཚེ་འབྲས་བུའོ། །དེ་ལྟར་རང་སེམས་འདི་ཉིད་གཅིག་པུ་ལ། །གཞི་ལམ་འབྲས་སོགས་གནས་སྐབས་ཐ་དད་ཀྱི། །མིང་དང་དབྱེ་ བསྡུ་ཟད་མཐའ་མེད་པར་འབྱུང་། །རྒྱལ་བའི་གསུང་རབ་རྒྱ་མཚོ་ལྟ་བུ་ཀུན། །ཐམས་ཅད་འདི་དོན་རྟོགས་ཕྱིར་ཁོ་ནའི་ཆེད། །ཡིན་ ཀྱང་མིང་ཚིག་མང་པོ་དེ་དག་གིས...
202604:PalriParkhang:IE21019_MA:VE2489_MA:v2:24890519.tif
MW21019
manuscript
ume
danyig_pedri
མགོན་པོ་དང་རྣམ་དབྱེར་མ་མཆིས་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་གདུལ་བྱའི་དོན་དང་གང་འདུལ་གྱི་ཡེ་ཤེས་སྒྱུ་མའི་རང་བཞིན་སྐུར་བཞེངས་ པའི་ཚུལ་ནི་བརྗོད་དུ་མི་ནུས་ཀྱང་། ཅུང་ཟད་བརྗོད་ན་སྔོན་ཐུབ་པའི་དྲུང་དུ་དགེ་སློང་ཆེན་པོ་ཀུན་དགའ་བོ། འོ་མ་ཅན་ལ་གྲུབ་པའི་དབང་ ཕྱུག་དྷརྨཱ་ལཀྵི་པ། རྒྱ་གར་མཁན་པོ་བི་མ་མི་ཏྲ། བསམ་ཡས་སུ་རྒྱལ་པོའི་སྲས་མོ་...
202604:PalriParkhang:IE23945_MA:VE3554_MA:v2:35540011.tif
MW23945
manuscript
ume
danyig_pedri
།སྨིན་གྲོལ་འོད་སྟོང་འགྲོ་ལ་འགྱེད་མཁས་པ། །ནམ་མཁའི་རྣལ་འབྱོར་རིག་པ་འཛིན། །ནམ་མཁའ་བསོད་ནམས་ འཕྲིན་ལས་གཏེར། །ནམ་མཁའ་བསོད་ནམས་གདུལ་བྱའི་དོན། །ནམ་མཁའ་མཉམ་པ་གང་དེའི་དྲུང་། །སྲིད་པ་མེ་འོབ་ལྟ་བུའི་བཙོན་ར་ལ། །མངོན་པར་ སྐྱོ་བའི་ངེས་འབྱུང་བསམ་པ་ནི། །ཡང་ཡང་འདུས་བྱས་རྐྱེན་ཚོགས་ཀྱིས་བསྐུལ་ཏེ། །དབེན་ལ་དགའ་བ་བདག་འདྲས་འདི་སྐད་གསོལ། ། ཁྱ...
202604:PalriParkhang:IE21019_MA:VE2487_MA:v2:24870535.tif
MW21019
manuscript
ume
danyig_pedri
།དབང་སྐུར་ཟླ་འོད་གཞོན་ནུར་གྱུར་པ་ཉིད། །ལྔ་བདོའི་རྣམ་འགྱུར་དར་བའི་བསིལ་ལྡན་ཡུལ། །གང་འདིར་བསྟན་གཉིས་སྒྲོན་མ་སྦར་བའི་མགོན། ། ལྷ་ལམ་ཁྱབ་པའི་དབུས་ནས་འགྲན་བྲལ་ཉིད། །འཛམ་གླིང་གྲགས་པའི་འོད་ཟེར་ཚར་དངར་གདུང་། །དྲི་མེད་སྒྲུབ་རྒྱུད་བསྟན་སྲོག་འཛིན་པའི་དཔལ། །ཆོས་ ཉིད་ཇི་བཞིན་གཟིགས་པ་མངོན་གྱུར་གྱིས། །ཆོས་ཅན་ཇི་སྙེད་ཡེ་ཤེས་ཀློང་གྲོལ་བ...
202604:PalriParkhang:IE21019_MA:VE2489_MA:v2:24890344.tif
MW21019
manuscript
ume
danyig_pedri
རྗེའི་བྱང་ཕྱོགས་སུ་གནས། དེ་ནས་ཐམས་ཅད་ཀྱིས་དབྱངས་གཅིག་དང་མགྲིན་གཅིག་ཏུ་འདི་སྐད་ཟེར། ཨེ་ཨ་ར་ལི་ཕེཾ་ཛ་བྷྲུྃ། ཟེར་བ་དང་མཉམ་དུ་ཡུལ་སྣང་ཐམས་ཅད་འཇའ་འོད་ལམ་མེར་སོང་བའི་ཐིག་ལེ་དཀར་ལ་འཚེར་བ་ཞིག་གི་དབུ་རུ་ཡུལ་སྣང་ཡིད་དུ་འོང་བ་ནེའུ་སང་དང་ ལྗོན་པ་ལོ་འབྲས་ལྡན་པའི་མཐའ་སྐོར་ལྕགས་རི་ལྟར་ཡོད་པ། དེའི་དཀྱིལ་དུ་ཕོ་བྲང་ཆེན་པོ་གྲོང་ཁྱེར་བརྒ...
202604:PalriParkhang:IE23945_MA:VE3554_MA:v2:35540339.tif
MW23945
manuscript
ume
danyig_pedri
༄༅། ཀློང་ཆེན་སྙིང་གི་ཐིག་ལེའི་ཆ་ལག ས་ནད་བྲ་བའི་གནོད་པ་ཞི་བའི་ལས་རིམ་ཕན་བདེའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།
202604:PalriParkhang:IE21825_MA:VE2120_MA:v2:21200297.TIF
MW21825
manuscript
ume
druma
རབ་བརྒྱན་པ། །དད་ལྡན་ཀུན་བཟང་ཆོས་རྒྱལ་གང་དེ་ཡིས། །དབང་པོའི་གཞུ་འདྲའི་ལྷ་རྫས་སྐྱེས་བསྐུར་ཏེ། །སྐྱེས་ལན་སྙིང་གཏམ་གདམས་ ངག་དགོས་སོ་སྐད། །ཁྱོད་ནི་ལུང་རྟོགས་དམ་ཆོས་འབྱོར་པས་ཕྱུག །བདག་ནི་ཐོས་བསམ་སྒོམ་པའི་ནོར་གྱིས་དབེན། །ལེགས་བཤད་ཡོན་ཏན་སྦྱིན་པར་ནུས་ མིན་ཀྱང་། །གོང་མའི་གསུང་རྒྱུན་ཙམ་ལ་བརྟེན་ནས་ནི། །སྙིང་གཏམ་ཐར་པའི་ལམ་བཟང་འདི་ལ...
202604:PalriParkhang:IE21019_MA:VE2487_MA:v2:24870526.tif
MW21019
manuscript
ume
danyig_pedri
འབྲུ་གསལ་བར་གྱུར། །བླང་དོར་ཙ་ཀོ་ར་ཡི་མིག་ཅན་དག སྣང་བྱེད་ཕོ་ཉ་ལ་དགའི་བློ་བྲལ་ཡང་། །དམ་ཆོས་ནམ་མཁའི་ནོར་བུ་བལྟ་ འདོད་བྱིའུ། །དགའ་བའི་ནམ་ལངས་མཁའ་ལ་འཕུར་བར་བརྩམ། །འོན་ཀྱང་ནད་ལྡན་སྨན་མི་ཤེས་པའི་བྱིས། །ཁ་བའི་རོ་ལ་བྱོལ་ཡང་ བརྩེ་བའི་མས། །ཁ་ཟས་དང་སྦྱར་སྦྱིན་འདྲའི་ཐབས་དག་དང་། །མ་ལྡན་དོན་མི་འགྲུབ་མཐོང་བག་ཕེབས་བྱས། །ཀྱེ་ཧུད་སྔོན་ཚེ...
202604:PalriParkhang:IE21019_MA:VE2487_MA:v2:24870066.tif
MW21019
manuscript
ume
danyig_pedri
ཀྱི་ལྟ་སྒོམ་སྤྱོད་གསུམ་ལ་མི་དགའ་བའི་འཛིན་སྟོང་འདུག་གམ་དཔྱོད་ཅེས་ཞག་གཅིག དེ་འང་རིག་པའི་ངོ་བོ་མཉམ་དགོས་པས་འཁོར་འདས་ མཉམ་པ་ཉིད་དུ་གཏན་ལ་དབབ་སྟེ། རིག་པའི་ངོས་ནས་ཐམས་ཅད་རྩལ་རོལ་པ་སོགས་ཡིན་པར་ཐག་ཆོད་པ་ནི་ལ་བཟླ་བ་སྟེ། དེ་དག་གི་ལྟ་བ་གཏན་ལ་དབབ་པ་སོང་། སྒོམ་པ་འདིའི་བར་ཡང་རེས་འགའ་གསུངས། སྤྱོད་པ་ལ།ཐབས་ལམ་བཏུལ་ ཞུགས་ཀྱི་སྤྱོད་པ་དང...
202604:PalriParkhang:IE21825_MA:VE2121_MA:v2:21210586.TIF
MW21825
manuscript
ume
danyig_pedri
བླང་བ་མོས་པ་ལམ་བྱེད་ཀྱི་འཇུག་པ་དང་། སྒྲོན་མ་རྣམ་བཞིའི་གསང་ལམ་ལ་བརྟེན་ནས་ཡེ་ཤེས་ཀྱི་རྩ་བཞིའི་དལ་དབུས་ནས་ལྷུན་གྲུབ་རིན་པོ་ཆེ་མངོན་སུམ་དུ་མཐོང་བ་འབྲས་བུ་ལམ་བྱེད་ཀྱི་ འཇུག་ཚུལ་ལོ། ཐིམ་ཚུལ་ནི། འོད་འོད་ལ་ཐིམ་པས་ཕྱི་གསལ་དུ་མེད་ལ། དཔེར་ན་ཤེལ་འོད་ནང་དུ་ཐིམ་པ་ལྟ་བུའོ། སྐུ་སྐུ་ལ་ཐིམ་པས་མཁྱེན་ཆ་ནང་ གསལ་དུ་ཡོད་པ་བུམ་ནང་གི་མར་མེ་ལྟ་...
202604:PalriParkhang:IE21888_MA:VE1984_MA:v2:19840440.tif
MW21888
manuscript
ume
danyig_pedri
དུ་རྒྱལ་སྲས་སྤྱོད་ཞུགས་ལ། །ཕ་རོལ་གཞན་གྱི་འཚེ་ཞིང་ལོག་བསྒྲུབ་སོགས། །ཀུན་ཡང་བྱང་ཆུབ་སེམས་ཀྱི་གསལ་འདེབས་སུ། ། གྱུར་ནས་གནོད་ལན་ཕན་བདེས་འཇལ་བར་ཤོག ། སྐྱེས་བུ་འབྲིང་ལམ་ཆོག་པར་མི་འཛིན་པར། །ཟབ་མྱུར་བདེ་བས་ཡིད་ སྐྱོབས་རྡོ་རྗེའི་ཐེག །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་བླ་མ་དང་། །ལྷན་ཅིག་བརྙེད་ནས་གུས་པས་ བསྟེན་པར་ཤོག །བུམ་དབང་ཟབ་མོས་སྣོད...
202604:PalriParkhang:IE21019_MA:VE2490_MA:v2:24900096.tif
MW21019
manuscript
ume
multi-script
ཇི་བཞིན་དུ། །རེ་བར་མ་བྱེད་རང་རང་ལས་འབྲས་སྤྱོད། །འོན་ཀྱང་འདི་ཡིས་དགེ་ཚོགས་ཇི་སྙེད་ཀྱི། །འདམ་དུ་འབྱིང་བའི་འགྲོ་རྣམས་ མྱུར་ཐར་ནས། །བྱང་ཆུབ་གོ་འཕང་མཆོག་ལ་རེག་གྱུར་ཅིག།ཅེས་པ་འདི་རང་གཞན་གྱི་སྐྱོན་མཚང་ངོས་འཛིན་ལ་བསམ་ནས། སྨིན་གྲོལ་བསྐྱེད་རྫོགས་གླིང་གི་ཡང་ཐོག་ ཆོས་དབྱིངས་རྩེར་རང་ལོ་ཉེར་གསུམ་པའི་སྐབས་ཤིག་ཏུ་ཡི་གེར་བཀོད་པ་འདི་ཡིས...
202604:PalriParkhang:IE21019_MA:VE2488_MA:v2:24880052.tif
MW21019
manuscript
ume
multi-script
བཞུགས། །ཨེ་མ་གསོན་དང་སྐལ་ལྡན་དད་བརྩོན་ཅན། །སྙིང་ནས་དམ་པའི་ལྷ་ཆོས་བརྩོན་པ་ལ། །འཁོར་བར་ངེས་འབྱུང་འགྲོ་ལ་བྱང་སེམས་བསྒོམ། ། སྡོམ་དང་དམ་ཚིག་དཔྲལ་བའི་མིག་ལྟར་སྲུངས། །ལུས་ངག་དལ་བར་མ་སྡོད་དགེ་ལ་འབུངས། །སྟོང་ཉིད་ལྟ་བ་བླ་མའི་མན་ངག་བཞིན། །འཁོར་འདས་སྟོང་ཉིད་ཆེན་པོའི་ངང་རྟོགས་ ནས། །རང་རིག་འགྱུར་བ་མེད་པའི་གདིང་ཐོབ་ན། །དེ་ལ་འཁོར་འདས་...
202604:PalriParkhang:IE21888_MA:VE1986_MA:v2:19860151.tif
MW21888
manuscript
ume
danyig_pedri
མེ་ཏོག སྤོས། མར་མེ། ཞལ་ཟས་སོགས་ཅི་འབྱོར་བཤམས་ནས་དེ་དག་ལས་བརྒྱ་སྟོང་ཁྲི་འབུམ་མང་པོ་འཕྲོས། དེ་རེ་རེ་ལའང་གྲངས་མེད་པ་མང་པོ་སྤྲོས་པའི་ཀུན་བཟང་མཆོད་སྤྲིན་ཡིད་ལ་བྱེད་པ་དང་། སངས་རྒྱས་སྐུ་གསུམ་གྱི་ཞིང་གི་འབྱོར་པ་བློས་བླངས་ཏེ་མགོན་པོ་འོད་དཔག་མེད་ལ་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་ཕྱིར་འབུལ་སྙམ་པས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་...
202604:PalriParkhang:IE21825_MA:VE2120_MA:v2:21200394.TIF
MW21825
manuscript
ume
danyig_pedri
རང་བྱུང་གིས་ཡེ་ཤེས་ཀྱིས་ངང་དུ་ཤར་བ་ལས་འགྲོ་དྲུག་གིས་འཁྲུལ་སྣང་དང་། མུ་སྟེགས་ཀྱིས་ལོག་ཤེས་དང་། ཐེག་པའི་ཕྱོགས་འཛིན་ གྱིས་སེལ་མེད་པས་བདག་ཉིད་ཆེན་པོའི་དགོངས་པ་ཡིན་ཏེ། ཀློང་ཆེན་ལས། འགྲོ་དྲུག་རྒྱུད་ལྔའི་སེམས་ཅན་ལ། །ཆོས་ཉིད་སྤྱི་ཁྱབ་ ཡིན་པས་ན། །ཡུལ་མེད་རིག་པ་ཡེ་ནས་མེད། །ཅེས་པ་དང་། ༈ ཨ་ཏི་ཡོ་གའི་ལྟ་བ་ནི། །ཆོས་ཉིད་རྒྱ་ཆད་མེད་པ་...
202604:PalriParkhang:IE23926_MA:VE3567_MA:v2:35670228.tif
MW23926
manuscript
uchen
null
མ་འདུས་པ་འགའ་ཡང་མེད་ལ། གནས་སྐབས་སུ་མཚན་དང་རྣམ་འགྱུར་མི་འདྲ་བ་སྣ་ཚོགས་བསྟན་པ་ནི་གསལ་མདངས་འགག་ མེད་རོལ་པའི་ཆོ་འཕྲུལ་གང་འདུལ་གྱི་ཕྲིན་ལས་ཡིན་པ་མ་གཏོགས་ངོ་བོ་ཐ་དད་མེད་པ་ཉིད་དེ།ཚུལ་འདི་ལྟར་དུ་རྟོགས་ཤིང་རིག་པ་ནི་ ཡི་དམ་གྱི་ལྷ་མུས་པའི་དབང་དང་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པ་ཡིན་ལ། ལྷ་དང་རང་ཉིད་ཐ་མི་དད་པ་གསལ་སྟོང་ཟུང་ངག་ཁྱབ་གདབ་ ...
202604:PalriParkhang:IE21019_MA:VE2492_MA:v2:24920226.tif
MW21019
manuscript
ume
danyig_pedri